དྲན་ཚུལ་ཐད་ཀར་བ་འགའ།

གཞོན་ལམ།


ཤེས་རབ་དང་ལྡན་པ་དག་གི་སྐད་ཆ་ནི་སྤྱིར་བཏང་བའི་མི་རྣམས་ཀྱི་བསམ་བློ་ལས་རིམ་པ་དུ་མས་འཕགས་ཡོད་ལ། ཡང་ཕལ་ཆེ་བས་སྣང་མེད་དུ་བཏང་བའམ་གལ་ཆེན་དུ་བརྩི་མི་སྲིད་པའི་ཆེས་སྤྱིར་བཏང་གི་བསམ་བློའི་ཁོངས་སུའང་འདུས་ཡོད། དེ་བས་ན། ཁྱོད་རང་གིས་གཞན་གྱི་སྐད་ཆར་ཉན་ཤེས་པར་གྱུར་ན། སྐབས་དེར་ཁྱོད་རང་ཡང་བསམ་བློའི་གོ་རྟོགས་མཐོ་རུ་འགྲོ་གི་ཡོད་པའི་རྟགས་ཡིན་ནོ།།

དཔེ་ཆ་ཀློག་པ་དང་། སློབ་སྦྱོང་བྱ་བ་ནི། གཅིག་གིས་གཅིག་ལ་སྐུལ་འདེད་གཏོང་དགོས་པ་དེ་སྲིད་དུ་དོན་དམ་པའི་དཔེ་ཀློག་དང་སློབ་སྦྱོང་མིན་ལ། ནམ་ཞིག་ན། ཟ་མ་ཟ་བའམ། ཇ་ཆང་འཐུང་བ་ལྟར་རང་བཞིན་གྱིས་ལས་དེ་ལ་འཇུག་པ་བྱུང་བ་ནས། སློབ་སྦྱོང་རྣལ་མའི་མགོ་བོ་ཚུགས་པ་དང་། ཤེས་རབ་རྣལ་མའི་སྒོ་ཁ་བྱེ་བ་དང་། མཁས་པ་རྣལ་མའི་ལམ་དུ་ཞུགས་པ་རེད་སྙམ།

བྱིས་པའི་རྣམ་དག་གི་དགའ་བ་དང་བརྩེ་བ་ནི། གཡོ་དང་སྒྱུས་མ་སྦགས་ཤིང་། རྫུན་དང་ལྷད་མ་འདྲེས་པའི་གཉུག་གཤིས་ཀྱི་ངོ་བོ་དག་མ་ཡིན་པས། ཁོང་ཅག་གི་འཛུམ་མདངས་རེ་རེས་ང་ལ་ཚད་མེད་པའི་སྤྲོ་སྣང་སྟེར་ནུས་ཤིང་། ཁོང་ཅག་གི་དགའ་སྣང་རེ་རེས་ང་ལ་ཟད་དུ་མེད་པའི་སེམས་འགུལ་སྦྱིན། རྒྱུ་མཚན་དེའི་ཕྱིར། ང་ནི་བྱིས་པ་དག་ལ་ཁ་མཚར་ལབ་ཅིང་། རྩེད་མོ་བྱེད་པར་དགའ་བ་ཞིག་ཏུ་ངང་གིས་ངང་གིས་ཆགས་སོང་སྟེ། དེས་ནི་ཁོང་ཅག་ལ་དྲོད་སྣང་འཐོབ་ཅིང་། རང་ཉིད་ལ་བདེ་སྐྱིད་ཡོང་བས་སོ།།

བསམ་ཞིང་བསམ་ན། རང་གི་འདས་དོན་གྱི་ཕྱིར་དྲན་ཁྲོད་ནས་དོན་གནད་ཅི་ཡང་བརྗེད་ངས་སུ་འགྲོ་ཡང་། བརྩེ་བ་དག་མས་གྲོགས་སྒྲིག་པའི་བྱིས་པ་རྣམས་ནི། ནམ་དུའང་དཀོན་མཆོག་བཞིན་དུ་གསལ་ལེར་འཆར་བ་ལས་སེམས་ཀྱི་ཁོངས་ནས་བོར་ཞིང་ཡལ་མ་མྱོང་ཨང་།

མི་ཚེའི་ལམ་ཁ་ནས་སྙིང་གཏམ་ཡོད་ཚད་འཆད་ཆོག་པའི་བློས་ཐུབ་ཀྱི་གྲོགས་རེ་རྙེད་པ་ནི། འཁོར་བ་པའི་བསོད་ནམས་ངོ་མ་བོ་རེད། དེ་བས། མ་བརྟག་ན་མང་པོ་ཞིག་ཡོད་ཡོད་འདྲ་བ་ལ། དགོས་དུས་སམ་ཞིབ་ཏུ་བརྟག་ན་གྲོགས་ངོ་མ་མི་རྙེད་པ་དེ་འདྲར་ནམ་དུའང་འགྱུར་མི་རུང་བས། ཕན་ཚུན་ཡིད་ཆེས་ཤིང་། ཕན་ཚུན་སེམས་ཁུར་གནང་བའི་གྲོགས་རེ་ཡོད་དགོས་པ་རེད། དེ་འདྲའི་ཕྱིའི་གྲོགས་སྒྲིག་པ་ལ་དང་ཐོག་ནང་གི་གྲོགས་བསམ་པ་བཟང་པོ་ཞིག་ཤིན་ཏུ་གལ་ཆེ།

སངས་རྒྱས་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེ་བ་དེས། འདུས་བྱས་ཀྱི་མཐའ་བཞི་གསུངས་པ་ལྟར། འབྲལ་དགོས་པ་དག་ནི་ཁྱོད་ཀྱིས་སེམས་ངལ་ལུས་ངལ་ཇི་ལྟར་བསགས་ཀྱང་མཐའ་འཇུག་ཏུ་བྲལ་འགྲོ་བས། ང་ཚོས་རང་ཉིད་ལ་གཅེས་སྐྱོང་ཡག་པོ་བྱས་ཏེ། ཁྱོད་ཀྱིས་མི་ཁུག་པའི་གྲོགས་དང་། ཁྱོད་ཀྱིས་མི་འགྲུབ་པའི་དོན་དག ཁྱོད་ལ་མི་འཚམ་པའི་གོ་ཐོབ། ཁྱོད་ཀྱིས་མི་ཐོན་པའི་བཅོས་མ་སོགས་ཡོད་ཚད་ཆུ་ལ་གཡུགས་རྗེས། ཆེས་གུ་ཡངས། ཆེས་རང་དབང་། ཆེས་ཟོལ་མེད་ཀྱི་རང་ཉིད་བྱས་ན་མི་ལེགས་སམ།

གྲོགས་པོ་ལགས། ཁྱེད་ཀྱིས་མི་ཆུང་གིས་གཏམ་ཆེན་བཤད་ཀྱི་འདུག་མ་བསམ་རོགས། ལྷག་ཏུ་སུ་ཞིག་ལ་སློབ་གསོའམ་བཀོད་པ་གཏོང་གི་འདུག་མ་བསམ་རོགས། འདི་ནི་ད་ལྟའི་ཁོ་བོ་ཡི་བསམ་ཚུལ་ཟིན་བྲིས་སུ་ཕབ་པ་ཙམ་སྟེ། ལོ་རྗེས་མའི་རང་ཉིད་ཀྱི་གོ་བ་དང་གཤིབ་བརྡུར་བྱ་ཆེད་དུ་བྲིས་པ་ཡིན། དེ་བས་ན། ཁྱོད་ཀྱི་དགོངས་པར་མ་མཐུན་ཚེ་བསམ་ཤེས་ཡོད་པར་ཞུ་ལ། གཏམ་འདི་དག་ཀྱང་དྲན་ཚུལ་ཙམ་ལས་ད་ལྟ་ལག་ལེན་དུ་ཐེབས་ཀྱི་ཡོད་ཅེས་སྨྲ་ཡི་མེད། གང་ལྟར། མི་གཞན་ལ་འགྲན་བསྡུར་བྱེད་པ་ལས། རང་ཉིད་ཀྱིས་རང་ཉིད་ལ་འགྲན་བསྡུར་བྱས་ཏེ། རང་ཉིད་རང་ཉིད་ལས་རྒྱལ་བ་ཞིག་བྱ་རྒྱུ་དེ་ནི་བདག་གི་རེ་འདུན་ངོ་མ་ཡིན་ནོ།།



2016-12-30……༢༡༤༣-༡༡-༡ཉིན་བྲིས།

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 194,911评论 5 460
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 82,014评论 2 371
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 142,129评论 0 320
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 52,283评论 1 264
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 61,159评论 4 357
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 46,161评论 1 272
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 36,565评论 3 382
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 35,251评论 0 253
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 39,531评论 1 292
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 34,619评论 2 310
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 36,383评论 1 326
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 32,255评论 3 313
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 37,624评论 3 299
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 28,916评论 0 17
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 30,199评论 1 250
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 41,553评论 2 342
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 40,756评论 2 335

推荐阅读更多精彩内容