2018-08-11

རྨེ་རུ་དགོན། གསར།

  རྨེ་རུ་རྙིང་པ་དགོན།

གནས་ཡུལ། ལྷ་སའི་བར་སྐོར་བྱང་ལམ་གྱི་ལྷོ་ངོས་སུ་གནས།

ལོ་རྒྱུས། རྨེ་རུ་རྙིང་པ་དགོན་དེ་ག་དུས་བཞེངས་ཚུལ་ལ་བཞེད་པ་མི་མཐུན་པ་དུ་མ་ཡོད་ཀྱང་། བྱ་རིགས་པ་བློ་བཟང་རྣམ་རྒྱལ་གྱིས་དགོན་པ་དེ་ནི་དུས་རབས་དགུ་པར་བཙན་པོ་ཁྲི་རལ་པ་ཅན་གྱིས་གཙུག་ལག་ཁང་གི་ཤར་ལྷོ་བྱང་གསུམ་ལ་ལྷ་ཁང་དྲུག་བཞེངས་པའི་ནང་གི་ཡ་གྱལ་ཞིག་ཡིན་པར་གསུངས། རྗེས་སུ་རྒྱུད་སྨད་གྲྭ་ཚང་གི་ཤར་ངོས་སུ་དགོན་པ་གསར་འདེབས་གནང་བས་སྔར་གྱི་དགོན་པར་རྨེ་རུ་རྙིང་པ་ཞེས་མིང་ཐོགས་ཤིང་། གསར་དུ་བཞེངས་པའི་དགོན་པར་རྨེ་རུ་དགོན་ཞེས་ཐོགས། རྙིང་པ་ཞེས་པ་ནི་གསར་རྙིང་གི་རྙིང་ལ་གོ་བ་ལས་གྲུབ་མཐའ་རྙིང་མ་བ་ཞེས་པའི་རྙིང་ལ་གོ་མི་རུང་བ་རེད།

རྨེ་རུ་རྙིང་པའི་གྲྭ་པ་ལགས་ཤིག་དང་གླེང་མོལ་བྱས་པ་ལས་ཤེས་གསལ་ལྟར་ན། སྤྱི་ལོ་དུས་རབས་བཅུ་དགུ་པ་ཙམ་དུ་རྨེ་རུ་དགོན་པ་གཞན་དེ་གསར་བཞེངས་བྱས་རྗེས། གནས་ཆུང་འཕྲིན་ལས་རྒྱལ་པོའི་སྐུ་རྟེན་ཤཀྱ་ཡེ་ཤེས་ཀྱིས་རྨེ་རུ་རྙིང་པ་ཚུར་ཉོས་པ་དང་། དེ་ནས་བཟུང་དགོན་པ་དེ་འབྲས་སྤུངས་དགོན་གྱི་ཁོངས་གཏོགས་ལྟ་བུར་གྱུར་ཞིང་། འབྲས་སྤུངས་དགོན་པའི་གྲྭ་པ་དག་གིས་དགོན་པར་བདག་གཉེར་བྱེད་བཞིན་ཡོད་པ་རེད།

རྨེ་རུ་རྙིང་པ་དགོན་དུ་ཡི་དམ་དང་སྲུང་མ་དུ་མའི་སྐུ་བཞུགས་ཏེ། དེ་དག་ནི་འཇིགས་བྱེད་དང་ཆོས་རྒྱལ། དཔལ་ལྡན་དམག་ཟོར་རྒྱལ་མོ། རྒྱལ་པོ་སྐུ་ལྔ་སྟེ། དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་དང་། ཤར་ཕྱོགས་སྐུ་ཡི་རྒྱལ་པོ། ནུབ་ཕྱོགས་གསུང་གི་རྒྱལ་པོ། ལྷོ་ཕྱོགས་ཡོན་ཏན་རྒྱལ་པོ། བྱང་ཕྱོགས་འཕྲིན་ལས་རྒྱལ་པོ། བརྟན་མ་བཅུ་གཉིས། དམ་ཅན་རྡོ་རྗེ་ལེགས་པ། ཞིང་སྐྱོང་ཡབ་ཡུམ། འཇིགས་རུང་ཐོགས་བཙན། གཉན་ཆེན་ཐང་ལྷ། དཔལ་མགོན་བྲམ་ཟེ། དགྲ་ལྷ། གནས་ཆུང་ཆོས་སྐྱོང་། ལྷ་མོ་ཉི་མ་གཞོན་ནུ་བཅས་རེད། དེ་དག་ལས་གནས་ཆུང་ནི་འབྲས་སྤུངས་དགོན་གྱི་སྲུང་མ་གཙོ་བོ་ཡིན་པ་དང་། འཇིགས་རུང་ཐོགས་བཙན་ནི་རྨེ་རུ་རྙིང་པའི་སྲུང་མ་གཙོ་བོ་ཡིན། རྒྱལ་པོ་སྐུ་ལྔ་དང་དཔལ་ལྡན་ལྷ་མོ། ལྷ་མོ་ཉི་མ་གཞོན་ནུ། དཔལ་ལྡན་ལྷ་མོ་སོགས་ནི་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྤྱིས་བསྟེན་པའི་སྲུང་མ་ཡིན།

རྨེ་རུ་དགོན(གསར་མ) དགོན་དུ་ཡི་དམ་དང་སྲུང་མ་དག་གི་ཞལ་མདུན་དུ་དར་བཀབ་དེ་གསལ་པོ་མི་མཐོང་བ་བྱས་ཡོད་པ་དང་། དེ་ནི་གསང་སྔགས་ཀྱི་མཚོན་ཚུལ་ཞིག་ཡིན་པར་བཤད་དེ། སྤྱིར་བཏང་རིམ་པ་དམའ་བའི་སྲུང་མའི་ཞལ་དེ་མི་རྣམས་ཀྱིས་གསལ་པོར་མཐོང་ཡང་སྐྱོན་མེད་ནའང་། རིམ་པ་མཐོ་བའི་སྲུང་མའི་སྐུ་དང་ཞལ་དེ་གསལ་པོ་ཞིག་མཐོང་མི་ཐུབ་པ་བྱས་ཚེ་དེ་ལ་དངོས་གྲུབ་མཆིས་པ་དང་ཁྱད་པར་ཅན་གྱི་ནུས་པ་ཐོན་པར་བརྗོད་པ་རེད། རྨེ་རུ་དགོན་(གསར) དུ་རྟེན་གཙོ་བོ་ནོར་ལྷ་རྣམ་ཐོས་སྲས། རྒྱལ་ཚབ་རྗེ། རྡོ་རྗེམསེམས་པ། རྗེ་ཙོང་ཁ་པ། མཁས་གྲུབ་རྗེ།

དམ་ཅནམམགར་བ་ནག་པོ། དཔལ་ལྡན་ལྷ་མོ། མགོན་པོ་ཕྱག་དྲུག། དཔལ་གསང།བ་འདུས་པ། དཔལ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་སོགས་བཞུགས་པ་རེད།


རྨེ་རུ་རྙིང་པ།
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容