ཡུམ་ཆེན།

——————————ཨ་ག་མ

དེ་ནི་རླབས་ཆེན་གྱི་བརྩེ་བ་ཞིག

འགྱུར་མེད་ཀྱི་དམ་བཅའ་ཞིག

རྦ་རླབས་བཞིན་འཕྱུར་ཡོང་བ་མིན་ལ་

སྣུམ་སྒྲོན་བཞིན་ཞི་འགྲོ་བའང་མ་རེད།

དོན་ངོ་མར—དེ་ནི་

སེམས་ཀྱི་གསབ་ས་ན་

འོད་ཀྱི་གོང་བུ་བཞིན་འཚེར་ཞིང་།

སྙིང་གི་འཕར་ལྡིང་ན།

དབུགས་ཀྱི་འབྱིན་རྔུབ་བཞིན་རྒྱུ་བའི་

འཇིག་རྟེན་འདིའི་བརྩེ་བ་ངོ་མ།

བུ་ཆུང་གི་སེམས་ཀྱིས་ཁེན་ས

རྟག་བརྟན་གྱི་བྱམས་བརྩེའི་བདག་མོ

དུས་དང་—རྣམ་པ་ཀུན་ཏུ

ཁྱེད་ཉིད་ངའི་སེམས་ཁོང་ནས་བཞད་ཅིང་།

ལྷ་དང་སྲུང་མ་ཇི་བཞིན་

ཁྱེད་ནི་ངའི་མི་ཚེ་འདིའི་མཁའ་འགྲོ

ང་ཡི་མ——

                            2017ー5ー14

图片发自简书App
最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

友情链接更多精彩内容