ལྷིང་འཇགས་དང།
སྐྲག་སྣང་ལྡན་ཞིང།
གློག་སྒྲོན་གྱི་འོད་གདངས་ཉམས་པའི་མུན་ནག་གི་ལམ་ཕྲན་ཞིག།
ཐེངས་དང་པོར།
ངས་རེ་བ་དང་ཡིད་ཆེད་ཀྱི་ཁེངས་པའི་ངང་ནས་གོམ་པ་ཡི་ཐོག་མ་དེ་སྤོས་ལ།
སྤོབས་སེམས་དང་དགའ་སྤྲོ་ཡི་འཛུམ་མདངས་ཤིག་ཀྱང་རང་ཤུགས་སུ་སྐྱེ་བར་བྱས།
འོན་ཀྱང།
དུས་ཡུན་ནི་ཇི་ཙམ་སོང་བ་མི་དྲན་པར།
མིག་མདུན་གྱི་ལམ་བུ་ནི་ཅི་འདྲའི་ཁེར་རྐྱང་བ་ཞིག་ལས་མ་མཐོང་།
ལམ་དེར་བསྐྱོད་ཐེངས་རེ་རེར།
ངས་རང་ཉིད་ཀྱི་བྲང་ཁར་ལག་ཟུང་གིས་ཐལ་མོ་སྦྱར་ཞིང་ཁ་ནས་ཡིག་དྲུག་འདྲེན་པར་ཐལ།
སྐབས་རེར།
སེམས་ལྷོདཅིང་ཞི་བར་བསམ་ནས།
གཅིག་པུར་ཆི་ལབ་ཀྱང་ལེན་པར་ཐལ།
ཡིན་ན་ཡང།
ལམ་བུ་དེར་ང་ལ་ཅི་ཞིག་གི་ནུས་པས་བསླུ་བྲིད་བྱེད་པ་ནི་མི་ཤེས་པར།
་ཡོད་ཚད་རྨོངས་གཉིད་ཀྱི་གནས་སུ་ལྷུང་ཏེ་སེམས་ཁོངས་སུ་སྐྱོ་བ་ལས་གཞན་ནི་གང་ཡང་མ་འཆིས་སོ།
ལམ་ཕྲན། ཅི་འདྲའི་ཁ་ཕྱོགས་མེད་པ་ཞིག་དང་ཅི་འདྲའི་ཡིད་ཕམ་པ་ཞིག་།