ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ང་ལ་སྦྲང་ཆར་ལྟ་བུའི་སློབ་གསོ་ཡི་མཛུབ་སྟོན་དགོས

ང་ལ་ཉི་འོད་བཞིན་འཇམ་པའི་དགེ་རྒན་གྱི་བྱམས་བརྩེ་མཁོ

ང་ལ་དཔྱིད་རླུང་ལྟ་བུའི་ཁྱིམ་བདག་གི་སྐྱོར་མ་དགོས


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ཤེས་རིག་གི་ཆུ་ཕྲན་ལྷུང་ལྷུང་འབབ་སའི་སྤང་ཐང་འདི་ན

ང་ཡི་དབྱངས་གསལ་གྱི་ཟེའུ་འབྲུ་རྣམ་པར་བཞད་ཡོད

ང་ཡི་མདུན་སྐྱོད་གླུ་སྒྲ་སྤོབས་པས་བཏེགས་ཡོད


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ང་ཡི་ཕྲག་ན་སྐྱ་ཐིང་ཐིང་གི་ས་གཞི་འདིའི་འབྱུང་འགྱུར་ཡོད

ང་ཡི་འཚར་ལོངས་ནི་གངས་རི་དང་སྦྲ་ནག་གི་རེ་བ་ཡིན་པས

ང་ལ་ཆར་རླུང་གི་ཁྲོད་ནས་མགོ་བོ་མི་སྨད་པའི་བརྩོན་སེམས་དང་སྤོབས་པ་ཡོད


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུངཆུང་ཞིག

ང་ཡི་ལང་ཚོ་ཤེས་རབ་ཀྱིས་མ་རྒྱས་ན

ས་ཆེན་གྱིས་བསྐྱངས་བའི་དྲིན་ལན་ཤོར་འགྲོ

དཔྱིད་རླུང་གིས་བཅོལ་བའི་རེ་བ་ཡལ་འགྲོ


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

རླུང་བུ་བསིལ་བསིལ་འདི་ང་ཡི་བརྩོན་པ་ཡིན་པས་རི་རབ་ཀྱི་དཔུང་བས་མི་ཁོག

སྤྲིན་པ་ལང་ལོང་འདི་ང་ཡི་ཕུགས་བསམ་ཡིན་པས་ཤེས་རིག་གི་གནམ་འཕང་སྟོད་འགྲོ

ཆར་བ་ཟམ་ཟིམ་འདི་ང་ཡི་སེམས་པ་ཡིན་པས་དག་གཙང་གི་རང་གཤིས་་ལྡན་ཡོད


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ཤར་ན་བརྗིད་པའི་རྨ་ཆེན་གངས་རིའི་ང་ལ་ཞུམ་མེད་ཀྱི་སྤོབས་པ་སྩལ་ཡོང

ལྷོ་ན་བཞུར་བའི་རྨ་ཆུ་སྔོན་མོས་ང་ལ་མདུན་སྐྱོད་ཀྱི་སྙིང་སྟོབས་སྐྱེད་ཡོང

ཕྱོགས་བཞིར་འགྱིང་བའི་རྩེ་ལྷ་བཅུ་གསུམ་གྱིས་ང་ལ་འགན་འཁྲི་དང་རེ་བ་བཅོལ་ཡོད


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ས་ཆེན་གྱིས་ང་ལ་ཚེ་སྲོག་དང་ལང་ཚོ་སྩལ་བས

ང་ཡི་རྣམ་པར་གྲོལ་བའི་ཟེའུ་འབྲུས་ས་ཆེན་གྱི་མུན་པ་སེལ་ཐུབ་པར་སྨོན

ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

སྦྲང་ཆར་གྱིས་ང་ལ་ཤེས་རབ་ཀྱི་འདབ་མ་སྩལ་བས

ང་ཡི་རྣམ་པར་བཞད་པའི་འདབ་མའི་ངོས་ན་བསླབ་བྱ་ཡི་ཟིལ་བ་ཁྲོམ་ཁྲོམ


ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

དབྱངས་གསལ་གྱི་དཔྱིད་རླུང་འབྲི་བཞིན་འཚར་ལོངས་བྱུང་དུས

ང་ལ་རྫ་ཆུ་བཞིན་དྭངས་གཙང་གི་སློབ་གསོ་ཞིག་དགོས

ང་ནི་དཔྱིད་དུས་ཀྱི་མེ་ཏོག་ཆུང་ཆུང་ཞིག

ཤེས་རིག་གི་ཆར་ཟིལ་འཐུ་བཞིན་ཟེའུ་འབྲུ་བཞད་དུས

ང་ལ་དཔྱིད་ཀ་ལྟ་བུའི་ལྷད་མེད་ཀྱི་བརྩེ་བ་དྲོན་མོ་མཁོ

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 218,386评论 6 506
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 93,142评论 3 394
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 164,704评论 0 353
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 58,702评论 1 294
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 67,716评论 6 392
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 51,573评论 1 305
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,314评论 3 418
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,230评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 45,680评论 1 314
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 37,873评论 3 336
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 39,991评论 1 348
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 35,706评论 5 346
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,329评论 3 330
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 31,910评论 0 22
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,038评论 1 270
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,158评论 3 370
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 44,941评论 2 355

推荐阅读更多精彩内容