ཁམས་སྟོད་རི་ཡི་གཙུག་ཕུད།
ཤར་སྒང་ནུབ་སྒང་བར་ལ།
འཛོམས་གསུམ་སྐྱིད་ཀྱི་ཡངས་ཐིག།
རྔོད་ལྗོངས་ཡུལ་གྱི་ཕྱུག་མོ།
རི་བོ་ལྷ་ཚོགས་བཞེངས་འདྲ།
སྤངས་ལྗོངས་གཡུ་ཡི་གཞོངས་པ།
ཆུ་བོ་མར་རྒྱུན་འཐེན་འདྲ།
རྔོད་ལྗོངས་ཡུལ་གྱི་ཕྱུག་མོ།
སྐྱིད་ཐང་སུར་ཐང་ལྗང་ཐང།
ཐང་གསུམ་གཡུ་ཡི་མཎ་ཌལ།
སྔོ་མོ་འབྲུ་ཡི་ཕ་ས།
རྔོད་ལྗོངས་ཡུལ་གྱི་ཕྱུག་མོ།
སྒང་ལྷ་སྐྱིད་ལྷལྗང་ལྷ།
བུ་གསུམ་དགྲ་ལ་ཆས་འདྲ།
ཡུལ་ལྗོངས་སྤྱི་ཡི་མགོན་ལྷ།
རྔོད་ལྗོངས་ཡུལ་གྱི་ཕྱུག་མོ།