༼ གངས་ཕྲུག་སེམས་ཀྱི་སྒྲ་དབྱངས།༽                                                          ——ཧ་ཡར...

  ༼ན་གཞོན་ཚོ། ཡོད་ཚད་ཁྱེད་ལ་དབང་།༽

ཨེ་མ་གསར་སྐྱེས་གཞོན་རབས་སློབ་གཉེར་ཚོ།།

མཛེས་པའི་དུས་རབས་སྒང་གི་མེ་ལྕེ་བཞིན།།

རིག་པའི་ཚན་རྩལ་མགོ་བོ་བསྒྲེངས་ནུས་ན།

ཤེས་བརྩོན་ཟུང་དུ་འབད་པ་ལྷད་མེད་དགོས།།

ལྔ་རིག་སློབ་གླིང་གཡང་གི་ཕ་ཁྱིམ་ནས།།

བཀའ་བསྟན་གཞུང་ལུགས་ནམ་མཁའ་སྐར་གྱི་ཚོགས།།

སྲོལ་རྒྱུན་གོམས་གཤིས་རིག་གཞུང་གསེར་གྱི་མཚོ།།

གསེར་བཟང་རིན་ཆེན་རང་ལུས་མགུལ་གྱི་རྒྱན།།

བརྩོན་པའི་སྙིང་རུས་ཁོག་ཏུ་བཅུག་ནུས་ན།།

རྣམ་གཡེང་ལེ་ལོ་བསླུ་བྲིད་ཞུམ་པ་ནུས།།

བློ་གསལ་རལ་གྲི་ལག་ཏུ་འབྲེལ་ནུས་ན།།

གཏི་མུག་དགྲ་བོ་མགོ་གཅོད་མཚར་དུ་མངར།།

ཡིད་འོང་ཐང་རྒོད་ནམ་འཕངས་མ་ཤོར་ནས།།

མཛེས་པའི་ལང་ཚོ་རྒས་རྟག་ཉེ་བའི་ཚེ།།

ཕུགས་མེད་སྤྲང་འཁྱམས་མདོ་མེད་འགྱོད་པ་ཚར།།

ཤེས་ལྡན་གཉིས་འཛོམས་ལས་ཀྱི་བསྐལ་བ་ལ།།

རིག་བརྩོན་སློབ་དགའ་རྟག་པའི་ཆུ་བོ་བཞིན།།

དོན་ལྡན་ལས་ཀྱི་འབྲས་བའི་ཤུགས་སྣོན་ནས།།

བཅུ་ཕྲག་རིག་པའི་རྒྱ་མཚོ་གཤོག་ལྡན་དགོས།།

སྤྱོད་ཡོན་ཤེས་ལྡན་སློབ་གཉེར་སྐུལ་སྨོན་ལ།།

འབོད་པའི་སེམས་ཤུགས་རྒྱ་མཚོ་ཆུ་ཐིགས་ཙམ།།

ཁ་ཚིག་ལག་གནས་དོན་ལྡན་གཉེར་བ་འབད།།                                  ་༼མཛེས་བཟོ།༽

ཁྱོད་ལ་དགའ་འོས་པའི་བོད་པའི་ཟུངས་ཁྲག་ཡོད།

ཁྱོད་ལ་བསྟོད་འོས་པའི་ཕ་སྐད་ཀྱི་འོད་མདངས་ཆགས།

ཁྱོད་ལ་ངོམ་འོས་པའི་མི་རིགས་ཀྱི་སྲོག་ཤིང་ཚུགས།

ཁྱོད་ལ་མཛེས་འོས་པའི་བོད་ཀྱི་གོམས་གཤིས་ཡོད།

ང་དང་ཁོ།

སྒོ་ཟོག་ལས་བློ་རྟོགས་བཙན་ཤིང་།

སྒོ་ཁྱི་ལས་ཤེས་པ་ལྡན།

ངོ་ཚ་དང་སེམས་ཕམ་གྱི་ཉིན་མོ་འདི།

གཞོན་པའི་དུས་སུ་བློ་རྒོད་ལས་ཤོར་སོང་བ་མ་ཡིན་ནམ།

ང་ལ་ལྡན་པའི་ཟུངས་ཁྲག་རེ་རེ་བོད་པ་རེ་བ་ཡོད་ཀྱང་།

ང་ལ་ཕ་སྐད་ཀྱི་སྲོག་ཤིང་དགུན་ཁའི་རྩྭ་སྐྱ་བཞིན།

ཉག་ལས་ཕྲ།

ང་ལ་སྲོལ་རྒྱུན་གྱི་གོམས་གཤིས་ཆུ་ཆེན་དུ་རྡོ་འཕང་བཞིན།

དབེན་ཞིང་བྲལ།

ང་ལ་མཛེས་རྒྱན་ཅི་ཡང་མེད་པའི་དགུན་གྱི་རྩྭ་ཐང་ལྟར།

ཉམ་ང་བ།

འདི་ལས། ཡོད་ཚད། ཐམས་ཅད།

རང་ལ་མི་རིགས་ཀྱི་མཛེས་བཟོ་མེད་པ་འགྱུར་རོ།།

ཁ་ཆར། བུ་ཡུག  སྨག་རུམ་ཁྲོད།

ཁ་ཕྱོགས་དང་ཕུགས་འདུན། རེ་བ་མེད་པའི་ངང་ནས།

ལོ་རེ། ཟླ་རེ། ཉིན་རེ།

གྲང་ངར་གྱི་འཁྱགས་རམ་བཞིན།

དཔྱིད་ཀའི་བ་མོ་ལྟར།

ཚ་ལ་ཉེ།

ཡིད་འོང་རིན་ཐང་ཅན་གྱི་ཕ་སྐད་དང་ཡི་གེ་འདི།

མིག་གི་བཤམས་སྟོན་ཙམ།

རྣ་བའི་གོ་ཐོས་ཙམ་ལས།

གཟུགས་ཀྱི་ཕུང་པོ་འགྱུར་ལ་ཉེ།

ཚེ་སྲོག་གི་རིན་ཐང་།  མི་ཡི་མཛེས་བཟོ།  མཚན་གྱི་སྙན་གྲགས།

ཡོད་ཚད་རིག་པའི་རྒྱ་མཚོ་ལས་དར་བ་ཡིན།

                ༼ཕས་རྒོལ་གྱི་མུན་པ།༽

མུན་པ་ལགས།

ཁྱོད་ལ་དལ་འཇོམས་ཀྱི་སྙིང་རུས་ལྡན།

རིམ་གྱིས་སྣང་བ་ཡི་འཇིག་རྟེན་མུན་པའི་ཁེབས།

མུན་པ་ལགས།

ཁྱོད་ཀྱིས་བསླུ་བྲིད་ཀྱི་མི་ལ་སྤྲོ་སྣང་གཏད།

ཁྱོད་ཀྱི་གཟིགས་ལྤགས་གྱོན་པའི་དཔོན་ངན་དག

ཧམ་འདོད་ཀྱི་བྱ་སྤྱོད་དེ་བཀབ་སོང་།

མཛེས་ལྡན་ཕྱི་རོལ་ཡུལ་གྱི་རྣམ་པ།

དུག་རྫས་ནག་པོ་རིམ་གྱིས་ཁེབས།

གལ་སྲིད། ལས་འབྲས་ཀྱི་དོན་ལ་བརྩི་ན།

ཁྱོད་ཀྱིས་ཁྱི་ནག་གི་སྤྱི་འཚོ་ལས།

དོན་མེད་ཀྱི་འབྲས་བུ་མ་འཚོལ།

དགེ་སེམས་གཞན་ཕན་རྙེད་ཐུབ་ན།

རིན་ཐང་གི་འཚོ་གནས་ལྡན།

འོན་ཏེ། མུན་པ་ལགས།

ཁྱོད་ཀྱི་ལུས་བཞིན།

འཇིག་རྟེན་གྱི་འཚོ་གནས་གཏད་ན།

དགེ་སེམས་ཀྱི་མི། ཤེས་ཡོན་གྱི་མི།

རྒྱུ་འབྲས་ལས་ཀྱི་གང་ཟག་ཡོད་ཚད།

ཁྱོད་ལ་སེམས་སུ་ཞེ་ལོག་གི་ཆུ་བཞུར།

ཞེ་སྡང་གི་མེ་ལྕེ་འབར།

བསྟོད་པའི་བྲོ་བ་ཚ་མེད་ཀྱི་ཇ་བཞིན།

དགའ་ཞེན་གྱི་སེམས་པ་རྡོ་ཐོག་གི་བ་མོ་ལྟར།

གང་ལྟར།

ཁྱོད་ཀྱིས་ང་དང་ཁོ་ལ།

སྐྱོ་ངན་དྲག་སྡང་གི་འཚོ་བ་དེ།

ངའི་ཕུགས་འདུན། རེ་བ། མདུན་ལམ།

ཡོད་ཚད་དུག་གསུམ་གྱི་མུན་པའི་རུབ་ཀྱང་།

དྲན་པའི་བློ་སྒོ། ཤེས་པའི་བློ་གྲོས།

ནམ་ཡང།

མི་ཚེ་ཡི་བློ་སྒོ་ཕྱེད།

ཚེ་སྲོག་གི་རིན་ཐང་སྦྱིན།

དེ་བས།

ཁྱེད་ལས་རྒྱལ་ཐུབ་པ་ནི།

དཔེ་ཀློག་གི་བློ། དབྱངས་གསལ་གྱི་རིན་ཐང་ལས།

བདག་ལ་ཞེ་ལོག་གི་མུན་པའི་ཕ་མཐའ་བཀྲོད་པའི།

སེམས་ཤུགས། སྙིང་སྟོབས། ཀུན་སློང་།

ཅི་ནུས་གང་ཐུབ་སྤྲོད་ཐུབ་པ་ཡིན།

                    ༼  བསྟོད་སྐུལ།༽

མཁས་གཙང་གཙུག་རྒྱན་བླ་མ་ཙོང་ཁ་པ།།

དངོས་གྲུབ་དགོས་འདོད་བསྟན་པའི་གཞལ་ཡས་ཁང་།།

ཀུན་འབྱུང་རླབས་མེད་ནོར་བུ་དཔག་བསམ་ཤིང་།།

འཇམ་དབྱངས་དངོས་སྤྲུལ་འཛམ་གླིང་ཕན་བདེ་བསྐྲུན།།

གསུང་རབ་བཀའ་བསྟན་དྲན་ཤེས་རྟོགས་མི་ནུས།།

བསྟན་ཕྱི་ཆོས་ཀྱི་ཕན་ཐག་ཆད་ལ་ཉེ།།

བོད་ཁམས་ཆོས་གཞུང་རིག་ལམ་གསར་སྤེལ་བ།།

དགའ་ལྡན་དགེ་ལུགས་ཆོས་གཞུང་གྲུབ་མཐའ་གཏོད།།

སྟོང་གསུམ་སྣོད་ཀྱི་ཞིང་ཁམས་བླ་མ་བསྩོལ།།

སྐུ་ལུས་དྲི་མེད་མི་དགེ་ཐལ་དག་ལ།།

གསུང་རབ་མཛད་སྣང་བྱིན་རླབས་ཆར་བ་འབབ།།

ཐུགས་ཀྱི་སྒམ་པོ་ཁམས་གསུམ་བང་མཛོད་ནོར།།

མཁྱེན་ལྡན་ཡེ་ཤེས་སངས་རྒྱས་རྣམ་དག་ལ།།

མཛད་འཕྲིན་ནམ་མཁའི་སྐར་གྱི་འཇལ་མི་ནུས།།

ཤེས་རབ་ཚུལ་ཁྲིམས་སྐྱེ་འགྲོ་ཕན་བདེ་བསྐྲུན།

དྲི་མེད་དཀོན་མཆོག་རྩ་བ་ཞབས་གཏུགས་ནས།།

ཐུགས་རྗེ་བྱིན་རླབས་དེ་ལས་དེ་བསྩོལ་ཤོག།

མཁྱེན་མཁས་སྤྱན་རས་གཟིགས་ཀྱི་ཙོང་ཁ་པ།།

ལག་ཟུང་སྙིང་སྦྱར་བསྟོད་པ་མཐའ་ཡིས་གང་།།

གཟུགས་ཀྱི་ཕུང་པོ་དྲི་མ་དག་གཙང་བཀྲུ།།

སེམས་ཁམས་མི་དགེ་ཆོས་ཀྱི་དག་གཙང་སེལ།།

མཆོད་པ་བསོ་འདོད་ཡིད་ཀྱི་དད་པ་གུས།།

                           

                            ཙོང་ཁ་པ་རྗེས་དྲན་ལ་ཕུལོ།

          ༼སྙན་ངག་གི་རྡོ་རིང་།༽

རིག་པའི་དཔའ་བོ།

ཁྱེད་ཀྱིས་ང་ཚོ་ལ་རིག་ལམ་གསར་དུ་གཏོད།

མི་རིགས་ཀྱི་རིག་གཞུང་ལ།

ཚིག་རྒྱན་གྱི་སྲོལ་ཚུགས།

མི་རིགས་ཀྱི་དཔའ་བོ།

ཁྱེད་ཀྱིས་འུ་ཅག་ལ་སྙན་པའི་ངག་སྒོ་ཕྱེད།

ཕྱི་ནང་ཚོོར་བ་ལ་རྒྱན་ཆ་དཀྲིས།

སྙན་ངག་གི་དཔའ་བོ།

རྗེས་རབས་པ་ཡི་ལ་རྒྱ།

མི་རིགས་ཀྱི་སྙན་ངག

ང་དང་ཁོ།

སྙན་ངག་གི་མཛེས་རྒྱན་སྦྱིན།

ཚིག་རྒྱན་གྱི་སྤོབས་པ་གཏོད།

ཁྱེད་གཤེགས་པ་ནི་མི་རིགས་ཀྱི་ཕམ་ཁ་ཡིན།

ཁྱེད་གཤེགས་པ་ནི་སྐད་ཡིག་གི་གྱོད་རྒུད་ཡིན།

ཁྱེད་གཤེགས་པ་ནི་དུས་རབས་ཀྱི་སྐྱོན་ངན་ཡིན།

ཁྱོད་གཤེགས་པ་ནི་སྙན་ངག་གི་མཛེས་ལྡན་བྲལ།

ཡོད་ཚད།      ཐམས་ཅད།

བརྗོད་མི་ཐུབ་ཉམས་རྒུད་ཡིན།

དེ་སྲིད།

བོད་པ་ཞིག ཤེས་ཡོན་ཅན། སློབ་གཉེར་བ།

ཁྱེད་ལ་བསྟོད་ཞིང་དགའ་བ་འོས།

དེ་རིང་མི་ཡི་འཇིག་རྟེན་ལ།

འཚོ་བསྡད་བྱེད་པའི་ང་ཚོ།

ཁྱེད་ལ་མ་ཎི་བགྲོངས།

ཁྱེད་ཀྱི་སྙན་གྲགས་བསྟོད།

ཡང་བསྐྱར།

ཁྱེད་ཀྱི་བརྩམས་ཆོས་ཀློག་ནས།

རང་མོས་སྙན་ངག་གི་ལམ་དུ་ཆས།

བརྗོད་མི་ནུས་པའི་བརྩེ་བ།

དྲན་མི་ཚར་བའི་དུངས་སེམས།

ཀུན་གྱིས།

སྙན་ངག་ལས་བཟི་ནས།

རྗེས་དྲན་གྱི་མིག་ཀོང་ཁེངས།

རང་དབང་མེད་པ།

ངས་ཁྱེད་ལ་བསྟོད་པའི་རང་སྒྲ།

དཀར་འཇམ་གྱི་ཤོག་ངོས་སུ་ཟུག

          ______དཔལ་དོན་གྲུབ་རྒྱལ་གྱི་འདས་མཆོད་ལ་འབུལོ།།

                    ༼དེ་རིང་གི་གྲང་རླུང་།༽

ཡ་ང་བ།

དེ་རིང་གི་འཚོ་བ་ལ་ཆགས་སྡང་བསྐྲུན།

དེ་རིང་གི་སྔོ་བསངས་ལ་དུག་རླུང་འཚུབ།

སེམས་ཕམ་ལ།

གྲོང་ཚོ་བའི་དཀྱིལ་ན་ལུས་པའི་སྡོང་རྒན།

གྲང་གིས་བཅོམ། འཁྱམས་ཀྱིས་བསྡམ།

སུ་ཡིས། གང་ཞིག

དེ་ལ་སྙིང་རེ་རྗེ་དབང་།

གལ་སྲིད་ཁྱོད་ལ་དབྱར་གྱི་སྤོབས་པ་མ་སྦྱིན་ན།

ཁྱོད་ནམ་ཡང་།རྟག་ཏུ།

འཚོ་བའི་སྟོབས་མེད། འཇིག་རྟེན་མཁོ་མེད་དུ་ལུས།

དེ་ལྟར།

ཁྱོད་ཀྱི་མནར་ཟུག དྲང་གཏམ། བདེན་ལྡན།

ཁོག་དུ་ཉལ། ཀླད་དུ་ཤར་ཡང་།

བརྗོད་མེད་ཀྱི་ཁ་སྒོ་མེད། སྨྲ་ཡི་ཞལ་ལྕེ་མེད།

དེ་བས།

ངས་མཚན་འཇམ་གྱི་སྒེག་ཁུང་ལས།

དྲན་པའི་བློ་རྩལ་དེ་ཕྱི་རོལ་ཡུལ་ལ་འཁྱམས་དུས།

ཁྱོད་ཀྱི་དྲན་སྡུག་འཚོལ་སོང་།

                       

                              ༼ཆེས༽

ངའི་ཆེས་ཡིད་གཉིས་ཐེ་ཚོམ་མེད་པ་མགོ་བོ་གཙུག་རྒྱན་བཀུར་བའི་སྐྱབས་གནས་དཀོན་མཆོག་གསུམ་པོ།།

ངའི་ཆེས་གནམ་ས་འཇིག་རྟེན་ཀུན་ལ་རྙེད་དུ་མེད་པའི་ད་རེངས་སྐལ་བ་ལྡན་པའི་བྱམས་ལྡན་ཡབ་ཡུམ།།

ངའི་ཆེས་དྲིན་པའི་བརྩེ་དུངས་གྲོལ་བའི་རྨོངས་བཅད་ཤེས་ཁྲིད་གནང་བའི་བཤེས་གཉེན་དམ་པ་རྒན་ལྕགས།

ངའི་ཆེས་བྲོ་བ་སྨན་བཟང་བཅུད་ཀྱི་བདུད་རྩི་བཞིན་དུ་འཚོ་བའི་བདེ་སྐྱིད་བསྐྲུན་མཁན་སྙིང་གི་བཟའ་ཟླ།།

ངའི་ཆེས་སྤོབས་པའི་སྙིང་སྟོབས་དོན་ཀུན་འཛད་མེད་ཤུགས་སྣོན་འཐོར་རླུང་ལྟར་བའི་མིང་སྲིང་ཁྱོད་བཞི།།

ངའི་ཆེས་ལུས་ཀྱི་གྲིབ་མ་བསླུ་བྲིན་འགྱུར་མེད་མཛའ་བརྩེ་འོ་ཆུ་འདྲེས་པའི་དྭངས་སེམས་གྲོགས་མཆོག།

ངའི་ཆེས་བྱང་ཁོག་སྙིང་རུས་སྡོམ་རྒྱ་གྲོལ་ཐལ་མེད་པའི་དགའ་ལྡན་ཡིད་ཀྱི་ནོར་གཞུང་ཕ་སྐད་དྭངས་མ།།

ངའི་ཆེས་གཞན་ཕན་དབྱངས་རྟའི་སྨྲེ་ངག་སྦྲང་ཆར་ཟིལ་མ་དགའ་སྟོན་རོལ་བའི་དམའ་གཉིས་སློབ་བུ།།

ངའི་ཆེས་བསྟོད་པའི་ངག་ལས་སྤོབས་པའི་ང་རྒྱལ་མགོ་བོ་བསྒྲེངས་ནུས་པའི་སྐད་ཀྱི་རིག་གཞུང་འདི་ཡིན།།

                    ༼ཁ་བའི་མི་ཚེ༽

མི་ཚེ་འདི་ནམ་མཁའི་འཇའ་ཚོན་བཞིན་དུ་སྣང་།

མཛེས་སྡུག་གི་རེ་བ་མིག་དབང་ཏོག་ཙམ་ཡལ།

དྲོ་ཆགས་ཀྱི་དགའ་སྡུག་ཡིད་མོངས་རེ་རེ་ནི།

དགུན་ཁ་བའི་ཉི་མ་བཞིན་དུ་འཚོ་རུ་འཁོར།

ལོ་གྲངས་ནི་ནམ་མཁའ་གློག་ཕྲ་བཞིན་དུ་མྱུར།

ཚེ་སྲོག་གི་རིན་ཐང་ཅི་ནུས་འཚོར་ཐུབ་བམ།

ཁ་སང་གི་གཏམ་རྒྱུད་སུ་ཡིས་བརྗོད་ཅིག་ཡོད།

ན་ནིང་གི་ལོ་རྒྱུས་སུ་ཡིས་རྟོགས་ཐུབ་པ་རེད།

དེ་རིང་ནི་མངོན་སུམ་འཚོ་རུ་བསྡད་ནས་ཞིག

དྲན་སེམས་ཀྱི་མེ་ལོང་ངོས་སུ་བརྗོད་དོན་གླེང།

སྐྱེ་རྒ་ཡི་སྡུག་བསྔལ་མི་ཡུལ་འཁོར་རུ་ལྷུང་།

རེ་བ་དང་ཕུགས་བསམ་བྲལ་བའི་ཡུལ་རྨོངས་ནས།

དུས་ཚོད་ཀྱི་རྒས་རྟགས་གདོང་དུ་སྤྲོད་པ་ལས།

རིན་ཐང་གྱི་དོན་ལྡན་མངོན་དུ་མ་ཐུབ་ན།

གཤིན་རྗེ་ཡི་ཁ་རུ་ལྷུང་ཀྱང་དོན་མེད་ཡིན།

གནས་ལུགས་དང་དོན་སྙིང་ཅི་ནུས་བྲལ་སོང་ན།

འགྲོ་དྲུག་གི་སྐལ་བརྒྱ་གསོག་པའི་དོན་སྙིང་མེད།

              2017ལོའི་ཟླ་12ཚེས30ཉིན།

                    ༼རང༽

གཞུང་བརྒྱ་དགོས་འདོད་འབྱུང་བའི་མཁས་པ་མིན་ན་ཡང་།

སློབ་སེམས་རྨོངས་མུན་གཉིད་ཀྱི་གྲོལ་བའི་དྲིལ་བུ་ཡིན།

གཞན་ཕན་སྟག་མོ་ལུས་སྦྱིན་བྱམས་སེམས་མེད་ན་ཡང་།

སློབ་གཉེར་ཀུན་ཕན་ཅན་གྱི་སྒྲོན་མེ་རྐང་ཅིག་ཡིན།

ཁྱིམ་བདག་རྩ་བའི་བླ་མ་དད་སྐུལ་མེད་ན་ཡང་།

སློབ་ཕན་བྱམས་ལྡན་བརྩེ་བའི་ཡ་རབས་དགེ་རྐྱང་བསྟོད།

གཙུག་རྒྱན་མཁས་པའི་དབང་པོ་ནམ་མཁའ་སྐར་གྱི་ཚོགས།

སྐར་མཛེས་ཟླ་བའི་མ་མ་རང་ལུས་འོད་ཀྱི་མཛེས་སྣང་རྒྱན།


                            བརྩོན་འགྲུས།

ལྷན་འཇམ་གཏི་མུག་དབེན་པའི་དྲ་རྒྱ་མཚན་གཞུང་དུ།

རས་ནག་ཡོལ་བ་སྐྱ་རེངས་བུ་མོ་དལ་གྱིས་ཕྱེས།།

དྲོ་ཁོལ་ཉལ་གདན་རྨོངས་རྒྱ་ཚུབས་པའི་བུ་ཆུང་ང་།།

རྣམ་ཤེས་བྲལ་བ་ལུས་ཀྱི་གཟུགས་ཕུང་རྨི་ལམ་འཁོར།།

ཤེས་བརྩོན་རེ་བ་སྨོན་པའི་མདུན་བསྐྱོད་གཞོན་རབས་རྣམས།།

ཐོ་རེངས་སྐར་ཆེན་བགྲོས་དང་བསྟུན་ནས་བརྩོན་དུ་བཅུག།

བསམ་བློ་ཁ་ཕྱོགས་མེད་པའི་ཀླ་ཀློ་རྗེས་ལུས་འགའ།།

རང་ཉིད་རང་གིས་མ་འཚོལ་ཤིན་ཏུ་ཡིད་རེ་སྐྱོ།།

མི་ལུས་གསེར་གཞུང་ད་རེངས་སྐལ་བ་བཟང་པོ་ལ།།

དོན་ལྡན་རིན་ཐང་སྤོབས་པའི་ལས་ལ་འབད་པ་གལ།།

ཕྱི་མའི་བར་དོ་དྲང་བདེན་གཡོ་མེད་མྱ་ཁམས་གནས།།

སྐྱིད་སྡུག་གང་རུང་རང་ཉིད་ལག་པ་བསྐྲུན་པ་བྱ།།

ཤེས་ལྡན་ཚན་རྩལ་མཁའ་དབྱིངས་བསྐྱོད་པའི་སྤོབས་ཡོད་ཀྱང་།།

བློ་དང་རིག་པའི་ཤེས་བརྩོན་མཉམ་དུ་འབྲེལ་དགོས་སོ།།

རང་ཡུལ་ལུང་ཁོག་བློན་པའི་དོན་མེད་ངར་སྒྲོག་ན།།

བ་གླང་ཀླད་མེད་རི་ལུང་མཐོང་ཙམ་ངུ་ཤུབས་བཞིན།།

ལས་ཀྱི་ཐལ་དག་རང་ཉིད་བྱེད་འདོད་བཟང་ཡིན་ཀྱང་།།

དེ་བསྟུན་ཆུ་བོ་བཞིན་དུ་བརྩོན་འགྲུས་བཟང་པོ་དགོས།།

                                             

          ༼ ཤེས་ཡོན་དང་ལྷག་བསམ།༽

དུས་རབས་དང་ལོ་རབས་ཀྱི་དཀྱོགས་མཚམས་ན།ཅི་མི་སྙམ་པའི་རྟུག་ཞུགས་འཛིན་ལ།ཅི་ཡང་མི་ཤེས་པའི་གངས་རིའི་བུ་ཕྲུག་དབང་གིས་དུས་ནམ་ཡང་གླེང་འདོད་ནི། ཡ་རབས་དང་དྲང་བདེན་གྱིས་ཕོངས་པའི་འཇིག་རྟེན་ལ་མི་འདོད་པའི་འཕྱ་སྨོད་དང་གཤེ་ཚིག་ཡིན་ལ། ནམ་ཡིན་ཡང་བློ་ངོར་འཆར་བ་ནི། ལས་འབྲས་དང་རྒྱུ་འབྲས་བརྩི་བའི་དྲང་བདེན་གྱི་ཞིང་ཁམས་ཤིག་ཡིན། དཀར་གསལ་གྱི་སླ་འོད་དང་གྲངས་མེད་ཀྱི་སྐར་ཚོགས་འོག་ཏུ་ཤེས་ཡིན་ནི་མི་ཚེའི་ལམ་སྟོན་སྒྲོན་མེ་དང་། ལྷག་བསམ་ནི་མི་ཚེའོ་སྙིང་བོ་ལྟ་བུར་བསམ་བཞིན་ཡོད།

དེ་ལས་འཕྲོས་པའི་གཏམ་གླེང་ཞིག་སྤེལ་ན།འགྲོ་བ་མིའི་སྤྱི་ཚོགས་ལ་ཤེས་རིག་གི་དཔལ་ཡོན་ནི་མེད་དུ་མི་རུང་བ་ཞིག་ཡིན་ལ། ཤེས་རིག་གིས་སྤྱི་ཚོགས་ཀྱི་གོང་འཕེལ་ཁྲོད་དུ་གལ་ཆེའི་གནས་བབ་བཟུང་ཡོད་ངེས་ཡིན། ཡིན་ནའང་དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་སེམས་གཏིང་གི་གངས་དཀར་ལྷག་བསམ་དེ་ཡིན། དེང་སང་གི་འཛམ་གླིང་ཡུལ་གྲུ་གང་སར་དཔལ་འབྱོར་དང་ཚན་རིག་གོང་འཕེལ་བཞིན་ཡོད་ནའང་། དེ་དང་ལྷན་དུ་མིའི་གཤིས་རྒྱུད་དུ་གཞན་ཕན་གྱི་ལྷག་བསམ་མེད་སྟབས། སྐྱེ་བོ་ལ་ལས་དངུལ་ལོར་ནི་འཇིག་རྟེན་གྱི་སྙིང་པོ་དང་། འཇིག་རྟེན་ཡོད་ཚད་དངུལ་ལོར་གྱིས་སྒྲུབ་ཐབས། དངུལ་ལོར་མང་པོ་བྱུང་ཚེ།དོན་དམ་པའི་བདེ་སྐྱིད་ཐོབ་ཐབས་ཀྱི་རེ་བ་སྟོང་པ་བཅངས་བཞིན་ཡོད།བསམ་ཡོད་ཀྱི་མི་ཞིག་སེམས་མེད་ཀྱི་དངུལ་ལོར་ཞིག་གི་རྗེས་སུ་ཚེ་གང་བྲན་གཡོག་ལྟ་བུར་གྱུར་ཏེ། ཞོགས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་བ་བརྒྱ་ཕྲག་དུ་མའི་ཁྲོད་དུ་བསམ་རྒྱུ་དངུལ་ལས་མེད་ཅིང་། དངུལ་དེ་ཡང་ལུགས་མཐུན་གྱིས་འཚོལ་བ་མིན་པར་གཞན་ལ་མགོ་སྐོར་དང་ལྐོག་བཟའ་བྱེད་གང་ཐུབ་བྱེད་ལ། དངུལ་ལོར་བྱུང་ན། ཉམ་ཆུང་གི་ཚེ་སྲོག་ནི་རང་གི་རྩེད་མོ་རྩེད་ཆས་ལྟར་གསོད་ལུགས་མི་གཅིག་པར་གསོད་པ་སྟེ། མི་ཡུལ་གྱི་དམྱལ་བ་ངོ་མའི་སྡུག་བསྔལ་མྱོང་བཞིན་ཡོད་དོ།

ཤེས་ཡོན་ཡོད་ཀྱང་ལྷག་བསམ་མེད་པའི་སྐྱེ་བོ་དེ་རིགས་ཀྱིས་ཧམ་སེམས་དང་གཡོ་སྒྱུ། རུལ་སུངས་ཀྱི་སྤྱོད་ཚུལ་ངན་པས་མིའི་རིགས་ཀྱི་སྤྱི་ཚོགས་ལ་དོན་དམ་པའི་ཞི་བདེ་དང་ལྷིང་འཇགས། འཚེ་མེད་ཞི་བདེའི་ཁོར་ཡུག་བསྐྲུན་རྒྱུར་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད། དེ་ཡང་ཕྱི་ཚུལ་ནས་བལྟས་ན།སློབ་ཆེན་གྱི་སློབ་མ་དང་། །ཞིབ་འཇུག་སློབ་མ་སོགས་ཡོན་ཏན་གང་འཚམས་ཡོད་མཁན་གྱི་ཤེས་ཡོན་ཅན་དུ་རློམ་པའི་སྐྱེ་བོ་མང་པོའི་རྒྱུད་ལ་གཞན་ཕན་གྱི་ལྷག་བསམ་ཡོད་པ་ལྟ་བུར་སྣང་ཡང་། ལྐོག་བཟའ་རུལ་སུངས། ཧམ་སེམས་དང་གཡོ་སྒྱུ་སོགས་ཀྱི་བསམ་ངན་དེ་དག་ལས་འགྲོ་མ་མིའི་སྤྱི་ཚོགས་ལ་ཕན་པ་དང་ཞབས་འདེགས་ཞུ་རྒྱུ་ལས་ལྡོག་སྟེ། གནོད་འཚེ་དང་བག་ཆགས་ངན་པ་སྣ་ཚོགས་བཟོ་བཞིན་ཡོད།

ད་ལྟ་འཛམ་གླིང་ཁྱོན་ཡོངས་ལ་དཔལ་འབྱོར་དང་ཤེས་རིག་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ནའང་། སྤྱི་ཚོགས་ཀྱི་ཁོར་ཡུག་དང་། ཚོགས་པ་སྣ་ཚོགས་ནང་གཞན་ཕན་གྱི་ལལྷག་བསམ་ད་དུང་གི་མེད་པ་མངོན་གསལ་དོད་པོ་རེད། དཔེར་ན།

      ༼མ་ཡུམ་ལགས། ཡོད་ཚད་ཁྱེད་ལ་དབང་།༽

ཨ་མ།དྲིན་ཅན་གྱི་མ་ཡུམ།

ཁྱེད་ནི་ནམ་འོག་ས་སྟེང་ལས་རྙེད་དུ་མེད་པའི་ཚེ་སྲོག་གི་མ་ཡུམ་ཡིན།

ཁྱེད་ནི་བསླུ་མེད་དྲིན་ཅན་གཞལ་དུ་བྲལ་བའི་འུ་ཅག་གི་མ་ཡུམ་ཡིན།

ཁྱེད་ནི་ཕངས་མེད་བསམ་དཀར་གྱི་ཡིད་བཞིན་སྒྲིབ་པའི་མ་ཡུམ་གཅིག་པོ་ཡིན།

མ་ཡུམ་ལགས།ཡོད་ཚད་ཁྱེད་ཡིན།

ཁྱེད་ནི་ང་ཡི་སེམས་ཁོག་གི་དག་གཙང་ལྡན་པའི་རྗེ་བཙུན་གྱི་རྣམ་སྤྲུལ་ཡིན།།

ཁྱེད་ནི་ང་ཡི་སྙིང་སྟེང་གི་ཀུན་འཛོམས་དགོས་འདོད་གྱི་རིན་ཆེན་དང་པོ་ཡིན།

ཁྱེད་ནི་ང་ཡི་མི་ཚེ་བསྐྲུན་མཁན་གྱི་ལམ་སྟོན་གྱི་ཨ་མ་ཡིན།

ཁྱེད་ནི་ང་ཡི་འཚོ་བ་ཡི་སྙིང་སྟོབས་སྐྱེ་བའི་མེ་ཕུང་གི་འཐོར་རླུང་ཡིན།

ཁྱེད་ནི་ང་ཡི་འཁོར་བ་ལ་དགོས་འདོད་དཔག་བསམ་གྱི་ལྷ་ཡི་ལྗོན་ཤིང་ཡིན།

ཁྱེད་ནི་ང་ཡི་ཡོད་ཚད་ཀྱི་རེ་བ་བཅོལ་བའི་སྐྱབས་གནས་མགོན་མོ་ཡིན།

དྲིན་ཅན་ལགས། རྟག་ཏུ་སྨོན། རྒྱུན་ཏུ་འོས།

                                      ༼ཞོགས་བསུ།༽

སྲིད་པའི་མཛེས་ལྡན་སྐྱེ་དངོས་མཐའ་དག་ལ།།

ཡིད་གཞུང་བློ་ཡི་རྫུ་འཕྲུལ་སྣང་བ་འཚོལ།།

མལ་ཁོག་གཉིད་ཀྱི་ཆགས་པའི་ལེ་ལོ་ང།།

ཞོགས་པའི་སྐྱ་རེངས་ཡོལ་བ་དལ་གྱིས་ཕྱེ།།

ས་འཛིན་ཕྲེང་བ་མཐའ་དག་གསལ་ལེ་མངོན།།

མཁའ་དབྱིངས་སྤུད་པའི་མཚམས་སྤྲིན་འཛུམ་དཀར་སྟོན།།

ས་གཞིར་སྤྲས་པའི་མེ་ཏོག་དགའ་ཉམས་སྟོན།།

གལ་སྲིད་སང་ཉིན་འཆི་བདག་བརྩེ་མེད་དེས།།

འཇིག་རྟེན་མི་ཡུལ་ཉིན་གཅིག་ལུས་སོང་ན།།

ཞོགས་པའི་ཉིན་བཞིན་རིག་པའི་རྩལ་སྒོ་དང་།།       

ཚེ་སྲོག་གཉིད་དུ་དཀྲོགས་པའི་ཞོགས་བརྡ་ལ།།

སྐྱ་རེངས་དུང་གི་རིག་གནས་དབྱངས་ངག་སྦྲེལ།།

སྲིད་པའི་རྣམ་ཤེས་བརྩོན་པའི་ཆུ་བོ་བཞིན།།

དགའ་བདེ་སྨོན་ལམ་འཚོ་བ་འབྱུང་དུ་ཟ།།

      ༼ལྷག་པའི་ཡིད་སེམས་དམར་པོ༽

དབུ་རྒྱན་གཙུག་བཀུར་བླ་མ་བྱིན་ལྡན་ཡང་།།

དྲིན་ཅན་ལྷག་བསམ་ཡབ་ཡུམ་མཚུངས་ཐབས་མེད།།

ལུས་ངག་སྒྲིབ་སྦྱོར་དཀོན་མཆོག་ཕུགས་གཏད་ཀྱང་།།

ཡིད་སེམས་རྣམ་དག་དགེ་བ་འདྲ་ནུས་མེད།།

གནམ་འཕངས་ཉི་ཟླ་སྲིད་པའི་རྒྱན་ཡིན་ཡང་།

རྨོངས་མུན་རིག་པའི་ལམ་ཁྲིད་དོ་ཟླ་འོས།།

དེང་རབས་ཚན་རྩལ་ཡིད་སེམས་འཕྲུལ་ན་འང་།།

རིག་གཞུང་བློ་རྩལ་འབྱེད་པའི་ཕན་ནུས་བྲལ།།

ཤེས་པའི་རིག་གཞུང་གནམ་གྱི་སྐར་ཚོགས་ཀྱང་།།

བཅུ་ཕྲག་རིག་གནས་བོད་པའི་མཛེས་དོ་བྲལ།།

སེམས་མེད་དངོས་ཀྱི་མཚུངས་པ་མང་ན་ཡང་།།

བློ་སེམས་མཐུན་པའི་གྲོགས་ལྡན་མཚུངས་ནུས་མེད།།

རིན་ཆེན་ནོར་བུ་དགོས་འདོད་ཐོབ་གྱུར་ཅིང་།།

མི་ལུས་རིན་ཆེན་གཅིག་གི་དོ་ཟླ་མེད།།

གངས་སེམས་དཀར་མོ་ངར་སྐད་སྒྲོག་གྱུར་ཀྱང་།།

སྒོ་ཁྱི་ནག་པོ་ཕན་ཐོགས་འགྲན་ནུས་མེད།།

རྒྱལ་སྲུང་རི་དྭགས་ནོར་བུ་ཚབ་བྱེད་ཀྱང་།།

སྒོ་ཕྱུགས་རིན་ཆེན་ཕན་འབྲས་ག་ལ་ནུས།།

གཅིག་ལྷག་གཅིག་བརྟེན་གང་གནས་ཀྱང་།།

ཤོག་བུ་ལག་སྨྱུག་ད་རེངས་མཚམས་སུ་འཇོག།

               

图片发自简书App


    ༼སློབ་ཁྲིད་བ་ཆ་མཚོན་ན།༽

བྱམས་སེམས་ནི་སློབ་མའི་བརྩེ་བ་ཡིན།།

བརྩོན་སེམས་ནི་སློབ་མའི་དུང་སེམས་ཡིན།།

ཀུན་སྤྱོད་ནི་སློབ་མའི་མིག་དཔེ་ཡིན།།

ཤེས་རྒྱ་ནི་སློབ་མའི་དགའ་ཕྱོགས་ཡིན།།

ཀུན་སྤྱོད་ནི་སློབ་མའི་ཟུར་ལྟས་ཡིན།།

ཁྲིད་ཐབས་ནི་སློབ་མའི་བློ་སྒོ་ཡིན།།

ཟུང་འབྲེལ་ནི་སློབ་མའི་སྤྲོ་སྣང་ཡིན།།

སྙིང་གཏམ་ནི་སློབ་མའི་ཡར་རྒྱས་ཡིན།།

རང་གཤིས་ནི་སློབ་མའི་རྒྱུན་ཆ་ཡིན།།

སྤོབས་པ་ནི་སློབ་མའི་སྙིང་སྟོབས་ཡིན།།

གཞན་ཕན་ནི་སློབ་མའི་ཡར་སྐྱེས་ཡིན།།

རིགས་ཞེན་ནི་སློབ་མའི་མཛེས་རྒྱན་ཡིན།།

           

图片发自简书App


    ༼ རྒན་རྐྱང་སྙན་ཚིག་ལྷའི་རྔ་སྒྲ༽

                       

                       

ཡ་རབས་མེས་པོ་ཕ་རྒྱུད་རིགས་ཀྱི་ཆོས་ལྡན་བོད་པ་ཡུལ་ལ་སྔོན་བསགས་ཀྱིས།།

ལས་དགེ་སྨོན་ལམ་ཞིང་པའི་སྐྱེ་ཁམས་མི་ལུས་འགྲོ་ལྡན་རིག་པའི་བློ་སྒོ་བསྐྲུན།།

ཡིད་འོང་ཤེས་བསྩོལ་འཇམ་དབྱངས་རྣམ་སྤྲུལ་ལག་ཟུང་སྙིང་ཁ་དབུས་སུ་ཕྱག་སྦྱར་ཏེ།།

གཏི་མུག་རྨོངས་བཅད་ཤེས་མིག་སྟོན་པའི་རྒན་ལྕགས་ལུས་ངག་ཡིད་ཀྱི་ཕྱག་འཚལ་ལོ།།

རྟག་པའི་མི་ཡི་འཇིག་རྟེན་འབྱུང་བཞི་ནད་ཡམས་རྡོ་འོག་གྲོག་མ་ཚང་ལྟར་ཤིག་ཤིག་འདིར།།

ཤ་ཚ་བྲལ་བའི་འཆི་མེད་བདག་པོ་ལས་ཀྱི་དངངས་སྐྲག་ཚ་མོ་ཡོང་སྲིད་པས།།

མི་ཚེ་ལོ་ཟླ་ཕྱེད་ཀ་རྫོགས་ཀྱང་དོན་ལྡན་ལས་ཀྱི་ཆུ་འཕངས་རྡོ་ལེབ་བཞིན།།

ཁོམ་མེད་ལས་ཀྱི་འདབ་རྫབ་ཅན་གྱི་མི་ཡི་འཁོར་བ་དུས་གསུམ་འདས་བ་ན།།

མི་ལུས་ཤ་ཁྲག་བྱ་རྒོད་ཕུང་པོ་ཁ་ཟས་ལས་ཀྱི་མ་གཏོགས་ཤ་རེ་ཚ།།

ཉིན་མཚན་དབྱེ་མེད་བག་ལ་ཉལ་ཁུམ་སྣང་བ་སྤྲོ་བའི་སྤྲང་འཁྱམས་འཚོ་སྟངས་འདི།།

ཕ་རྒན་བླ་འདོད་རང་དགའ་སངས་ལ་སྐྱབས་པའི་སྣང་བ་བར་སྟོང་འདོད་མེད་འདི།

ཤོག་བུ་རླུང་གིས་དུས་ཀྱི་རྒས་རྟགས་ཐོན་པའི་ཤི་ཁ་མ་ཎི་ཕན་རེ་བསླུ།།

ག་ལེ་བྲང་ལག་བཞག་ནས་ཡིད་ཕམ་དབང་མེད་མིག་ཆུ་བཞུར་ནས་དཔེ་ཀློག་ཚུགས།

ཀླད་མེད་བོང་རྒན་ལྟར་བའི་མ་རིག་མ་མཐོང་ཤེས་བྱའི་བསམ་པའི་བློ་ཡི་འདས།།

དེང་རབས་ཅན་བཞི་ཁ་ཕྱོགས་དྲ་རྒྱ་ཚུགས་པའི་གླག་རྒན་ཁྲེལ་མེད་ནུས་ཆུང་ངས།

རང་གཅེས་རང་དགའ་མི་ལུས་གསར་དུ་ཤེས་ཡོན་མེ་ཡི་ལུས་ཀྱི་དྲང་འབར་ན།།

རྒྱལ་ཁམས་བལྟས་པའི་སྤྱན་མིག་རིག་འབྱེད་སྒོ་ཡི་དཔེ་ཀློག་སྟོང་གི་འདི་ལ་གནས།།

ཕ་ཡི་གོམས་གཤིས་སྲོལ་བཟང་བཅུ་ཕྲག་རིན་ཆེན་ལུས་སུ་གྱོན་འདོགས་འདི་ལས་བླངས།།

བོང་རྒན་གླང་རྒན་ཕྱུག་བཞི་སྲོག་ཆགས་འབད་པའི་སེམས་ཤུགས་གཅིག་ཏུ་སྙིང་སྟོབས་ན།།

དེ་ལས་དེ་ཀྱང་མང་ཙམ་ཐོབ་པའི་སྔོན་གྱི་ལོ་པཎ་གསུངས་རབ་རྒྱུ་འབྲས་འབུས།།           


图片发自简书App


                    ༼ཡིད་སྨོན༽

                           

ངས་རྒྱང་རིང་བའི་སྐབས་གསུམ་གནས་ཀྱི་ཞིང་ཁམས་དང་།

འཛམ་གླིང་གི་ཡིད་རྩེར་བསྔགས་པའི་མཛེས་ལྗོངས་ལ་ཡིད་སྨོན་ཤོར།

ངས་སྤྲིན་དཀར་སྔོ་བའི་ཆོས་ལྡན་གྱི་བར་གསེབ་ནས།

ས་མཐོར་བཞེངས་པའི་གནའ་རབས་ཀྱི་ཕོ་བྲང་ལ་ཡིད་སྨོན་འཚོལ།

ངའི་གངས་འདབ་ཁ་བའི་རྩམ་པ་དྲི་བའི་བུ་ཕྲུག་ངས།

རི་རྒྱུད་ཧི་མ་ལ་ཡུལ་རིགས་པའི་ཆོ་འབྲང་ལ་ཡིད་རྟོན་ཤོར།

ལྟོས་དང་།

དེའི་དག་ལ་ཕྱི་མཛེས་ཀྱི་དུས་རབས་སྲོལ་མེད་ཀྱང་།

གཏོས་ཆེ་བའི་ལུས་ལ་རང་རྒྱུད་ཀྱི་ཁྲག་རྩ་བཞུར།

ཁ་འཁྱགས་བུ་ལྷགས་གྲངས་བྱའི་ལོ་ཟླ་ནས།

སྙིང་ཁོག་རུ་མེ་ཤུགས་ཚུབས་མྱོང་།

དུས་ངན་མི་བཞི་ཕྱོགས་ཁག་མཚན་རིང་བརྒལ་མྱོང་ཞིང་། །

སྐད་ཉམས་རང་ཞན་འཚུབ་པའི་གདོང་ཏེ་བསུས་མྱོང་།

འདམ་རྫབ་ཅན་གྱི་རྒྱ་མཚོ་ལས་ཀྱང་འབྱིན་ཡོད་ལ།

དྲི་ཟའི་སྨྲེ་ངག་ཤོར་བའི་མྱ་ངན་གྱི་སྡུག་པོ་ཁུར་ཡོད་ཀྱང་།

དཔྱིད་ཀྱི་དཔལ་ཡོན་བཞད་པའི་དུས་རབས་ཀྱི་གོམ་ཁ་མགོ་ཚུགས་ཏེ།

དབྱར་ཀྱི་སྦྲང་ཆར་ཟིལ་མ་སྐྱེ་སྟོབས་ཀྱི་ནུས་རྩལ་བསྙེགས།

དབྱར་རྔ་འབུམ་གྱིས་ལྡན་པའི་གཏི་མུག་གཉིད་སྒྲོལ་ནས།

བག་ལ་ཉལ་བའི་གངས་སེང་ངར་སྐད་གཅིག

གཉེར་རྒུད་བཅོམ་པའི་གངས་ལྷ་མེ་ཏོག་གཉིས

ཉེར་དགུ་ཟླ་བ་མུན་ནག་འཁྲིགས་པའི་གསུམ།

དགུན་འཁྱགས་གྲང་ལྷགས་ལྡང་བའི་རྫ་ཆུ་བཞི།

ལྷ་བྱ་དཀར་པོ་ཤར་ཕྱོགས་རི་བོ་ཉི་གཞོན་འོག

སྐྱིད་པའི་དགུན་ཉི་རེག་བྱ་སྲིད་པའི་སྐྱེ་དགུ་བདུད་བརྩི་ཁྱབ།

བག་རྨོངས་ཉམས་རྒུད་དངངས་སྐྲག་སྐྱེས་ཏེ།

ཕུགས་འདུན་གྱི་གོམ་སྟབས་དབྱངས་སུ་འགྲོག

ལྟོས་དང་། ཡོད་ཚད། ཀུན་གྱིས།

མེས་པོ་གསོན་ཤུགས་ཀྱི་སྙིང་སྟོབས་གོ་ཆ་གྱོན།

མི་རབས་ཁྲག་རྒྱུད་ཀྱི་ལ་རྒྱ་འཕྱོ་ནས་རེ་བ་འཚོལ།

དུས་ཀྱི་རྦ་རླབས་མཁའ་ལ་གཟིགས་བཞིན་ལྡན།


                                     

图片发自简书App
最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 213,864评论 6 494
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 91,175评论 3 387
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 159,401评论 0 349
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 57,170评论 1 286
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 66,276评论 6 385
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 50,364评论 1 292
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 39,401评论 3 412
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 38,179评论 0 269
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 44,604评论 1 306
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 36,902评论 2 328
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 39,070评论 1 341
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 34,751评论 4 337
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 40,380评论 3 319
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 31,077评论 0 21
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 32,312评论 1 267
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 46,924评论 2 365
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 43,957评论 2 351

推荐阅读更多精彩内容