འཁྱམ་པོའི་དོན་གཏམ།

                                                གྲིབ་གཟུགས།


རྟག་མེད་བརྩེ་བ་ཡི་དབུ་འཁྱུད་བྲིས་པ།།

ན་གཞོན་སྣང་མཐོ་ངའི་རྩེ་དགའི་ཉེས་སྐྱོན།།

ལུས་སེམས་འཐོབ་ཤོར་གྱིས་གཙེས་པའི་ཕྱོགས་ལ།།

དགོངས་དག་ཚིག་གཅིག་གི་ཁ་གསབ་ལོས་བྱེད།།


སྟོང་བའི་འཁྲུལ་སྣང་གི་ཚོར་བ་ཞིམ་པོ།།

འདོད་ཁམས་ལོངས་སྤྱོད་ཀྱི་སྦྱིན་པ་ཙམ་མོད།།

ཁུངས་མེད་ཚིག་ཡག་གིས་བསླུས་པའི་དོན་ལ།།

སྤྲོ་སྐྱིད་སྨོན་ལམ་གྱི་ར་མདའ་ལོས་ཡོད།།


ཁྲ་རིག་རྒྱ་གྲོང་གི་བཞིན་བཟང་བུ་མོ།།

ཁྲམ་པའི་སྟོང་གཏམ་ལ་ཉན་གྲངས་མ་མང་།།

བསམ་པའི་ཕྱི་ནང་ལ་དཔྱོད་མཁས་མིན་ན།།

མཐའ་མའི་སྐྱོ་གདུང་དེ་རང་གི་སྡུག་ཡིན།།


འགྲོགས་མཐར་འགལ་བ་ལ་འཁང་ཚིག་མ་གཏོང་།།

སོ་སོའི་ལམ་ཁ་ནས་བདེ་བར་རོལ་དང་།།

དབང་མེད་མངའ་ཆུང་གི་ཕོ་གསར་འཁྱམ་པོ།།

མི་སྡོད་རྨི་ལམ་གྱི་ཞིང་དུ་ཆས་འགྲོ།།


©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容