མཚན་མོ་འདིར།
2017,7,24 ཉིན་གྱི་མཚན་མོར།
འཁོན་ཁྲི་གཤོག
མཚནམོ་འདིར
ང་སྔར་བཞིན་ཁེར་རྐྱང་དུ་འགྲེངས་ཡོད
སྦྲ་ནག་གི་ཁ་འཚུབ་བར་ནས
ཁྱོད་ཀྱི་མི་མདངས་ལྟ་བུའི་སྐར་མ་དེ་ལ་རེ་བལྟོས་བྱས་ཡོད
འོན་ཀྱང་
མི་འདོད་ཀྱི་སྤྲིན་ནག་ཐར་ཐོར་དེས
དབྱར་གཞུང་གི་མཚན་མོ་བསྒྲིབས་སོང
ཡོད་ཚད་ཁུ་སིམ་མེར་འདུག
ཕར་རིའི་ལྷང་འཇགས་ཀྱི་རི་ཚོགས་ཡང
སྒེས་ཁུང་གི་ཕྱི་རོལ་ནས་རྒྱང་རིང་རྒྱང་རིང་དུ་བྱེར
ཡོད་ཚད་ང་དང་རྒྱང་དུ་གྱེས་སོང
ཁེར་རྐྱང་གི་ངས
མུན་ནག་གི་ཁ་དོག་འོད་སྣང་དུ་བསྒོམས་བཞིན
དྲན་ཤིང་གི་ན་ཟུག་སེམས་སུ་འཇགས་ཡོད
ཡོད་ཚད་ཁུ་སིམ་མེར་འདུག
ཨ་ཨ མཚན་མོ་ཡ།
སྨག་ནག་གི་མཚན་མོ
ཁེར་རྐྱང་གི་མཚན་མོ།