དགེ་རྒན།

ཕ་མ་གཉིས་པ་ལྟ་བུའི་དགེ་རྒན་དམ་པ་ས་ཆེན་པོ་ཡོམ་ཡོམ་འགུལ་ཀྱང་ཁྱོད་ཀྱིས་རང་སྲོག་ལ་སྣང་དོགས་མི་བྱེད་པར།སློབ་མའི་ཕྱོགས་སུ་རྒྱུགས།

བཀའ་དྲིན་རི་རབ་ལས་མཐོ་བའི་སྙིང་གི་དགེ་རྒན་ས་ཆེན་པོ་ཤུགས་ཀྱིས་འགུལ་དུས་ཁྱོད་ཀྱིས་ཡུལ་མི་དང་གཉེན་ཉེ་ལ་སེམས་འཁུར་མི་བྱེད་པར།

སློབ་མའི་ཕྱོགས་སུ་རྒྱུགས།

བརྩེ་བ་འོ་མཚོ་ལས་ཟབ་པའི་སྙིང་གི་དགེ་རྒན་ས་ཆེན་པོས་མི་ཡུལ་ལ་རྩེད་མོ་རྩེད་དུས་ཁྱོད་ཀྱིས་དྲོད་ཁོལ་མི་བསམ་པར།

སློབ་མའི་ཕྱོགས་སུ་རྒྱུགས།

གནམ་འོག་གི་ལས་གནས་དཀྱུས་མ་ན་བཞུགས་པའི་དགེ་རྒན་ཚང་མར་བཀའ་དྲིན་ཆེ་ཞུ།བཀའ་དྲིན་ཆེ།ཕ་མ་གཉིས་བ།

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容