སྐྱོ་ཀི།

图片发自简书App

སྐྱོ་ཀི།

དྲིན་ཆེ་པའི་སྙིང་གི་ཡབ་ཆེན།།

སེམས་དམར་པོའི་གཏིང་གི་མེ་ཏོག།

གཏམ་སྙན་མོ་འདི་ལྟར་སྨྲས་ན།།

ང་གཞོན་ནས་བསམ་བློ་འཁོར་དུས།།

ཁྱེད་མེད་ན་སེམས་ནས་སྐྱོ་ཀི།

སྒང་ཉི་མ་འདྲ་བའི་ཡབ་ཆེན།།

ནང་ཕུ་ནུ་གཡང་གི་མེ་ཏོག།

གོ་དཀའ་བའི་གཏམ་རེ་སྨྲ་དུས།།

མིག་ཆུ་མའི་སྐྱོ་གླུ་བླངས་ནས།།

ཁྱེད་དྲན་ན་ལྷག་དུ་སྐྱོ་ཀི།

གཟིམས་སོང་པའི་མར་མེ་རྐང་གཅིག།

དུས་མུན་ནག་ནང་དུ་མེད་ན།།

འོད་ཆེ་ཡང་སུ་ལ་མིན་ཕན།།

ལུས་མི་རྟག་སྒྲིབ་པའི་ཡབ་ཆེན།།

མིག་མཆི་མས་གང་ན་སྐྱོ་ཀི།།

ཡབ་ཆེན་དུས་ཆེན་སྐབས་བྲིས་པའི་༼སྐྱོ་ཀི༽ཞེས་པའི་སྙན་ཚིག་འདི་ནི་ཕ་དམ་པས་གསུང་པའི་གཏམ་དེ་དྲན་ནས་བདུད་རྩིའམ་སྐྱུ་རའི་གྲགས་པ་སེང་གེས་སྐྱོ་གླུ་ཞིག་ཏུ་བྲིས་པ་ཡིན།

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容