࿐དོགས་འདྲི།

བོད་ཁྲག

གནས་ལུགས་གང་ཞིག་ལ་རང་ལྟ་མཆོག་འཛིན་དང་། རང་བློ་འཕྲེད་གཅོད་ཀྱིས་དབང་དུ་མ་སོང་པར། བདེན་པ་ཉིད་གཙིགས་སུ་བཀུར་ཞིང་དཔྱོད་ཤེས་ཀྱི་བློ་མིག་ལྡན་པས་ཀློག་པ་པོ་དང་དྲ་གྲོགས་ལྷན་རྒྱས་ལ་ཞུ་གསོལ།

ད་ལོའི་ཕྱི་ཟླ་དགུ་པའི་ཚེས་བཅུ་གསུམ་ནི་ཉི་འཛིན་རེད་ཅེས་དྲ་ལམ་དང་གསར་འགྱུར་ཁག་ན་བསྒྲོགས་ཀྱིན་འདུག   དེ་དང་མཉམ་དུ་དགེ་བ་གང་སྒྲུབ་འབུམ་འགྱུར་མང་པོར་འགྲོ་ཞེས་འུར་བསྒྲོགས་ཡང་བར་མཚམས་མེད་པར་བྱེད་དང་བྱེད་ཀྱིན་འདུག  བདག་གིས་བསམ་གཞིགས་ཅི་ལྟར་བཏང་ཡང་དགེ་བ་འབུམ་འགྱུར་དུ་འགྲོ་ཚུལ་ཁྱོན་ནས་ཤེས་ཀྱིན་མི་འདུག  སྤྱིར་བཅོ་ལྔ་དང་གནམ་གང་སོགས་བོད་ཀྱི་དུས་ཆེན་ཞིག་དུ་བརྩི་སྲོལ་ཡོད་ཀྱང་།  ཟླ་འཛིན་ལ་བྱེ་བ་བདུན་འགྱུར་དང་།  ཉི་འཛིན་ལ་བྱེ་བ་འབུམ་འགྱུར་ཞེས་ཉི་འཛིན་དང་ཟླ་འཛིན་ལ་ལྷག་པར་འགྱུར་ཆེ་བར་བཤད་པ་དེ་ཅི་ཞིག་ཡིན་ནམ །  

ལུང་ཙམ་ལ་ཁས་འཆེས་མི་བྱེད་པར་གནས་ལུགས་ལྡན་པའི་སྐད་ཆ་རེ་དང་རིགས་པས་སྒྲུབ་བྱེད་ཡང་དག་རེ་ཅིས་ཀྱང་ཡོད་པར་ཞུ།།

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

友情链接更多精彩内容