ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་ལས་འཕྲོས་པའི་གཏམ།

图片发自简书App

ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་    .    ལས་འཕྲོས་པའི་གཏམ།

                                    རྒྱལ་བདེན་འཚོལ།

སྤྱི་ཚོགས་ཀྱི་ཡོ་ལང་ལྡོག་ཏུ་བཞུར་བའི་དུས་སྐབས་འདིར་སེང་རྡོར་ནི་གཞོན་སྐྱེས་མང་བོ་ཞིག་གི་དགའ་དད་མོས་གསུམ་བྱེད་སའིི་མི་བུ་ཞིག་ཏུ་གྱུར་ཡོད་ཅིང་།    བསམ་བློའི་ཕུགས་རྒྱང་མེད་པའི་གྲྭ་བ་དང་སློབ་མ་མི་ཉུང་བ་ཞིག་ཀྱང་ཁོའི་རྗེས་སུ་མ་རྒྱབ་བུ་འགྲོའི་ཚུལ་དུ་ཀུ་ཅོ་འདོན་བཞིན་འདུག    གནས་ལུགས་དང་དྲང་བདེན།    རང་དབང་དང་དམངས་གཙོ་སོགས་ལ་གོ་ལོག་ཁུར་སོང་བས་ཡིན་ནམ།  མང་བོ་ཞིག་གིས་གནས་ལུགས་མ་ཡིན་པ་ཏག་ཏག་གནས་ལུགས་ཡིན་ཞེས་ང་རྒྱལ་གྱིས་སྒྲོག་པ་ལྟ་བུ་དང་།  ཡང་རང་དབང་དང་དམངས་གཙོ་ཁར་འཁྱེར་ནས་སློབ་གྲྭ་དང་དགོན་པ་སོགས་སྤྱི་ཚོགས་དེ་དང་དེ་གའི་གཞི་རྩའི་སྒྲིག་གཞི་སོགས་འགོ་རྟིང་བསློགས་པའི་གནས་ཚུལ་ཡང་རབ་དང་རིམ་པ་འབྱུང་གིན་འདུག    དེའི་རྒྱུ་མཚན་གྱིས་ངས་དེའི་སྐོར་ལ་སྐད་ཆའི་ཚབ་མཚོན་ཡི་གེ་ཁ་ཤས་བྲི་ན་འདོད་སོང་།

སྤྱིར་སེང་རྡོར་ནི་བོད་ཀྱི་རྩོམ་རིགས་སྒྱུ་རྩལ་གྱི་ཕྱོགས་ནས་ཅུང་ཚད་མཐོ་བའི་གྲས་སུ་འགྲོ་བཞིན་པ་འདྲ།  དེ་ཡང་ཁོའི་《རྟུལ་ཕོད》དང་ལྷག་པར་དུ་དེའི་ནང་གི་(ཤོབ་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང)་ཞེས་པའི་རྩོམ་དེས་སྤྱི་ཚོགས་མི་འདྲ་བ་མང་བོ་ཞིག་ལ་སྒུལ་ཤུགས་ཡང་མི་དམན་པ་ཐོན་ཡོད་ཚོད་གདའ།ཡིན་ཡང་ཁོའི་ནང་བསྟན་ཆོས་ལུགས་ལ་དགག་པའི་ཚུལ་དུ་བྲིས་པའི་རྩོམ་དག་ནི་བསྙོན་འདོགས་དང་ལོང་སྙོབ་བྱས་པ་ཤ་སྟག་སྟེ། 

  ཁོས་“འཇམ་དབྱངས་སྤོ་བོས་སྦྲིད་སྨན་འཐུང་བའི་རྟགས”ཞེས་པ་ལྟ་བུ་དག་གི་སྒྲུབ་བྱེད་དུ་བཀོད་པ་དག་ནི་ཅི་འདྲའི་ཞིབ་པར་བལྟས་ཀྱང་རྒྱུ་མཚན་ཟུར་ཙམ་ཡང་སོང་མེད་ཀྱང་།  དེ་འདྲའི་ལ་བཤད་ལུང་བཤད་མང་བོ་ཞིག་བྱས་ནས་ཁོས་ནང་ཆོས་ལ་ཧ་ཅང་དགག་ཡོད་མདོག་དང་ལྷག་པར་དུ་ཁོའི་རྗེས་ནས་ཀུ་ཅོ་འདོན་མཁན་དག་གིས་ཁ་ནས་མ་ཎྀ་བགྲང་བགྲང་།  སེམས་ནས་བདག་མེད་སྒོམ་སྒོམ་བྱེད་ཀྱིན་འདུག    ཚུལ་འདིར་བལྟས་ན་སེང་རྡོར་ལགས་ཀྱིས་ནི་ནང་ཆོས་ལ་གོ་བ་ལོན་པ་ཕར་ཞོག་གོ་མྱོང་ཐོས་མྱོང་ཙམ་ཡང་ཧ་ལམ་མེད་པ་འདྲ།    ནང་ཆོས་ནི་མཛོད་ལས“སྟོན་པའི་དམ་པའི་དམ་ཆོས་རྣམ་གཉིས་ཏེ།། ལུང་དང་རྟོགས་པའི་བདག་ཉིད་དོ།།  ཞེས་གསུངས་པ་བཞིན་ལུང་རྟོགས་ཀྱི་བདག་ཉིད་ཅིག་དང་།    ལྟ་སྤྱོད་ཀྱི་ཆ་ནས་ལྟ་བ་རྟེན་འབྱུང་།  སྤྱོད་པ་འཚེ་མེད་ཀྱི་རང་བཞིན་ཅན་ཞིག་ཡིན་ལ།  མདོར་དྲིལ་ན་མདོ་ལས་“འདུས་བྱས་ཐམས་ཅད་མི་རྟག་པ།།  ཟག་བཅས་ཐམས་ཅད་སྡུག་བསྔལ་བ།།  ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ།།  མྱ་ངན་ལས་འདས་པ་ཞི་བའོ”ཞེས་རྩ་བའི་གྲུབ་ཆ་བཞིའི་སྒོ་ནས་བསྟན་པ་ཞིག་ཡིན་པས་ནང་ཆོས་ལ་དགག་འདོད་ཚེ་ཆེས་མ་མཐའ་ཡང་དེའི་གང་རུང་ཞིག་དགག་ཐུབ་དགོས། “འཇམ་དབྱངས་སྤོ་བོ་དང་དབྱངས་ཅན་རྨོ་མོ”ཞེས་པའི་མིང་བཏགས་སྒྲོ་འདོགས་ཤིག་གིས་ནང་ཆོས་ལ་དགག་ཐུབ་པ་ཕ་རིའི་ལ་དང་ཚུ་རིའི་ཐུར།  ད་དུང་དེའི་ལྡོག་ཕྱོགས་ནས་ཁོ་རང་གི་ཤེས་ཚད་ལའང་རྟགས་ཡ་མཚན་པ་ཞིག་བརྒྱབས་འདུག 

“ཡི་གེ་མ་བྱུང་སྔོན་གྱི་ཞིབ་དོན་ལ།།  ཆད་ལྷག་ཅུང་ཙམ་མེད་པ་དེ་ཡང་མཚར།།”  ཞེས་སོགས་སྨྲས་པ་དེར་བལྟས་ན་ཁོང་གིས་ནང་ཆོས་ཟེར་བ་དེ་གང་ནས་དར་བའང་ཕལ་ཆེར་ཤེས་རྟོགས་མེད་པ་འདྲ།    ནང་ཆོས་ནི་ཐོག་མར་རྒྱ་གར་ནས་དར་ལ་དེ་ཡང་སྐད་རིགས་ཆེན་པོ་བཞིའི་ཐོག་ན་ཡོད་ཅིང་གཙོ་བོ་ལེགས་སྦྱར་ལྷ་ཡི་སྐད་ཀྱི་སྟེང་ནས་དར་ཁྱབ་ཆེ།    ཕྱིས་སུ་རིམ་གྱིས་བོད་དུ་དར་བ་ཞིག་ཡིན་པས།  བོད་ལ་ནང་ཆོས་མ་དར་སྔོན་དུ་ཡི་གེ་མེད་པ་བདེན་ཡང་རྒྱ་གར་ལ་ཡི་གེ་མེད་པ་ལར་ནས་མ་ཡིན་ཞིང་།  ལེགས་སྦྱར་ཡི་གེར་ཡོད་པ་དག་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་ཏེ།  དཔེར་ན་བཀའ་འགྱུར་དང་བསྟན་འགྱུར་ཞེས་པའི་སྐབས་༼འགྱུར་༽ཞེས་པའི་ཡི་གེ་འདི་བེད་སྤྱོད་བཏང་བའི་རྒྱུ་མཚན་ཡང་དེ་ཡིན་པ་སེང་རྡོར་ལགས་དང་ཁོའི་རྗེས་འཇུག་པ་དག་གིས་ཧ་ལམ་ཤེས་ཡོད་རྒྱུ་རེད།    བོད་ལ་ཡི་གེ་མེད་པའི་སྔ་རོལ་ཏུ་རྒྱ་གར་ཡི་གེར་ཡོད་པ་དག་ཕྱིས་སུ་བོད་འགྱུར་ཚང་མ་ཤོབ་ཡིན་དགོས་ན།  དཔེ་མཚོན་སླ་བོ་ཞིག་བཞག་ན་སྙན་ངག་མེ་ལོང་མ་སོགས་ཐུན་མོང་རིག་གནས་སྐོར་ཀྱི་བོད་འགྱུར་ཚང་མ་ཡང་ཤོབ་ཀྱི་མེ་ལོང་ཞིག་ཏུ་འགྱུར་བར་ཐལ་སྙམ།

    སེང་རྡོར་ཁོང་གིས་ཁུངས་གཏུགས་ས་དང་ཚད་མར་འཛིན་ཡོད་པ་དེ་ནི་ཉེ་རབས་བོད་ཀྱི་མཁས་དབང་དུང་དཀར་ཚང་གི་དུང་དཀར་ཚིག་མཛོད་ཆེན་མོ་ཡིན་ལ།  ལྷག་པར་དུ་ཁོས་བཀའ་བསྡུ་དང་བོའི་སྐབས་ཀྱི་ཚིག་སྐོར་ཅིག་སེམས་འཛིན་གྱི་ཚིག་དང་རུམ་འཛིན་གྱི་གྲོ་ལྟ་བུར་གྱུར་ཡོད།  དེ་ལས་ཀྱང“ཀུན་དགའ་བོ་དགེ་འདུན་གྱི་གནས་དབྱུང་མཛད་པར་བརྟེན”ཞེས་པའི་ཚིག་འདི་ཨུ་ཚུགས་ཀྱིས་བརྗོད་ཀྱིན་པ་མང་དུ་ཐོས།  ཡིན་ཡང་འདི་ནི་ཁོས་ཚིག་གོང་འོག་སྒྲིག་མ་ནུས་པའི་སྐྱོན་ཉག་གཅིག་སྟེ།  ཚིག་དེའི་གོང་དུ“སངས་རྒྱས་མྱ་ངན་ལས་འདས་སྐབས་རྒྱུན་ཞུགས་ལ་གནས་པ་ལས།  དགྲ་བཅོམ་པའི་གོ་འཕང་ཐོབ་མེད་པར་བརྟེན་ཉན་ཐོས་འོད་སྲུང་ཆེན་པོས”ཞེས་སོགས་གོང་འོག་བསྒྲིགས་ན་ཁོས་བེད་སྤྱོད་གཏོང་བཞིན་པའི་༼བདའ༽ཞེས་པ་འདི་ཙམ་གྱིས་བརྗོད་དོན་རྫོགས་སོང་བ་ཞིག་ལར་ནས་མ་རེད། 

ད་དུང་ཁོང་གིས་“ལོ་ངོ་བརྒྱ་ཕྲག་འགའ་ཡི་རྗེས་སུ་ནི།།  ཡིག་ངོར་ཕབ་པའི་སྲོལ་ཞིག་དར་མོད་ཀྱང་།།”  ཞེས་བཤད་པར་བལྟས་ན་ཁོ་རང་གིས་རང་གི་རྒྱབ་རྟེན་དུང་དཀར་ཚིག་མཛོད་ཀྱང་ཞིབ་པར་ཀློག་ཐུབ་མེད་པ་འདྲ་སྟེ།    དེ་ལས་“སངས་རྒྱས་མྱ་ངན་ལས་འདས་པའི་ཕྱི་ལོ་སྟེ་ཕུག་ལུགས་ལྟར་ན་ལྕགས་སྦྲུལ་(སྤྱི་ལོ་གོང་གི་༨༨༡)ལོ”་ཞེས་སྟོན་པ་མྱ་ངན་ལས་འདས་པའི་ཕྱི་ལོར་བཀའ་བསྡུ་དང་བོ་མཛད་པར་གསུངས།    བཀའ་བསྡུ་མཛད་སྐབས་ཀྱང་དཔང་བོར་བཞུགས་པའི་དགྲ་བཅོམ་པ་ལྔ་བརྒྱས་ཚིག་དང་དོན་ལ་ཆད་ལྷག་དང་ནོར་འཁྲུལ་མེད་པ་ཞལ་གྱིས་བཞེས་ཤིང་བསྔགས་བརྗོད་ཀྱང་མཛད་པར་གསུངས་པས།    ཤོབ་ཀྱིས་ཕུང་བོ་ཞིག་གང་ནས་གྲུབ་སྟེ་མ་གྲུབ་བོ།།

  ཡང་ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན་ལོ་གཅིག་གཉིས་ཤིག་གི་མཚམས་སུ་དགྲ་བཅོམ་པ་ལྔ་བརྒྱས་དཔང་བོ་བྱས་ནས་ཡི་གེར་ཕབ་པ་དག་ཤོབ་ཅིག་ཡིན་ན།  ལོ་ངོ་ཉིས་སྟོང་ལྷག་འདས་རྗེས་སུ་གསུངས་པའི་སོར་སྐྱེས་དེ་དག་གི་གསུངས་དག་གཅིག་མ་ནོར་གཉིས་མ་འཕྱུགས་པར་ཚད་མར་འཛིན་ཐུབ་པ་དེ་ལ་ནི་མིག་གཅིག་ལོང་སོང་བའི་སྣང་ཚུལ་ཞིག་ངང་གིས་སྐྱེས་ཡོང་བ་ཞིག་རེད།

ཡང་ཁོང་གིས་ཉན་ཐོས་སྡེ་པ་བཅོ་བརྒྱད་དུ་གྱེས་པ་དེ་དམག་འཁྲུག་ཚིག་རྩོད་གཅིག་པུས་ཐག་གཅོད་བྱས་པ་ཞིག་ཏུ་ངོ་འཛིན་གྱིན་ཡོད་པ་དང་།  དྲང་ངེས་ཀྱི་ཁྱད་པར་ཡོད་པ་དག་ཀྱང་སྐྱག་འགོ་ས་གཡོག་གི་ལས་ཤིག་ཏུ་ངོས་འཛིན་གྱིན་པ་འདྲ།  དེ་ནི་རྣམ་དཔྱོད་དང་བསམ་གཞིག་གིས་འཚོལ་སྒྲུབ་བྱས་ནས་གྲུབ་པ་ཞིག་ཡེ་ནས་མ་ཡིན་པར་ཅི་བཤད་མི་ལོན་པའི་སྐད་ཆ་ལྟ་བུ་ཞིག་ཏུ་གྱུར་འདུག    སྡེ་བ་བཅོ་བརྒྱད་དུ་ཡོད་པ་ནི་གཙོ་བོ་ལྟ་བའི་ཆ་ནས་བཞག་ཅིང་།  གཙོ་བོ་བྱེ་བྲག་བཤད་མཛོད་ཆེན་པོའི་རྗེས་སུ་འབྲང་ནས་རང་གི་རྩ་བའི་གྲུབ་མཐའ་ལ་རང་རིག་མེད་ཅིང་ཕྱི་དོན་བདེན་གྲུབ་ཡོད་པར་ཁས་ལེན་པར་མཚུངས་པ་ལ་ཡང་ནང་གསེས་ཀྱི་ལྟ་བ་མི་འདྲ་བ་གཙོ་བོ་བཞི།  དེ་ལས་གྱེས་པའི་བཅོ་བརྒྱད་དུ་ཕྱེ་བ་ཞིག་ཡིན།    དེ་ནི་གནས་ལུགས་དང་མི་མཐུན་པ་ཞིག་གང་ཡང་མ་ཡིན་ཏེ།  སྤྱོད་འཇུག་ལས་“སེམས་ཅན་མོས་པ་སྣ་ཚོགས་པས”  ཞེས་སོགས་གསུངས་པ་བཞིན་གང་ཟག་སོ་སོར་ལྟ་བ་སོ་སོ་ཡོད་ཆོག་པར་མ་ཚད་འོས་པ་ཞིག་རེད།  ཁ་དཔེར་ཡང་མི་སུམ་ཅུར་བསམ་པ་སུམ་ཅུ།  བསམ་ལུགས་མཐོང་སྣང་ཁ་ཁ་ཞེས་པ་ལྟར་རེད།

སྤྱིར་སངས་རྒྱས་ཀྱི་གསུང་ཐམས་ཅད་ཀྱང་གདུལ་བྱའི་ཁམས་དང་མོས་པར་བསྟུན་ནས་གསུངས་པ་ཤ་སྟག་ཏུ་གྲུབ་སྟེ།  དཔེར་ན་དོན་སྨྲ་གཉིས་ལ་ཆོས་ཐམས་ཅད་ཕྱི་དོན་བདེན་གྲུབ་ཏུ་གསུངས།  རྣམ་འབྱོར་སྤྱོད་པ་བར་ཕྱི་དོན་མེད་ཅིང་དངོས་པོ་བདེན་གྲུབ་ཏུ་གསུངས།  དབུ་མ་པར་ཆོས་ཐམས་ཅད་བདེན་མེད་དུ་གསུངས་པ་དག་ཀྱང་གཙོ་བོ་གདུལ་བྱ་དྲང་ཕྱིར་གསུངས་ཏེ།  ཉི་ཤུ་པ་ལས“གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི།།  དེས་འདུལ་བ་ཡི་སྐྱེ་བོ་ལ།།  དགོངས་པའི་དབང་གིས་གསུངས་པ་སྟེ།།  བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན།།    ཞེས་དང་།  བྱང་ཆུབ་སེམས་འགྲེལ་ལས“འདི་དག་ཐམས་ཅད་སེམས་ཙམ་ཞེས།། ཐུབ་པ་ཡིས་ནི་གང་གསུངས་པ།།  བྱིས་རྣམས་སྐྲག་པ་སྤང་དོན་དེ།། དེ་ནི་དེ་བཞིན་ཉིད་མ་ཡིན།།  ཞེས་སོགས་རྒྱ་གཞུང་རྣམས་ལས་མང་དུ་གསུངས་པ་ལྟར་རོ།།  དེར་མ་ཚད་ལེགས་བཤད་སྙིང་པོ་ལས“དེའི་ཕྱིར་གདུལ་བྱའི་བསམ་པའི་དབང་གིས་དེ་ལྟར་གསུངས་ཀྱི་སྟོན་པའི་བཞེད་པ་མིན་ཏེ།  ཞེས་དང་།  “དྲང་བའི་དོན་གྱི་མདོ་སྡེས་གདུལ་བྱ་ཁ་དྲང་བར་བྱ་བ་ཡང་ཡིན” ཞེས་སོགས་ཀྱིས་ལེགས་པར་གྲུབ།    དྲང་ངེས་ཀྱི་རྣམ་དབྱེ་ཕྱེ་བ་དེའང་སྟོན་པའི་རྗེས་འཇུག་པ་དག་གིས་མགོ་བཏུམས་ནས་འཕོང་ཕུད་པའི་བྱ་བ་ཞིག་མ་ཡིན་ཏེ།  དགོངས་པ་ངེས་པར་འགྲེལ་བའི་མདོ་ལས་ཀྱང་། “ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པ་དེ་ཐམས་ཅད་ངེས་པའི་དོན་མ་ཡིན་པར་འབྱུང་ལ”ཞེས་སོགས་མང་དུ་གསུངས་ཀྱང་དེ་ཙམ་གྱིས་ཆོག་པར་བྱས།   

ཁོང་གིས་བཤད་ཚུལ་གང་ལ་བལྟས་ཀྱང་ཆོས་ཕུང་གི་ཚད་འཇོག་ཅིག་རྙེད་མི་འདུག  ཆོས་ཕུང་དེ་ནི་མཛོད་ལས་“ཁ་ཅིག་བསྟན་བཅོས་ཚད་ཅེས་ཟེར།། ཕུང་པོ་ལ་སོགས་གཏམ་རེའང་ཡིན།།  སྤྱོད་པ་རྣམས་ཀྱི་གཉེན་པོར་ནི།། ཆོས་ཀྱི་ཕུང་པོ་མཐུན་པར་གསུངས།།ཞེས་གསུངས་པ་བཞིན་ཉོན་མོངས་ལ་སྤྱོད་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ་གང་ཡང་རུང་བ་རེ་སྟོན་པ་ཆོས་ཕུང་རེའི་ཚད་དུ་འཇོག་དགོས་པ་ཞིག་ཡིན།    ཆོས་ཕུང་ཞེས་པ་གང་འདྲ་ཞིག་ཡིན་ཧ་མ་གོ་གོང་ནས་ཤོབ་རེད་ཅེས་བཤད་པ་ལས་ཐོག་མར་ཆོས་ཕུང་གི་ཚད་འཇོག་ཅིག་རྙེད་ཐབས་བྱས་ན་ལེགས་པར་འཁུམས།    ད་དུང་དགག་པ་ཕོག་མཁན་མི་འདུག་ཅེས་ཉེ་ཆར་ཁོང་གི་རྩོམ་སར་གཅིག་དང་ཤགས་ནག་དྲུག་ཅེས་པར་བཤད་ཀྱིན་འདུག    དོན་ངོ་མར་དགག་པ་མི་ཕོག་པ་མ་ཡིན་པར་དགག་པ་མ་བརྒྱབས་པ་རེད།  ཁོས་བྲིས་བྲིས་ཐམས་ཅད་ཀྱིས་ནང་ཆོས་ལ་དགག་པ་ཟུར་ཙམ་ཡང་ཕོག་མི་འདུག    དེའི་ཕྱིར་ནང་ཆོས་ཤེས་མཁན་ཚོས་ཟུར་ལྟ་ཙམ་ལས་དགག་དགོས་དོན་གང་ཡང་མེད།

དེ་འདྲའི་ཨ་ནེ་ལོང་བས་རྡོ་འཕེན་གྱི་དཔེ་ལྟ་བུ་མང་བོ་བཤད་པ་ལ་ཡ་ལགས་སོ་དང་ལུས་ཕྱག་རྒྱ་བྱེད་མཁན་གྱི་གཞོན་སྐྱེས་མང་བོ་ཞིག་ཡོད་པ་དེ་དག་ནི་དངོས་གནས་ཡིད་སྐྱོ་བའི་གནས་འབའ་ཞིག་རེད།  སྤྱིར་ང་ཚོའི་མི་རིགས་འདི་ཨ་གསར་ཧ་ཅང་ཆེ་བའི་མི་རིགས་ཤིག་ཡིན་པས་སྤྱི་ཚོགས་སྟེང་དུ་རྩོམ་རིགས་གསར་བ།  སྐད་ཆ་གསར་བ་རེ་ཐོན་དུས་རྒྱུ་མཚན་དང་གནས་ལུགས་ཀྱི་རྒྱབ་ལྗོངས་སོགས་ལ་ཁ་ཡ་མི་བྱེད་པར་ལད་ཟློས་བྱེད་རྐྱང་བྱེད་ཀྱིན་པ་འདི་ནི་ཅལ་འདྲོགས་ཤིག་རེད།  དེའི་ཕྱིར་སེང་རྡོར་དང་ཚ་བ་མདའ་སྨྱུག་སོགས་ཀྱི་རྗེས་འཇུག་པ་ཚོས་གནས་ལུགས་མཐོང་བས་མ་ཡིན་པར་ལད་ཟློས་བྱེད་རྒྱུར་དགའ་དྲགས་པས་སྐད་ཆ་འདྲ་མིན་བཤད་ཡོང་ཀིན་འདུག  “ཐང་གི་རྡོ་ལེན་སའི་རུམ་གྱི་གྲོ་ལྷུང་”ཞེས་པའི་དཔེ་ཞིག་ཀྱང་འདི་དག་གི་ཐོག་ཏུ་མ་བོས་མགྲོན་པོར་གྱུར་འདུག    དེའི་ཕྱིར་གནས་ལུགས་ལའང་གནས་ལུགས་ཀྱི་ཚད་ཡོད་པས་བཤད་ཚད་གནས་ལུགས་ག་ལ་ཡིན།

ངས་ཡིག་ཚོགས་འདི་སྤེལ་བའང་གཙོ་བོ་འདི་དག་གི་སྟོན་པ་(སེང་རྡོར་སོགས)རང་ཉིད་རྫུན་གྱི་ཕུང་བོར་གྱུར་འདུག་པ་རགས་ཙམ་བཤད་འདོད་པས་ཡིན།    སྤྱིར་མི་བུ་སུ་ཞིག་ཡིན་རུང་རང་ཉིད་ལ་ཐུན་མིན་གྱི་ལྟ་སྤྱོད་ཡོད་ལོས་ཆོག    ཡིན་ཡང་གནས་ལུགས་དང་མཐུན་པའི་ལྟ་བ་དང་མི་གཞི་དང་མཐུན་པའི་སྤྱོད་པ་ཞིག་མི་སུ་ལའང་དགོས་ངེས་རང་བཞིན་ཅན་དུ་གྲུབ་འདུག་པས་ངེས་པར་ཚང་དགོས་པར་སྙམ་མོ།།

                                              ༢༠༡༧/༨/༢༡

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 203,456评论 5 477
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 85,370评论 2 381
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 150,337评论 0 337
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 54,583评论 1 273
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 63,596评论 5 365
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 48,572评论 1 281
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 37,936评论 3 395
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 36,595评论 0 258
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 40,850评论 1 297
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 35,601评论 2 321
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 37,685评论 1 329
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 33,371评论 4 318
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 38,951评论 3 307
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 29,934评论 0 19
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 31,167评论 1 259
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 43,636评论 2 349
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 42,411评论 2 342

推荐阅读更多精彩内容