སྨོན་ཚིག

上传中,请稍候…

ལས་ཀྱི་ལྷག་མ་ལུས་འདི་ཞིག་ཀྱང་རུང་།།

རྣམ་རྟོག་བྲན་བཀོལ་སེམས་འདི་སྨྱོས་ཀྱང་ཆོག།

ས་ལམ་རྫོགས་པའི་རྣམ་མཁྱེན་མ་ཐོབ་པར།།

སྦྱང་བའི་ལས་འདི་མི་དོར་དམ་བཅའ་འཇོག།

རང་སེམས་འདུལ་བའི་ལྕགས་ཀྱུ་ཆོས་ཀྱི་གཞུང་།།

རང་གཅེས་འཛིན་པའི་གནམ་ལྕགས་དབུ་མའི་ལམ།།

རང་ཉིད་ཐར་ལམ་འདོད་ཚེ་ངེས་པར་དགོས་ཆེ་བས།།

རང་གཅེས་དོར་ཏེ་བརྩོན་པས་རྒྱུད་ལ་སྦྱོར།།

ས་ལམ་རྣམ་གཞག་ཞིབ་ཀྱང་ཕྲ་ཆེ་བ།།

ས་སོབ་མེད་པར་རྒྱུད་ལ་ངེས་དགོས་པས།།

ས་གསུམ་སྒྲོན་མེ་བླ་མ་ས་སྐྱ་པས།།

ས་མཐའ་འགྲིམ་པའི་བུ་ང་སྐྱོང་མཛོད་ཅིག །

               ___________________ངག་བློ་རྒྱལ།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容