འཁོར་བ།        མོན་ཐུལ།

འཁོར་བ།


མཚན་མོའི་རྨི་ལམ་འཕྲོག་པའི་གདུད་ཀྱི་འུག་སྒྲ།།

ཉིན་ཀྱི་ཁ་གཏད་འགྱིང་བའི་ཞེན་ཆགས་འཁོར་བ།།

ཁོ་བོའི་དབེན་གྲོང་སྟོར་བས་ལས་ངན་ནག་མོ།།

ཡོད་ཚད་འཕྲུལ་གྱིས་སྤྲུལ་བའི་སྒྱུ་མའི་འཇིག་རྟེན།།

འདྲེ་ལས་མི་ལ་ཞུགས་ནས་འཇིག་རྟེན་དཀྲུག་སྟེ།།

མི་སེམས་གདུད་ཀྱིས་བཟུང་བའི་མེ་ལྕེ་དམར་པོ།།

ལྷ་ལ་རྒྱ་འགལ་བྱས་བའི་དུག་སྦྲུལ་ཚོགས་འདི།།

སངས་རྒྱས་དངོས་ཞིག་ཡིན་ཡང་སུ་ཡིས་གདུལ་སྲིད།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容