2018-11-11

ཐོག་མར་བདག་གི་བརྒྱུད་པའི་བླ་མ་དུས་སྙིགས་རྩོད་ལྡན་བསྐལ་བ་འདི་རུ་ཟབ་མོ་རྫོགས་པ་ཆེན་པོར་ཉམས་ལེན་གྱི་རྩེར་སོན་པས་ཚེ་གཅིག་ལུས་གཅིག་ཐོག་ཏུ་ཕུག་པོ་ལྷག་མེད་འོད་ལུས་སུ་ཐིམ་ནས་མཐར་ཐུག་འབྲས་བའི་གོ་འཕང་ཐོབ་པའམ་ཞི་བ་བདེ་ཆེན་གླིང་དུ་དབུགས་འབྱིན་པའི་རྗེ་གྲུབ་དབང་ཀུན་མཁྱེན་ཤར་རྫ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་མཛོད་ཆེན་སྣ་ལྔར་གཙོ་བའི་རྗེའི་མཛོད་ལྔ་དག་སོགས་ཐོས་ཆུངཕྲན་གྱི་རྩ་བའི་བླ་མ་འཇིགས་མེད་དབང་ཕྱུག་ཉིད་གཙོར་བྱས་པའི་དཔོན་གསས་དགེ་མཚན་ཅན་མཚན་ལྡན་དུ་མའི་མདུན་དུ་བརྒྱུད་པ་མ་ཆད་མ་ལྷུང་ཞིང་སྒྲིབ་གཉིས་དྲི་མས་ཀྱང་འཕྲལ་ཙམ་ཡང་གོས་མ་མྱོང་པའི་ཁྲིད་ལུང་ཟབ་མོ་རྒྱ་ཆེར་ཐོབ་པ་ལས།  བདག་བས་དམན་ནམ་བདག་འདྲ་མ་རིག་པའི་འཆིང་བས་རྒྱུ་དྲུག་ཏུ་སྐབས་ཙམ་ཡང་མི་འདུག་པར་འཁོར་བ་ན་ཤིང་རྟའི་འཕང་ལོ་དང་ཟོ་ཆུའི་རྒྱུན་མ་ལྟར་ཡང་ཡང་འཁོར་བའི་སེམས་ཅན་དག་འཕྲལ་ཙམ་བདེ་བར་བཀོད་ཕྱིར།  འདུ་ཤེས་བློ་ཁ་སྒྱུར་བའི་ཕྱིར། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་རྩལ་ཅུང་རྒྱས་པའི་ཕྱིར་དུ་གཞུང་ལུགས་ཚུལ་ཁ་ནས་རྩོམ་པ་ཡིན། ཀུན་རྫོབ་བསླུ་དྲིད་ཀྱི་སྣང་བའི་ས་ནས་བློ་ལྡོག་བའི་རྒྱལ་བ་ཉིད་ཀྱང་།  ཐོག་མར་ང་ཚོ་ལྟར་ཐལ་མ་བ།  བར་དུ་ཚད་མེད་བཞི་གཙོ་དང་བདེན་མེད་ཀྱི་ཤེས་རབ་འདུ་ཤེས་གསར་བ་རྙེད་པས། མཐར་ལ་འབྲས་བུ་སྐུ་བཞིའི་གོ་འཕང་ཐོབ།  དེའི་ཐབས་ཤེས་འུ་ཚོར་བསྟན་པ་འདི་ངས་སྐྱར་བཟླས་ཙམ་ཡིན། རྒྱལ་བ་ལྟར་གཞན་ཕན་ངེས་པ་མ་འོང་ན་བརྗོད་འདོད་དབང་གིས།  གསར་བཤད་དང་ཕོད་ཚོ་སོགས་མྱོང་མེད་སྒོ་ནས་ཀྱང་མིན། རྒྱལ་བའི་གཞུང་ལུགས་ཟབ་མོ་རྒྱ་མཚོ་ལས་གོ་བ་ཆུ་ཐིགས་འདྲ་མོ་ལེན་པ་འདི་ང་དང་ང་འདྲའི་བློ་དམན་དང།  ལས་དང་པོ་བ་ཀུན་ལ་སྤྲོས་སྙམ་པ་ཡིན། ཚུན་རོལ་འཁོར་བས་གདུང་བ་ལས་བརྒལ་ཏེ་ཕར་རོལ་མྱང་འདས་སར་ཕྱིན་པའི་བྱང་ཆུབ་སྒྲུབ་ཐབས་ལམ་གྱི་རིམ་པ་ཙམ་འདི་ནས་བཤད་འདོད་བྱུང་།

རྗེ་མཉམ་མེད་གསུངས་པ་ལྟར། སངས་རྒྱས་བསྟན་པར་བཤད་སྒྲུབ་གཉིས་ཀྱིས་འཛིན་སྐྱོང་སྤེལ་གསུམ། ཡང་ན་སངས་རྒྱས་བསྟན་པ་འཛིན་མཁན་ལ་གོས་དཀར་རལ་བའི་སྡེ་དང་གོས་དམར་འདུལ་སྡེས་འཛིན་དགོས་པ་གསུངས་པ་བཞིན།  དེ་ལས་གཞན་གང་རག་ལས་པ་སུས་ཀྱང་སྒྲུབ་པ་དཀའ།

དེས་ན་རྒྱལ་བའི་བསླབ་གསུམ་གང་རུང་འཛིན་པའི་སྡེར་ཁོང་གཏོགས་ན། རང་གཞན་དོན་དུ་སངས་རྒྱས་བསྟན་པ་ལ་འཆད་རྩོད་རྩོམ་གསུམ་དགོས།

ཁྱད་པར་ཐེག་ཆེན་གྱི་སྒོ་ཞུགས་མཁན་ལྷག་ཏུ་གཞན་དོན་གཙོར་དམིགས་པས་གཞན་དོན་དམིགས་དགོས རང་ཀྱང་དེས་བདེ་བ་མཐར་ཐུག་རྙེད་ཆེད་དོ། འོན་ན་ཁྱེད་རྩོམས་འདིས་གཞན་དོན་འགྲུབ་པའི་ནུས་པ་ཡོད་དམ་ཞེས་ན། བཤད་པར་བྱ། འདིས་སེམས་ཅན་ཀུན་གྱི་སྡུག་བསྔལ་རྒྱ་མཚོ་སྐེམ་དཀའ་མོད་ཀྱང་། རང་ལ་དད་པའི་གསལ་འདེབས་དང་དགེ་སྦྱོར་ལ་བསྐུལ་མ་ཕྱིར་རྩོམ།  འོན་ན་རང་རྐྱང་འབའ་ཞིག་གིས་ཐེག་ཆེན་སེམས་སྐྱེད་ལ་འཛེམས་བའི་རྐྱེན་ངན་རེད་ཟེར་ན། གཞན་སྐུལ་ན་ཕྲན་ནི་ཐོས་ཆུང་ཡོན་ཏན་གྱི་སྣོད་རྒྱ་མཚོའི་ཐིགས་པ་བཞིན་གྱི་གཞུང་འདིའི་ནུས་མཐུ་ཆུང་བས་རང་དོན་དུ་བརྩོམ་པ་ལས། རང་བས་དམན་རྣམས་བདེ་དོན་ཅུང་ཟད་ཆེད་ངེས་པ།  འཁོར་བའི་བདག་འཛིན་གྱི་བཅིངས་པས་ཉོན་མོངས་སྡུག་གིས་གདུང་བར་ཚང་མས་དོན་དུ་བྲལ་འདོད་ཀྱང་ཐབས་སུ་མ་འཇུག་པའི་རྐྱེན་གྱིས་ལོག་པའི་ལམ་ལ་འཇུག་བས  དེས་ན་བདེ་དོན་དངོས་སུ་བཙལ་ཐུབ་པར་རྒྱལ་བའི་དགོངས་པ་ཐབས་ཡིན་པ་ལས་ཆུ་ཐིགས་ཙམ་དཀོད་འདོད་བྱུང་།

བྱང་ཆུབ་ཐར་པར་སྒྲུབ་པའི་ཉི་གུར་བློ་གསར་ཡིད་ཀྱི་གཞན་ཕན་སྙིང་པོ་བཞུགས་སོ།།

སངས་རྒྱས་དང་དབྱེར་མ་མཆིས་པའི་སྐྱབས་རྗེ་བླ་མར།།

སྒོ་གསུམ་གུས་ཏེ་བདག་ལ་ཐུགས་རྗེས་བཟུང་དུ་གསོལ།།

དྲངས་ངེས་མཐའ་རུ་ཕྱིན་པར་སྟོན་པའི་རྫོགས་སངས་རྒྱས།།

བདེན་གཉིས་དོ་རུ་མཉམ་པར་འདྲེས་པའི་གཡུང་དྲུང་བོན།།

རྒྱུ་འབྲས་ཚོགས་གཉིས་བསླུ་མེད་བསགས་པ་སེམས་དཔའི་སྡེ།།

སྐྱབས་ཀྱི་དཀོན་མཆོག་རྣམ་གསུམ་དད་བརྒྱའི་དབུས་སུ་བརྟེན།།

རབ་འབྱམས་རྒྱལ་བ་འཕགས་ཚོགས་ཡོངས་ཀྱི་མཁྱེན་པའི་ཆ།།

མ་ལུས་ལྷག་མེད་གཅིག་ཏུ་འདུས་བའི་རིན་ཆེན་མཛོད།།

སྐུ་མདོག་མཐིང་སྔོན་འོད་འཚེར་ལྷག་པའི་ལྷ་མཆོག་ཏེ།

རྗེ་བཙུན་སྨྲ་བའི་སེང་གེར་སྒོ་གསུམ་གུས་ཕྱག་འཚལ།།

མཚན་དཔེ་ཀུན་བཟང་ཕུན་ཚོགད་ལེགས་པས་བསྐྲུན་པའི་སྐུ།།

གདུལ་བྱ་མཐའ་ཡས་སེམས་ཅན་རེ་བ་སྐོང་བའི་གསུང་།།

ཇི་ལྟར་ཇི་སྙེད་མ་ལུས་ཡོངས་སུ་མཁྱེན་པའི་ཐུགས།།

དམུ་རིགས་རྗེ་བོའི་སྲས་སུ་མི་ཕྱེད་དད་པས་མཆོད།།

བརྩེ་དང་བྱམས་པའི་སྐྱ་རེངས་ཁྲི་གདུགས་གཞོན་ནུ་ལས།།

གཞན་ཕན་སྙིང་རྗེའི་འོད་སྟོང་ཀུན་དུ་གསལ་འཆར་བས།།

མ་རིག་འཚེ་བའི་མུན་པ་སེལ་ཞིང་འཇོམས་བྱེད་པའི།།

སྐྱབས་རྗེ་མཉམ་མེད་བླ་མའི་རྟ་བདུན་དབང་པོར་བསྔགས།།

སྡེ་སྣོད་འབུམ་ཁྲི་གཞུང་ལུགས་ཧྲིལ་བོའི་ངུར་སྨྲིག་འཛིན།།

མུ་སྟེགས་རྒོལ་ངན་དཔུང་ཚོགས་སྐད་ཅིག་ཉིད་དུ་བསྒྲལ།།

དུས་སྙིགས་ས་སྟེང་སྨྲ་དབང་སེང་གེའི་མཚན་རྙེད་པ།།

ཀུན་མཁྱེན་མངྒ་ཝེར་ཞིས་སྐྱེ་རྒུ་འདིར་སྲུངས་ཤིག།

རྒྱལ་བ་ཡོངས་ཀྱིས་བསྔགས་པའི་ལེགས་བཤད་སྒྲ་དབྱངས་སྒྲོག།།

རི་སུལ་དབེན་པའི་གསེང་ལ་བླ་མེད་བསམ་གཏན་སྒོམ།།

གངས་ཅན་བོད་ཁམས་ཁྲོད་ནས་རྣལ་འབྱོར་རྩེར་སོན་པ།།

ཤར་རྫའི་རྒྱལ་ཚོབ་འཇིགས་མེད་དབང་པོར་མོས་ཕྱག་འཚལ།།

གདོད་ནས་ཆོས་རྒྱལ་རྣམས་ཀྱིས་མཛད་པ་ཁྲིམས་དང་ཚུལ།།

གངས་ཅན་པ་ཡི་མ་ཡིག་སྲོག་ཟུངས་རྒྱུན་སྤེལ་གཏོང་།།

བདག་འདྲའི་རྨོངས་ཚོགས་ཆེད་དུ་བཀའ་བརྟེན་རྗེས་ཕྱུང་པའི།།

གནའ་བོའི་དཔོན་གསས་བཀའ་དྲིན་བསྙེལ་བ་ཅིས་ཆེད་སྲིད།།

འདི་ནས་ལུང་རིགས་འབྲུག་སྒྲ་སྨྲ་བའི་སྐྱེས་བུ་དང་།།

གྲུབ་དབང་ཤར་རྫའི་བླ་སློབ་ཞབས་ཀྱི་རྗེས་འཛིན་ནས།།

མ་གྱུར་སྐྱེ་འགྲོ་བདག་འདྲའི་མ་རིག་འཆིང་རྣམས་དོན།།

བླ་མར་ལས་ཐོས་དོན་རྣམས་ཅུང་ཟད་སྐབས་བབས་འཆེད།།

རྒྱལ་བསྟན་དགོངས་དོན་རྟོགས་པའི་འཕགས་པའམ་དམ་པ་མཆོག།

མཆོག་གསུམ་དད་ཐོག་མེད་པའི་བླུན་རྒན་ལོག་ལྟ་ཚོར།།

བློ་དམན་བདག་ཉིད་གཞུང་འདིས་སྐུལ་བ་མི་འོང་མོད།།

བདག་དང་བདག་འདྲར་ཕན་སྙམ་ཅན་ལ་གདམས་པ་ཡིན།།

འདི་ནི་མཁས་འདོད་སྙན་གྲགས་ནད་ཀྱི་སྐྲངས་འབུར་མིན།།

འདི་ནི་ཁེངས་སེམས་ཕྲག་དོག་རྒྱ་མཚོའི་རྦ་རླབས་མིན།།

འདི་ནི་སེམས་ཅན་ཀུན་ལ་ཤིང་རྟའི་གསར་བཤད་མིན།།

འདི་ནི་ལྷག་བསམ་གཙང་མའི་རང་མདངས་ཤར་བ་ཡིན།།

དེ་ལ་འདི་ནས་བོན་ལ་གསར་དུ་སློབ་པའི་ལས་དང་པོ་བ་རྣམས་པས་བྱང་ཆུབ་ལམ་གྱི་རིམ་པར་དམིགས་ཚུལ་ཕྲན་བུ་ཙམ་བཀོད་པ་ལ།          ཀུན་མཁྱེན་ཤར་རྫ་དང་རྗེ་མཉམ་མེད་བླ་མའམ་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་དག་གིས་གཞུང་ལུགས་རླབས་ཆེན་འཆད་སྐབས་ས་བཅད་བཞིའི་སྒོ་ནས་འཇུག་མོད། འདི་ཡང་དེ་དང་ཕྱོགས་མཐུན་ས་བཅད་ཙམ་མ་གཏོང་བར་རྣམ་པ་གཉིས་ཙམ་གྱི་སྒོ་ནས།གདམས་པའི་འབྱུང་ཁུངས་བསྟན་པ། བསླབ་པར་གཞུང་ཉིད་འཆད་པའོ།

དང་པོ་ནི་འདི་ལྟར། ཆུ་མགོ་གངས་ལ་ཐུག་མཞིན། ཐོག་མ་ཉིད་ནས་ལམ་གྱི་རིམ་པ་འདི། གདོན་མའི་མགོན་པོ་བོན་སྐུ་ཀུན་དུ་བཟང་པོའི་ཁྲོད་ནས་ཡོད་རུང་སྟེ། དེ་སྐད་དུ་ཐམས་ཅད་ཀུན་བཟང་ང་ཡིས་བཤད་ཅེས་གསུངས། ཀུན་བཟང་ཉིད་ཀྱི་ཐུགས་བཅུད་བདེ་གཤེགས་དགོངས་བརྒྱུད་བླ་མའི་དགོངས་ཀློང་ནས་བརྒྱུད། དེར་སེམས་དཔའ་བརྡ་བརྒྱུད་བླ་མས་བརྡར་བརྟེན་ནས་བརྒྱུད། དེར་ཡང་གྲུབ་ཐོབ་སྙན་བརྒྱུད་བླ་མས་ཚིག་དོན་སྙན་དུ་བསྒྲགས་ནས་བརྒྱུད།  གོང་དེར་སྒྲ་སྒྱུར་ལོ་ཙྰ་རྣམས་ཀྱིས་ཞང་ཞུང་གི་སྒྲ་རིགས་བོད་སྐད་དུ་བསྒྱུར་ནས་བརྒྱུད།  དེ་ཤུལ་བོན་ལ་རྐྱེན་ངན་གསུམ་གྱི་དབང་གིས་གཏེར་དུ་མཛད། ཕྱིས་སུ་གཏེར་སྟོན་གཤེན་གྱེར་རྨ་དབྱིལ་དག་གིས་གཏེར་ཁ་ནས་གདན་ཕྱི་རུ་དྲངས། དེའི་ནང་ཚན་གཤེན་ཆེན་ཀླུ་དགའ་གྱི་སློབ་མ་གཏེར་སློབ་གྲྭ་ས་ཡ་བཞི་སོགས་སློབ་མ་རྣམས་ལ་བརྒྱུད། ཁྱད་པར་གཤེན་ཆེན་ཀླུ་དབང་གིས་མཛད་རྣམ་དྲང་ངེས་ཁྲིད་ཡིག་ཆེན་མོར་རྩ་བ་བཟོས་ནས། དགོངས་མཛོད་རི་ཁྲོད་པས་ཨ་ཁྲིད་ཐུན་མཚམས་བརྒྱུད་ཅུ་བ་གདམས། དེར་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་ཀྱིས་ཐུན་མཚམས་སུམ་ཅུ་བར་བསྡུས་ནས་མཛད། དེར་བྲུ་རྒྱལ་བ་གཡུང་དྲུང་གིས་ཐུན་མཚམས་བཅོ་ལྔ་པར་བསྡུས་ནས་སྟག་གུ་ཉི་མ་རྒྱལ་མཚན་བར་བརྒྱུད་པ་ཆད་མེད་ལྷུང་མེད་སྒོ་ནས་བརྒྱུད།  ཉི་མ་རྒྱལ་མཚན་ཁོང་གིས་དཀར་ཁྲིད་དང་དམར་ཁྲིད་ཟུང་གཅིག་ཕྱེས། བློ་གྲོས་དག་ལ་དམར་ཁྲིད་འདི་བརྒྱུད་ནས་རྒྱལ་དབང་ཀུན་གྲོལ་གྱི་བར་བརྒྱུད།  རྒྱལ་དབང་ཀུན་གྲོལ་མཆོག་གིས་དམར་ཁྲིད་དགོངས་པ་ཡོངས་འདུས་དང་།  ཁྲིད་ཡིག་དམར་མོ་འཛུབ་ཚུག་འདི་ཉིད་མཛད་ནས་གྲུབ་ཐོབ་ཤེས་རབ་བློ་ལྡན་སོགས་དམ་པ་དུ་མར་བརྒྱུད།  བརྒྱུད་ལྡན་དེས་ཀུན་གྲོལ་ཡང་སྲིད་གསུམ་པ་མསྟན་འཛིན་རིན་ཆེན་གཙུག་ཕུད་ལ་བརྒྱུད།  ཁོང་གིས་པད་སྤྲུལ་བསྟན་པ་དབང་རྒྱལ་ལ་བརྒྱུད།  དེས་མགྲོ་མགོན་ལྕམ་ལུང་གཡུང་དྲུང་བསྟན་རྒྱལ་ལ་གནང།  དེས་ཀུན་གྲོལ་སྐུ་འཕྲེང་ལྔ་བ་རིག་འཛིན་ནམ་མཁའ་གྲགས་པར་བརྒྱུད། དེ་ཡིས་མདོ་ཁམས་ཡུལ་གྱི་རིད་ཁྲོད་གོང་མའི་ཤིང་རྟ་ཆེན་མོ་ཀུན་མཁྱེན་མྒང་ཝེར་ཞིར་བརྒྱུད།ཁོང་གིས་བརྒྱུད་པ་དེ་ལྡན་གྱི་ལམ་རིམ་སྐོར་ནས་བཀའ་ལུང་རྒྱ་མཚོ་དང་མདོ་སྔགས་རྫོགས་གསུམ་ཁ་གང་བའི་སྡེ་སྣོད་མཛོད་མཛད།  དེ་རྣམས་་འཇའ་ལུས་པ་ཟླ་བ་གྲགས་པ། སུ་ལ་བསྐལ་བཟང་རྒྱལ་མཚན།  རྟོགས་ལྡན་ཚུལ་ཆེན་སོགས་དམ་པ་གསེར་འདྲའི་མཁས་ཤིང་བོད་ཡུལ་སྟོད་སྨད་བར་གསུམ་དུ་བོན་གྱི་འབྲུག་བསྒྲོགས་པ་དག་ལ་བརྒྱུད་ཡོད། དེ་ནས་ཁོང་རྣམས་པ་དུ་མ་ཞིག་གིས་སློབ་བུ་དགེ་ལེགས་ལྷུན་འགྲུབ་རྒྱ་མཚོར་བརྒྱུད་ནས་དགེ་ལེཏ་ལྷུན་འགྲུབ་རྒྱ་མཚོ་ཁོང་ཉིད་ཀྱི་སློབ་མ། བདག་གི་བཀའ་དྲིན་བཞི་ལྡན་གྱི་རྩ་བའི་བླ་མ་མཆོག ཤར་རྫའི་རྒྱལ་ཚབ་གསུ་མ་པ་འཇིགས་མེད་དབང་ཕྱུག་ལ་བརྒྱུད།  རྩ་བའི་བླ་མ་ཁོང་གིས་བདག་དང་མཆེད་གྲོགས་གཉིས་བརྒྱ་འདྲར་ཁྲིད་ལུང་ཆ་ཚང་གནང་བྱུང། གོང་གི་བླ་མ་རྣམས་པས་བརྒྱུད་པ་རིམ་པས་བྱུང་ཚུལ་འདི་ཁ་གསལ་བའི་ཕྱིར། བརྒྱུད་པའི་བླ་མ་བོན་རྒྱལ་དགེ་ལེགས་ལྷུན་འགྲུབ་་རྒྱ་མཚོས་ཇི་ལྟར་བཀོད་པ་བཞིན་ནོ།

གཉིས་པ་བསླབ་པའི་གཞུང་ཉིད་མཆེད་པར་གཉིས།

ལམ་གྱི་རྩ་བ་བཤེས་གཉེན་བླ་མ་ཡིན་པས།  བཤེན་གཉེན་བླ་མ་བསྟེན་ཚུལ།  གདམས་པར་བློས་ཇི་ལྟར་རིམ་པས་སྦྱོང་བ་དང་གཉིས།

དང་པོ་བླ་མ་བཤེས་གཉེན་བསྟེན་ཚུལ་ལའང་ས་བཅད་ལྔ། དཔོན་གསས་བླ་མ་བསྟན་པའི་རྒྱུ་མཚན། བླ་མའི་མཚན་ཉིད་ལ་བརྟག་པ། བླ་མ་བསྟེན་མ་བསྟེན་གྱི་ཁྱད་པར། བསྟེན་ནས་ཚུལ་བཞིན་འཕྲུལ་ངག་གི་བོན་གསོན་ལུགས།  རྗེས་བྱར་བཀའ་དྲིན་ཞུ་ཚུལ་དང་སྐུལ་བའོ།

དང་པོ་ནི་འདི་ལྟར།  ལུང་ལས་ཀྱང་། བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་བཟང་སྟོང་གི་སངས་རྒྱས་ཀྱང་།  འབྱོན་ཚུལ་བླ་མ་དག་ལ་བསྟེན་ཞེས་ཤང་ལོ་ཀའི་གནད་འདིར་དཔྱད་ན་རྩ་བ་རྟོགས་སླའོ།

འུ་ཅག་མ་རིག་གི་སེམས་ཅན་ཡིན་ནོ་ཅོག་བྱང་ཆུབ་སྒྲུབ་མཁན་སུས་ཀྱང་དཔོན་གསས་བླ་མ་མེད་པའི་གོང་ན་སངས་རྒྱས་ཐུབ་པར་རྒྱལ་བའི་བཀའ་དང་འཕགས་པའི་ལུང་གཉིས་སུ་གྲགས་པ་མེད། རིགས་པས་ཀྱང་སྒྲུབ་པ་དཀའ། དེད་དཔོན་ལ་མ་བསྟེན་པའི་ཕ་རོལ་ནས་ནོར་བུ་བླངས་པའི་དཔེ་མི་སྲིད། དེས་ན་སངས་རྒྱས་གོ་འཕང་སྒྲུབ་པའི་ཐར་ལམ་ལྔ་གསུམ་བཅོ་ལྔ་ཡོད་ཙམ་གྱིས་ང་ཚོར་མི་ཆོག་མོད། སངས་རྒྱས་བསྟན་པའི་ཆིངས་ཆེན་རྣམ་གསུམ་ནི་སྤྱོད་དང་སྒྲུབ་དང་སྒོམ་པ་གསུམ་ཡིན། དེས་ཅི་ནུས་ཤེ་ན། བདག་སོགས་མ་རིག་པས་སྡུག་བསྔལ་གསུམ་པོའི་རྒྱ་མཚོ་ལྷུང་རྣམས་དེ་ལས་གྲོལ་བའི་ཡོན་ཏན་ཞིག  དེ་གྲོལ་ན་ཅི་ཕན་ཟེར་ན། བཤད་པ་བྱ། འདི་ལྟར། འོ་སྐོལ་དང་ནམ་རྒྱུན་འབྲལ་མེད་ཡང་ཡང་གནོད་པའི་སྐྱེ་རྒ་ན་འཆི་སོགས་ཀྱིས་མི་བདེ་དྲག་དཔུང་གདུང་བས་མྱ་ངན་འདི་ལས་འདས་ནས་བདེ་ཆེན་མྱང་འདས་སར་ཐོབ་ཐུབ་པའི་དགོས་པ་གདའ།  དེས་ན་དེ་སུ་ཞིག་གིས་སྟོན་ཞེན་ན།  ཐར་ལམ་གསུང་མཁན་ལྟ་ཅི་སྨོས།  ཡིན་ཡང་ང་ཚོའི་བསོདནམས་ཆུང་བ་དང་ལས་དང་སྐལ་བ་དམན་པས་སངས་རྒྱས་ནི་སྔ་ནས་མི་རྟ་ཚུལ་བསྟན་དགོངས་པ་བོན་དབྱིངས་སུ་གཤེགས་པ་མངོན། དེས་ན་སངས་རྒྱས་ཀྱི་རྒྱལ་ཚབ་བླ་མ་ཉིད་སངས་རྒྱས་ངེས་པ་ཡིན་པས་གཙོ་བོ་གསུངས་ལམ་མཁན་ཁོང་ཡིན་གཅིག་མིན་གཉིས་དགོས་ཏེ། དཀར་པོ་སུམ་སྦྱོར་ལས། བླ་མ་སངས་རྒྱས་བླ་མ་བོན།  དེ་བཞིན་བླ་མ་སེམས་དཔའ་སྟེ། ཀུན་གྱི་བྱེད་པི་བླ་མ་ཡིན། ཞེས་སོ། དེས་ན་བླ་ཉིད་སྡུག་བསྔལ་སེལས་བའི་སྨན་པ་འདྲ།  འུ་ཚོ་ཉོན་མོངས་དུག་གིས་ཟིན་པའི་ནད་པ་འདྲ། ལུང་རྟོགས་བོན་ཉིད་སྨན་དང་མཚུངས་ཏེ།  བླ་མས་འོ་སྐོལ་རྒྱུད་ཀྱི་མ་ཉོན་མོངས་ཆེ་ཆུང་ལ་ལྟོས་ཏེ་བོན་གནང་།  རྗེས་སུ་བླ་མས་གནང་བ་ལྟར་དུ་སྒྲུབ་ན་རྒྱུད་ཀྱི་ཉོན་མོངས་གྲོལ།དེས་ཕྱིར་ན་བླ་མ་བསྟེན་པ་གཙོ།  མ་གཏོགས་ལོང་བ་ཐང་སྟོང་དུ་གཏོང་བ་འདྲ། ང་ཚོ་སྔ་ནས་སྦྱོང་བའམ་ཉམས་སུ་ནི་མ་བླངས། རྒྱུས་མེད་གསར་སློབ་ཡིན་ཕྱིར། མངོན་ཤེས་ནི་མེད།  རང་བཟོ་དང་ཕོ་ཚོད་སྒོ་ནས་ནི་ས་ལམ་གྱི་ཡོན་ཏན་ནི་མི་རྟོགས། ལྷུན་གྲུབ་མེད།  ཐམས་ཅད་འཁོར་བའི་ཆགས་སྡང་རྨོངས་གསུམ་གྱི་སྨག་རུམ་འོག་ཏུ་རྣམ་གཡེང་པས་སོ། བདེ་ཆེན་མྱང་འདས་སར་སོན་སེམས་དུས་ཉམས་རྟོགས་དང་གོམས་འདྲེས་བསླུ་མེད་དབང་བའི་མ་ནོར་ལམ་བཟང་ཁྲིད་པའི་དེད་དཔོན་ནི་བླ་མ་ཡིན་ཕྱིར་དེའི་རྗེས་འབྲིང་སྟེ། སྟོན་པས་འཁོར་སྤངས་དགོན་མཛད་ཀྱི་མདོ་ལས། ཡང་དག་མ་ནོར་ཐར་པའི་ལམ་ཞུགས་ན། དང་པོར་དཔོན་གསས་བླ་མའི་རྗེས་འབྲིང་ཞུང་། ཐོས་བསམ་འཆད་ཉན་བློ་རྩ་སྦྱོང་བར་གཅེས་གསུངས་བཞིན།  ལམ་གནད་མ་ལུས་ཀྱི་གཙོ་བོ་བླ་མ་ཡིན་པས་བསྟེན་དགོས་གསུང་། ཁྱད་པར་ཐར་ལམ་དོན་དུ་གཉེར་འདོད་མཁན་ཚོར་མཚོན་ན་བླ་མ་ཉིད་ཁོང་པའི་སྙིང་དང་འདྲ། ཁོང་པའི་སྙིང་མེད་ན་སྲོག་རྩ་ཆད་པ་བཞིན། དཔོན་གསས་བླ་མ་མེད་ན་ཐར་པའི་སྙིང་པོ་མེད་དེ། ལས་ཐིག་ལས།  དཔེར་ན་ལུས་ལ་སྙིང་མེད་ན། སྲོག་ཆད་ནས་ནི་འཆི་བ་བཞིན། དཔོན་གསས་བླ་མ་མེད་པ་ན། ཐར་པའི་ལམ་བརྟེན་གཞན་ན་མེད།  རིག་འཛིན་ཀུན་འགྲོ་གྲགས་པས་ཀྱང་།  དུས་གསུམ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱི།  མཁྱེན་བརྩེ་ནུས་པའི་མཐུ་སྟོབས་གཅིག་བསྡུས་པའི། རྒྱལ་བའི་སྤྱི་གཟུགས་ཡིན་པ་ཤེས་པའི་ངོས། དགེ་བའི་བཤེས་གཉེན་བླ་མ་བསྟེན་པ་བྱ་ཞེས་ཀྱང་གསུངས་འདུག  སྡེ་སྣོད་མཛོད་རྩ་བ་ལས། ལམ་གནད་མ་ལུས་འཆང་བ་བླ་མ་སྟེ། དེར་བསྟེན་མི་བྱས་ཐར་བ་གང་ལས་ཚོལ་ཞེས་པ།  བླ་མ་ནི་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ་བའི་དེ་དཔོན།  འཁོར་བའི་བཙོན་ར་བཤིས་གྲོགས་ཀྱི་དཔའ་བོ། འཁོར་བའི་རྣམ་གཡེང་གཅོད་གྲོགས་ཀྱི་རལ་གྲི།དེའི་ཕྱིར་ན་མཚན་ལྡན་བླ་མ་འདི་གནད་ཆེན་ནང་གི་ཡང་རྩེར་སོན་ཞིང་།  གཏན་ཚིགས་ཀྱང་དོགས་པ་བྲག་རྫོང་སྟོར་བའི་ལུང་རིགས་གཉིས་ཀའི་གྲུབ་པས་ཅིས་བསྟེན་མི་བྱ།

དོན་གཉིས་པ། མཚན་དང་འགལ་བ་དོར་བ། མཚན་ཉིད་དངོས་བསྟན་པ།

ཞོར་དུ་སློབ་མའི་མཚན་ཉིད་བརྟག་ཚུལ།

གཉིས་པ།  སྤྱི་ན་རང་རང་ཐུན་མོང་མ་ཡིན་པའི་ཐེག་པར་བླ་མའི་མཚན་ཉིད་ཡོད་ཀྱང་། སྐབས་འདིར་ཐེག་པ་ཐུན་མོའི་བླ་མའམ་དཔོན་གསས་ཀྱི་མཚན་འཇོག་ཡིན། མཚན་ཉིད་གསུམ་ཡོད་དེ། རྗེའི་མཛོད་འགྲེལ་ལས།  སྦྱངས་བའི་ཤེས་རབ་ཆེབ། ཀུན་སློང་གི་བསམ་པ་དག་པ། གཞན་རྒྱུད་འདུལ་བའི་ཐབས་ལ་མཁས་ཅེས་གསུངས་།  དང་པོ།  ཡལ་ག་རྒྱས་མི་རྒྱས་ཤིང་སྡོང་ལ་བརླན་གྱིས་ཟིན་ཡོད་མེད་ལ་ཐུག། སློབ་མ་ཤེས་ཡོན་ཅན་ཡིན་མིན་དགེ་རྒན་ཤེས་ཡོན་ཅན་ཡིན་མིན་ལྟ། སྐྱེས་བུ་དམ་པ་ཡོན་ཏན་ཅན་བསྟེན་ནས་བསྡད་ན་ཡུན་ཞིག་ན་དེའི་ཡོན་ཏན་ཁྱོད་ལ་འབྱུང་ངེས། དཔེར་ན་ཙཎྡན་ནགས་ཚལ་གསེབ་ན་ཤིང་སྡོང་ཕལ་བ་ཡུན་བསྲིང་ཞིང་འཇོག་ན་ཙཎྡན་དེའི་དྲི་ཕལ་བའི་ཤིང་དུ་བསུང་བཞིན།

བླ་མ་ཞིག་ཡིན་ན་དངོས་གནས་དྲང་གནས་དང་པོ་སློབ་བུའི་དགའ་ཕྱོཊ་སྐྱོ་ཕྱོཊ་ལ་ལྟོས་ནས་ཤེས་བྱ་བསྟན་པ་དཔེ་ན་སྨན་པས་ནད་ལ་དཔྱད་ནས་སྨན་བཏང་འདྲ་ན་འགྲིག་གི་བསམ། དེའི་སྒོ་ནས་སྨན་པས་ནད་བཅོས་པའི་སྨན་ལ་མཁས་དགོས་པ་བཞིན་བླ་མ་རང་ཉིད་ཀྱང་བསླབ་པ་གསུམ་དང་སྡེ་སྣོད་གསུམ་གང་རུང་གི་ཤེས་རབ་ལྡན་ཞིང་། ཐེག་པ་སྤྱིའི་སྒོ་དང་ཡང་སྒོས་སུ་སྐབས་ཀྱི་བཤད་བྱ་ལ་སྦྱོངས་བའི་ཤེས་རབ་དང་ལྡན་པ་ཡིན་གཅིག་མིན་གཉིས་དགོས་ཏེ། ལུང་དང་རིགས་པས་འགྲུབ། དང་པོ་གྲུབ་སྟེ་རྗེའི་མཛོད་ལས་བཤད་པ་པོའི་རྟེན་ནི་སྦྱོང་བའི་ཤེས་རབ་ཆེ་བ་དེའང་རབ་ལ་རིག་པའི་གནས་ལྔར་མཁས་པ། འབྲིང་སྒྲ་དང་ཚད་མ་ལ་མ་རྨོངས་པ། ཐ་མ་ཡང་བཤད་བྱའི་གཞུང་ལ་མ་རྨོངས་པ་གསུངས་བའི་ཕྱིར། གཉིས་པ་སྟེ་དེ་མ་རྫོགས་ན་ཤིང་སྡོང་སྐོམ་པོར་བརྟེན་པའི་འདབ་རྒྱས་མཐོང་དཀའ་བས་ཡོན་ཏན་དབེན་པའི་བླ་མར་ཤེས་རབ་རྒྱས་པའི་སློབ་བུ་འབྱུང་མི་སྲིད  མ་ཚད་གོང་གི་སོགས་ཚིག་གི་བརྒྱུད་པ། དཔེའི་བརྒྱུད་པ། དོན་གྱི་བརྒྱུད་པ། བྱིན་རླབས་ཀྱི་བརྒྱུད་པ། སྤྱོད་པའི་བརྒྱུད་པ། བྱ་བའི་བརྒྱུད་པ། སྦྱོངས་བའི་བརྒྱུད་པ།  མྱོང་བའི་བརྒྱུད་པ་བཅས་བརྒྱད་དང་ལྡན་པའོ།ཅིའི་ཕྱིར་ཞེ་ན། སྡེ་སྣོད་མཛོད་ལས།

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 220,063评论 6 510
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 93,805评论 3 396
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 166,403评论 0 357
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 59,110评论 1 295
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 68,130评论 6 395
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 51,877评论 1 308
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,533评论 3 420
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,429评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 45,947评论 1 319
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 38,078评论 3 340
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 40,204评论 1 352
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 35,894评论 5 347
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,546评论 3 331
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 32,086评论 0 23
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,195评论 1 272
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,519评论 3 375
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 45,198评论 2 357

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 430评论 0 1
  • ༢ མ་བློ་དང་བྲལ། །འོང་བའི་གནས་མེད་ཀ་དག་འབྱམས་ལ་ཡས། །བཅོས་...
    西然桑格阅读 264评论 0 0
  • 互联网进入中国不过二十多年的时间,可是发展速度飞快,有些观点认为凭借互联网的优势,国产企业可以实现弯道超车的梦想,...
    耿彪阅读 537评论 0 5
  • 我睡不着 此刻 我很清醒 是一首优美的诗把我惊喜 犹如一股暖流穿过 不是在心里 是在心尖儿上 良久不散 落笔成诗 ...
    幽蓝月弯阅读 264评论 4 3