ཨ་མ་ཁམས་བཟང་།

图片发自简书App

རྟ་བདུན་དབང་པོའི་འོད་ཟེར་འཕྲོས་པ་དང་མཉམ་དུ།

མི་ཡུལ་འདིར་ལུས་ལྡན་སྐྱེ་འགྲོ་དག་གི་

སེམས་ནང་སུ་ཉལ་བ་ནི།

རིན་ཆེན་ལུས་རྟེན་རྩོལ་བའི་མ་ལོ་དྲིན་ཆེན་དག་ཡིན་ལ།

འོན་ཀྱང་།

མཛའ་རྩེ་དུང་བ་ཡིས་ཕྱུག་པའི་དྲིན་ལྡན་གྱི་མ་ལོ་དག

ངེས་མེད་འཇིག་རྟེན་གྱི་འཁོར་བ་འདིར།

བདེ་སྡུག་གི་ལས་སྣང་དུ་མར་སྤྱོད་པ་སུ་ཞིག་གིས་མེད་པར་བྱེད་ནུས།

ད་དུང་

ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་གྱི།།

ཐར་བ་རང་ལ་རག་ལས་ཤེས་པར་གྱིས།།

ཞེས་པ་ལྟར།

རང་རང་གི་ལས་དབང་ལ་རང་རང་གིས་ཁ་ལོ་བསྒྱུར་བ་ལས་

རང་རང་གི་ལས་དབང་ལ་གཞན་གྱིས་དབང་བསྒྱུར་བྱེད་ག་ལ་ནུས།

ད་དུང་རང་གཞན་ཟེར་བ་ལ་འཁྲེང་ཞེན་ཆེ་བའི་

མུ་བུ་ཁ་ཤས་ཀྱིས།

རྫས་རིགས་ལ་བརྟེན་

བསྐྱེད་བྱེད་མ་ཡུམ་གྱི་

རེག་བྱ་དག་ལ་གནོད་བྱེད་པའི་དྲིན་ལམ་ལོག་འཇལ་བ་དང་

སེམས་མེད་བསམ་ནག་གི་གདུག་རྩུབ་ཅན་འདི་འདྲ་བ་དག

ཀྱེ་མ།

དུག་གསུམ་བདུད་གྱི་སྤྲུལ་བ་ཞིག་མ་ཡིན་ནམ།

ད་དུང་།

གཏན་བདེར་བགྲོད་མ་ནུས་པའི་སྟོང་གཟུགས་གི་རྣམ་ཤེས་ཁྲི་སྟོང་མང་པོའི་བར་གསེང་ནས།

གར་སོང་གི་གནས་ཡུལ་དང་།

འདིར་སོང་ཁྱིམ་གཞི།

ལས་སྨོན་བསགས་པའི་གཞི་རྟེན་དེ།

མདོར་ན་ཟས་གོས་གཏམ་གསུམ་ཐོག་མར་གནང་ཞིང་

མཛའ་རྩེ་དུང་གསུམ་ཐོག་མར་སྟེར་མཁན་གྱི་

མི་བུ་མཚན་ལྡན་ཞིག་བསྐྱེད་པ་ནི་དངོས་ནས་བཀའ་དྲིན་གཞལ་མཐར་ཟད

དེ་ཕྱིར་

མཛེས་སྡུག་ལྡན་པའི་ཕ་མ།

དྲིན་ཆེ་བའི་ཕ་མ།

བསམ་དཀར་གྱི་ཕ་མ།

བྱམ་སེམས་ཀྱི་ཕ་མ།

ངའི་ཡོད་ཚད་ནས་ཡོད་ཚད་ཡོད་ཁྱེད་ཀྱི་དོན་དུ་སྨོན་ལ།

ང་རང་ཁྱེད་དང་ཐག་རང་ལ་ཁ་གྱེས་པའི་སྐབས་དང་པོར

ཁྱོད་གྱི་ཞལ་གསུང་གི་གདམ་ངག་དག་ངའི་སེམས་ནང་སུ་བསྙལ་བར་མ་ཟད་

ཁྱེད་ཀྱི་ཞལ་གསུང་གི་གདམ་ངག་ཁ་ཤས་ངའི་འཚོས་གནས་ལ་འགྱུར་བ་གཞན་དང་མི་འདྲ་བ་རེ་ཡང་བསྐྲུན་སོང་།

རེ་ཡ་ཕྲ་མ་དང་ཚིག་རྩུབ་གནོད་སེམས་སོགས་མི་དགེ་བའི་རྟོགས་ཚོགས་དག་སྤངས་དགོས་པར་ཁྱེད་ཀྱིས་ང་ལ་གདམས་པ་མ་ཡིན་ནམ་

དེ་ཕྱིར་ཁྱེད་ནི་སློབ་གསོ་བ་ཆེན་མོ་ཞིག་ཡིན་པ་བདག་གིས་ར་སྤྲོད་བྱེད་ནུས།

དེ་ལྟ་ན།

དེ་རིང་ངའི་སེམས་ཀྱི་འདི་སྣང་ལ་ཤར་བའི་དབྱངས་རྟ་དག་སླད་མར་བྲིས་པས་ན་

ཚིག་དོན་ཁྲུལ་བཤགས་དང་

སེམས་ཀྱི་སྨོན་འདུན་དབྱིངས་སུ་རྒྱས་འདེབས་པ་ནི་མ་བསྐོས་དང་བླང་གི་འོས་འགན་ཞིག་ཏུ་བརྩི་བཞིན་ཡོད།

ཞེས་འཕྲོས་སྦྱོར་བཟང་པོ་ཞིག་ལ་ཚེ་རིང་སྐྱབས་སམ་སྡོམ་མིང་ཐུབ་བསྟན་བློ་གྲོས་དྲི་མེད་དུ་འབོད་པས་བྲིས།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容