ཨ་ཁུ་མུན་པ།

                                  མུན་པ།

མུན་པ་ལགས ས་ལྒིང་འདིར

འུག་པ་ལས་ཁྱེད་ལ་དགའ་མཁན་མེད་ཁུ

ཁོ་ཚོ་སྣང་བ་ལས་མུན་པ་ལ་མ་གོམས་པ་འདྲ

ཡང་ན་ཁྱོད་ཀྱིས་སྣང་བ་དག་བཅོམ་སོང་བས་ཡིན་ན་ཐང

ཡིན་ཡང  ང་ཁྱེད་ལ་ཤིན་དུ་དུངས

རྒྱུ་མཚན་ཁྱེད་ཀྱི་སྒྲིབ་ཡོལ་འོག་ཅི་ཡང་མི་མཐོང་ལ

ཁུ་སིམ་མེར་དབེན་པའི་རི་ཁྲོད་ཅིག་ཏུ

རང་ཉིད་གཅིག་པུ་ལས་མེད་པའི་སྣང་བ་གཏེར

འདོད་ཆགས་དང་ཞེ་སྡང་མི་དགོས་ལ

ལྷག་ཏུ་མྱི་ཁ་ཟེར་བ་ཞིག་ལ་མནོ་བསམ་གཏོང་མི་དགོས

མུན་པ  ཁྱེད་ནི་མཛེས་སྡུག་ལྡན་པའི་ལེའུ་དེའོ

                                                   

                                                  ཆོས—མྱིང་མེད་ནས།

མུན་རུམ་དུ་ལྷུང་བའི་ཕྱེ་ལེབ།
最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容