2018-09-05

图片发自简书App

པད་མ་ཚེ་བརྟན་གྱི་གློག་བརྙན<<རྩ་ཐང་>>ཞེས་པར་ཨ་མ་མཚོ་མོའི་གཡག་རྒན་ཚེ་ཐར་དེ་རྐུ་ལ་ཤོར་བ་དང་རྐུན་མ་འཚོལ་བའི་བརྒྱུད་རིམ་ཁྲོད་བོད་མི་རིགས་ཀྱི་རིན་ཐང་གི་ལྟ་བ་སྣ་ཚོགས་ཕྱིར་མངོན་པར་བྱས་པའི་གཏམ་རྒྱུད་ཅིག་གྲུབ་ཡོད།

དེ་ཡང་གཏམ་རྒྱུད་ཀྱི་ཞིབ་ཕྲའི་ནང་དོན་ནི་འདི་ལྟ་སྟེ། ཨ་མ་མཚོ་མོའི་བུ་སྡེ་དཔོན་ཚེ་འགྲིག་གིས་གཡག་རྒན་རྐུ་མཁན་ནི་དེ་སྔོན་ཁོང་ཚང་གི་ལུག་རྐུ་མཁན་གྱི་གསར་བུ་དེ་གསུམ་ཡིན་པར་རློམ་ནས་ཨ་མ་མཚོ་མོ་རྟ་ལ་བསྐྱོན་ཏེ་སྡེ་བ་གཞན་དེར་གསར་བུ་དེ་གསུམ་འཚོལ་དུ་ཕྱིན། ཐོག་མར་སྡེ་བའི་སྡེ་དཔོན་དང་འཕྲད་པ་དང་སྡེ་དཔོན་གྱིས་གསར་བུ་དེ་གསུམ་བོས་ཏེ་གཡག་མ་བརྐུས་པའི་མནའ་སྐྱེལ་དུ་བཅུག སྡེ་དཔོན་གྱི་ཆུང་མས་རང་གི་བུ་ཆུང་བའང་དེར་འཁྲིད་ཡོང་སྟེ་མནའ་སྐྱེལ་དུ་བཅུག དེ་འདྲའི་གོ་རིམ་ཁྲོད་ཨ་མ་མཚོ་མོས་ཚེ་འགྲིག་ལ་ཞུ་བ་ཡང་ཡང་བྱས་ཏེ་ཁོ་མོར་གཡག་མི་དགོས་པ་དང་། རྐུན་མ་འཚོལ་བར་མི་འགྲོ་བར་ཕྱིར་ཡུལ་དུ་ལོག་པར་ལབ་ཡང་ཚེ་འགྲིག་གིས་ཁར་མ་ཉན། ཁོ་མོའི་བསམ་པར་རྐུ་མ་བཟུང་ཐུབ་པ་བྱུང་ཚེ་བཙོན་དུ་འདུག་དགོས་པར་སྙམ་སྟེ། རྐུན་མར་སྙིང་རྗེ་སྐྱེས། གསར་བུ་དེ་གསུམ་གྱིས་ཁས་ལེན་མ་བྱས་པས་ཨ་མ་མཚོ་མོ་དང་ཚེ་འགྲིག་གཉིས་ཕྱིར་རང་ཡུལ་དུ་མི་ལོག་ག་མེད་བྱུང་།

ཁོང་ཚོ་སོང་རྗེས་སྡེ་དཔོན་ཚང་གི་བུ་ཆེ་བས་ཕ་མ་གཉིས་ཀྱི་མདུན་ནས་ཨ་མ་མཚོ་མའི་གཡག་རྒན་རྐུ་མཁན་ནི་རང་ཉིད་ཡིན་པ་ཁས་ལེན་བྱས་པ་དང་། སྡེ་དཔོན་དང་ཁོང་གི་བུ་ཆེ་བ་གཉིས་དེ་མ་ཐག་ཚེ་འགྲིག་ཚང་དུ་རྐུན་མ་ངེས་ལེན་བྱེད་པར་ཕྱིན་པ་རེད།

གཏམ་རྒྱུད་འདིའི་གོ་རིམ་ཁྲོད་མཐོང་ཐུབ་པ་ཞིག་ནི་འཁྲབ་གཞུང་འབྲི་མཁན་གྱིས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རང་བཞིན་དང་གཤིས་ཀ། བྱ་བ་སྒྲུབ་སྟངས་སོགས་ལ་བཅངས་པའི་གདེངས་འཇོག་སྟེ། དཔེར་ན་གཡག་འཚོལ་བའི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཨ་མ་མཚོ་མོས་གཡག་རྒན་ལས་རྐུན་མར་སེམས་ཁུར་བྱེད་པ་དང་། གཏམ་རྒྱུད་ཀྱི་མཇུག་ཏུ་སྡེ་དཔོན་ཚེ་འགྲིག་གིས་གཡག་རྒན་རྐུ་མཁན་རང་གི་བུ་ཡིན་པ་ཤེས་དུས། དེ་མ་ཉིད་དུ་བུ་འཁྲིད་དེ་ཚེ་འགྲིག་ཚང་ལ་རྐུན་མ་ངེས་ལེན་བྱེད་པར་སོང་བ་སོགས་ལས་ཤེས་ཐུབ། དེར་མ་ཟད་གཏམ་རྒྱུད་དུ་བོད་མི་རིགས་ཀྱི་མིའི་གཤིས་ཀྱི་འགྱུར་ལྡོག་ཅིག་མངོན་ཡོད་དེ། ཚེ་འགྲིག་དང་ཨ་མ་མཚོ་མོ་གཉིས་ལམ་བར་ནས་ཐུག་པའི་རྒད་པོ་དེ་དང་སྡེ་དཔོན་གྱི་ཆུང་མས་ཤུགས་རིང་དབྱུང་བཞིན་དེང་སང་གཡག་རྒན་ཚེ་ཐར་ཞིག་རྐུ་མཁན་ཡང་འདུག ད་ནི་དུས་ལ་འགྱུར་བ་བྱུང་འདུག་ཅེས་བཤད་པའི་སྐད་ཆ་དང་། ལྟོས་བཅས་ཀྱིས་ལོ་ན་ཆུང་བའི་ཚེ་འགྲིག་གིས་ངེས་པར་གཡག་རྒན་རྐུ་མཁན་རྙེད་བཟུང་བའི་ཆོད་སེམས་བཅངས་ཡོད་པ་དང་ཨ་མ་མཚོ་མོ་དེ་ལས་ལྡོག་སྟེ་གཡག་རྒན་རྐུ་ལ་ཤོར་བའི་དོན་དེ་བློས་བཏང་སྟེ་རྐུན་མར་སེམས་ཁུར་བྱེད་པའི་བར་གྱི་འགལ་བ་དེ་ལྟ་བུའོ།།

©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 3,207评论 0 1
  • 鸡汤是大补的东西,可以养元气,长身体。曾经心灵鸡汤作为大补药充斥着大部分人的朋友圈,即使到了现在,很多人嚷嚷着要拒...
    不辣的妈阅读 4,208评论 0 0
  • 晚安。
    芝士鱼阅读 2,890评论 5 5
  • 01 城里人说:山村尽是好东西,连空气的养分都要比城里的空气浓了几倍。 山村好的东西是多,连死人的住所都山清水秀。...
    张传功阅读 4,868评论 9 38
  • ❀突然出现的七号花店❀ 花枝中学坐落在十三号街道的尽头。 这是整个市区最美的地方。接近两公里的公路两旁...
    木先森在这里阅读 2,720评论 0 1

友情链接更多精彩内容