࿐སྐྱེས་སྐར་ལ་ཕུལ།

图片发自简书App

བྲལ་བའི་དུས་སུ་འཛོམ་པར་རེ་བ་སུ་དང་གང་ཡིན་གཅིག་མཚུངས་རེད།།

འཆི་བའི་རྗེས་སུ་འུར་བསྟོད་བྱེད་པ་བོད་པའི་ཐུན་མིན་ཁྱད་ཆོས་རེད།།

སྐྱེས་པའི་དུས་སུ་སྐྱེས་སྐར་རོལ་བ་བོད་པའི་ལུགས་སྲོལ་མ་ཡིན་མོད།།

འོན་ཀྱང་གྲོགས་ཀྱི་སེམས་པ་མཚོན་ཆེད་ནད་མེད་བདེ་བའི་སྨོན་འདུན་ཞུ།།


ཆེ་བསྟོད་ཚིག་གི་རྒྱས་སྤྲོས་མི་ཤེས་སྐུ་ཉིད་དགོངས་པ་མ་ཚོམ་རོགས།།

བླ་ཆེན་སྤྲུལ་སྐུའི་མིང་བྱང་དེ་ཚོ་སྙན་མོ་ཡིན་རུང་ཐེག་པར་དཀའ།།

གྲྭ་རྐྱང་དཀྱུས་མའི་འཚོ་བ་ཡང་དག་རྒྱུན་སྐྱོང་ཐུབ་ན་ལེགས་ཤོས་རེད།།

ལྷད་མེད་སེམས་ཀྱི་སྙིང་གཏམ་འདི་ནི་སྐྱེས་སྐར་ཕུལ་བའི་ལེགས་སྐྱེས་ཡིན།།


                        བོད་ཁྲག་མིང་དེས                              

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容