དཔལ་ཡུལ་དགོན།

                                                             

མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གཅིག་སྒྲིལ་རྫོང་གི་ཁོངས་སུ་ཡོད་པའི་དཔལ་ཡུལ་དགོན་ནི་རྙིང་མ་བའི་དགོན་པ་ཆེ་ཤོས་ཤིག་ཡིན་ཞིང་། དགོན་པ་འདིར་ལོ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པ་དང་ད་ལྟ་ཁྱོན་བསྡོམས་གྲྭ་པ་ཆིག་སྟོང་ཙམ་ཡོད་པ་རེད། དཔལ་ཡུལ་དགོན་གྱི་ད་ལྟའི་དགོན་བདག་ནི་བླ་མ་ཀ་དབང་ཉི་མ་ཚང་ཡིན་ཞིང་ཁོང་ནི་སྤྲུལ་སྐུ་ཞིག་ཡིན།

དགོན་པར་རྟེན་གཙོ་བོ་དང་ལྷ་ཁང་གཙོ་བོ་འདི་དག་མཆིས་ཏེ། དགོན་པའི་དཀྱིལ་དུ་རྫུ་འཕྲུལ་ལྷ་ཁང་ཡོད་ཅིང་། ལྷ་ཁང་འདིར་རྟེན་གཙོ་བོ་གསུམ་ཡོད་དེ། རྟེན་དེ་དག་ནི་བར་དུ་ཇོ་བོའི་སྐུ་དང་། གཡས་གཡོན་དུ་བླ་མ་བློ་བཟང་བློ་རྡོ་རྗེ་དང་གདོང་ཡོན་མཁན་ཆེན་འཇིགས་མེད་དཀོན་མཆོག་གི་སྐུ་གདུང་།  ཟུར་དུ་དབང་སྤྲུལ་རྟ་མགྲིན་རྡོ་རྗེའི་སྐུ་གདུང་བཅས་སོ།། 

རྫུ་འཕྲུལ་ལྷ་ཁང་གི་གཡོན་འགྲམ་དུ་མགོན་ཁང་ཅིག་ཡོད་ཅིང་། དེ་ནི་གསོལ་ཁ་འདོན་ས་ཡིན། དེའི་གཤམ་དུ་སྒྱུ་འཕྲུལ་ལྷ་ཁང་ཡོད་ཅིང་། དེར་ཞི་ཁྲོའི་ལྷ་ཡོད།  སྒྱུ་འཕྲུལ་ལྷ་ཁང་གི་འགྲམ་དུ་ཕུར་བའི་ལྷ་ཁང་ཡོད་ཅིང་། ཕུར་བའི་ལྷ་ནི་རྙིང་མ་བའི་ལྷ་ཞིག་ཡིན།

དགོན་པའི་ལྷོ་ནུབ་ཀྱི་མཚམས་སུ་གསེར་གདུང་ཆེན་མོའི་མཆོད་རྟེན་ཡོད་ཅིག་ཅིང་། དེར་དཔལ་ཡུལ་མཆོག་སྤྲུལ་ཆེན་མོའི་སྐུ་གདུང་ཡོད། དཔལ་ཡུལ་མཆོག་སྤྲུལ་ཆེན་མོ་ནི་རིག་གནས་གསར་བརྗེའི་ཆེན་མོའི་སྐབས་ཀྱི་བླ་མ་ཞིག་ཡིན་ཞིང་། རིག་གསར་སྐབས་སུ་དགོན་པ་འདིར་རྡུང་བརྡེག་ཚབས་ཆེན་ཐེབས་པར་ཁོང་གིས་དགོན་པ་བསྐྱར་བཞེངས་མཛད་ཅིང་། ཕྱིས་སུ་ཁོང་ཡང་རིག་གསར་ཁྲོད་སྐུ་བཀྲོངས་པ་རེད།

དཔལ་ཡུལ་དགོན་གྱི་སློབ་སྦྱོང་གི་བརྒྱུད་རིམ་ནི་འདི་ལྟ་སྟེ། དགོན་པར་ཞུགས་མ་ཐག་ཏུ་དགོན་པའི་སློབ་གྲྭ་ལས་སུམ་རྟགས་དང་སྙན་དག་སོགས་ལ་སློབ་སྦྱོང་བྱ་དགོས་ཤིང་། ད་ལྟ་སློབ་གྲྭ་རུ་སློབ་མ་ཉིས་བརྒྱ་དང་ལྔ་ཅུ་ལྷག་ཡོད།

སློབ་གྲྭ་ནས་མཐར་ཕྱིན་རྗེས་བཤད་གྲྭར་སློབ་གནས་འཕར་བ་ཡིན་ཏེ། བཤད་གྲྭ་རུ་ལོ་གཅིག་ལ་བསྡུས་གྲྭ་དང་བསྡུས་ཆེན་ལ་སློབ་སྦྱོང་བྱ་དགོས་པ་དང་། དེ་རྗེས་ཚད་མ་ལོ་གཉིས་དང་། དབུ་མ་ལོ་གཉིས། མངོན་པ་མཛོད་ལོ་གཅིག ཕར་ཕྱིན་ལོ་གཅིག འདུལ་བ་ལོ་གཅིག རྒྱུད་སྡེ་ལོ་གཉིས་བཅས་རིམ་པ་བཞིན་ཁྱོན་བསྡོམས་ལོ་བཅུ་གཉིས་ཙམ་ལ་བཤད་གྲྭ་རུ་སློབ་གནས་འཕར་ཏེ་སློབ་སྦྱོང་བྱ་དགོས།

བཤད་གྲྭ་ལས་མཐར་ཕྱིན་རྗེས་རང་ཉིད་ཀྱི་མོས་པ་ལྟར་མཚམས་གྲྭ་དང་སྒྲུབ་གྲྭ་རུ་ཞུགས་ཆོག་པ་ཡིན་ཏེ། དེའང་མཚམས་གྲྭ་ནི་གཙོ་བོ་སྒྲུབ་པ་ཉམས་ལེན་བྱེད་ས་སྟེ། ཆོས་ཀྱི་ནང་དོན་སྒོམ་པ་དང་བསམ་གཏན་ལ་གནས་པ་དེ་འདྲ་ཞིག་ཡིན་ཞིང་། སྒྲུབ་གྲྭ་ནི་ཆོ་ག་གང་ཞིག་ལ་བརྟེན་ནས་འདོན་པ་དང་སྒྲུབ་པ་ལ་བརྩོན་པ་དེ་འདྲ་ཞིག་ཡིན་སྟེ། དེའང་གཙོ་བོ་རྡོ་རྗེའི་སེམས་དཔའི་ཆོ་ག་བསྒྲུབ་པ་ཡིན། མཚམས་གྲྭ་དང་སྒྲུབ་གྲྭ་ལས་མཐར་ཕྱིན་ཚེ་མཁན་པོའི་མཚན་ཐོབ་པ་ཡིན།

བླ་མའི་མཚན་ཐོབ་པར་མཁན་པོ་དང་གཅིག་པ་མ་ཡིན་པའི་བགྲོད་ལམ་མམ་སྦྱངས་བྱ་ཡོད་དེ། སྤྱིར་བཏང་བླ་མའི་མཚན་ཐོབ་པར་སྔོན་འགྲོ་ལོ་གཅིག་དང་རྩ་རླུང་ལོ་གཅིག  རྫོགས་ཆེན་ལོ་གཅིག་བཅས་ཁྱོན་བསྡོམས་ལོ་གསུམ་དང་དེ་རྗེས་སྐུ་གསུམ་ལོ་གསུམ་ལ་བསྒྲུབ་པ། སྒྲུབ་གྲྭ་ལོ་གསུམ་དང་། མཚམས་གྲྭ་རུ་ལོ་གསུམ་ལ་སློབ་སྦྱོང་བྱེད་པ་བཅས་ཁྱོན་བསྡོམས་ལོ་བཅུ་གཉིས་འགོར་བ་རེད།

རྙིང་མ་དང་དགེ་ལུགས་་པའི་ཡི་དམ་མི་གཅིག་སྟེ། རྙིང་མ་བར་བཀའ་སྒོང་ཕུར་གསུམ་དང་དགེ་ལུགས་པར་བདེ་མཆོག་བསང་འདུས་འཇིགས་བཅས་ཡོད་པ་རེད།

རྙིང་མ་བའི་དགོན་པར་མངའ་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ནི་ཕལ་ཆེར་འདུལ་བའི་འཛིན་གྲྭ་ཙམ་དུ་ཐོན་པའི་དུས་ནས་ཆོས་རར་ཚད་མ་རྩོད་པར་འགྲོ་མི་དགོས་པ་དང་སློབ་སྦྱོང་གི་གོ་རིམ་ཁྲོད་སྒོམ་སྒྲུབ་དང་སློབ་སྦྱོང་གཉིས་ཟུང་འབྲེལ་བྱེད་པ་དེའོ།།

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 212,542评论 6 493
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 90,596评论 3 385
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 158,021评论 0 348
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 56,682评论 1 284
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 65,792评论 6 386
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 49,985评论 1 291
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 39,107评论 3 410
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 37,845评论 0 268
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 44,299评论 1 303
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 36,612评论 2 327
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 38,747评论 1 341
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 34,441评论 4 333
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 40,072评论 3 317
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 30,828评论 0 21
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 32,069评论 1 267
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 46,545评论 2 362
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 43,658评论 2 350

推荐阅读更多精彩内容