ཨ་ནུ་དཔེ་ཚོགས།

ཨ་ནུ་དཔེ་ཚོགས་ནི་ན་ཆུང་སློབ་མའི་དཔེ་ཀློག་གི་དགོས་མཁོར་དམིགས་ཏེ། བོད་རང་གི་སྐྱེས་ཆེན་གྱི་མི་ཚེའི་གཏམ་རྒྱུད་དང་། བྱིས་སྒྲུང་སོགས་ཁ་གསལ་ཞིང་གོ་བདེ་བའི་སྒོ་ནས་གསར་རྩོམ་བྱས་པའི་དཔེ་རིས་དེབ་ཡིན།


རི་མོ་བ། དོན་ནེ།



གཙོ་སྒྲིག་པ། བཙན་པོ་གསེར་བ།


གཉའ་ཁྲི་བཙན་པོ།


གཉའ་ཁྲི་བཙན་པོ་ནི། སྤྱི་ལོ་སྔོན་གྱི417ལོར་སྐྱེས་ཤིང་། སྐྱེས་མིང་ལ་མང་སྙ་ཨུ་བེ་ར་ཟེར།
དཔེ་རིས་དེབ་འདིར་ཨུ་བེ་རས་སྤུ་བོའི་དཔོན་ངན་གཏུམ་པོ་ཆམ་ལ་ཕབ་པ་དང་། མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་བརྩིགས་ཤིང་། མུ་ཚོ་བཟའ་ཁབ་ཏུ་བཞེས་ཏེ། རྒྱལ་སྲིད་བསྐྱངས་པའི་མི་ཚེའི་གཏམ་རྒྱུད་བྲིས་ཡོད།


ཁ་བ་སྙིང་ལྕགས།



འབུ་མེ་ལྕེབས།


འབུ་མེ་ལྕེབས་ནི།མཚན་མོར་འོད་སྣང་འཚོལ་བའི་འབུའི་རིགས་ཤིག་ཡིན།
དཔེ་རིས་དེབ་འདིར་ཀུན་ལེགས་ཞེས་པའི་གཞོན་ནུ་ཞིག་དང་འབུ་མེ་ལྕེབས་ཀྱི་ངོ་མཚར་བའི་གཏམ་རྒྱུད་བྲིས་པ་བརྒྱུད་ནས། སྐྱེ་འགྲོ་ཐམས་ཅད་ཀྱིས་བརྩེ་བའི་དྲོད་ཁོལ་ལ་རེ་ཞིང་།བརྩེ་བ་ཡིས་སྐྱེ་འགྲོ་ཀུན་ལ་སྟོབས་ཤུགས་དང་བདེ་སྐྱིད་བསྩོལ་པ་བརྗོད་ཡོད།



སྒར་གསར་ཀིརྟི་སྐྱབས།


དགེ་འདུན་ཆོས་འཕེལ།



དགེ་འདུན་ཆོས་འཕེལ་ནི། བསམ་བློ་གཏོང་བར་དགའ་ཞིང་། གཞན་ལ་དྲི་བ་འདོན་རྒྱུར་མོས་པ་དང་། མཐོང་ཐོས་མྱོང་གསུམ་རི་མོར་འབྲི་བ་ལ་ཡང་སྤྲོ་བ་ཞིག་ཡིན།
དཔེ་རིས་དེབ་འདིར་དགེ་འདུན་ཆོས་འཕེལ་གྱིས་རེབ་གོང་དང་བླ་བྲང་།ལྷ་ས། རྒྱ་གར་སོགས་ས་ཆ་མང་པོ་འགྲིམས་ཏེ། རྒྱལ་ཁམས་རིག་པས་བསྐོར་བའི་མི་ཚེའི་གཏམ་རྒྱུད་བྲིས་ཡོད།



最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容