(འཆད)པའི་དབྱངས་ཀྱི་མན་ངག་གསེར་གྱི་སྐུད།།
(རྩོད)པས་རྒོལ་ངན་བྲག་བརྒྱ་ཐལ་བཞིན་གཏོར།།
(རྩོམ)པའི་ངང་ནས་དབྱངས་ཅན་སྒྲ་དངོས་འབྱིན།།
འདྲེན་པའི་དད་དཔོན་ཆེན་མོ་བྱང་ཟླ་སྟེ།།
མྱ་ངན《སྡུག་བསྔལ》ཕར་རོལ་གཏན་བསྐྱུངས་ཕྱིར།།
མ་རིག《ཀུན་འབྱུང》རིགས་པས་ཚར་གཅོད་ཐབས།།
བདེ་ཆེན《འགོག་པ》མྱང་འདས་གསར་ཐོབ་པར།།
དེར་ཕྱིན《ཐར་ལམ》མངོན་སྟོན་འདྲེན་པའི་མཆོག།
གཞན་ཕན་ལྷག་བསམ་བློ་ཡི་རྒྱ་མཚོ་འཁྱིལ།།
བདག་གཞན་ཀུན་ལ་སྙིང་རྗེས་འཇའ་གུར་ཕུག།
བྱམས་བརྩེ་འདབ་སྟོང་འགྲོ་དྲུག་ཡོངས་སྨིན་པའི།།
དགེ་རྒན་བྱང་ཆུབ་ཟླ་བ་གཙོར་བྱས་བསུ།།
དེ་རིང་བཀྲ་ཤིས་ཆར་བཞིན་ཕྱོགས་བཅུར་མཆེད།།
དེ་རིང་བཀྲ་ཤིས་མཚན་མོའི་སྐར་ཚོགས་བཞིན།།
དེ་རིང་བཀྲ་ཤིས་འཇའ་ཚོན་བཞིན་དུ་སྒེག།
དེ་རིང་དགེན་མཆོག་བྱང་ཟླའི་སྐྱེས་སྐར་བསུས།།
དུས་དེ་རིང་ཉིད་བདག་ལ་མཚོན་ན་འཇིག་རྟེན་ན་ཆེས་རླབས་ཆེ་བའི་དུས་ཁྱད་པར་བ་ཞིག་ནི།
ཨ་མའི་དུས་ཆེན་ཡིན་པར་མ་ཚད་བདག་གི་སྙིང་ཁོང་གི་པད་མོ་གཅིག་པུ་དགེ་རྒན་དམ་པ་བྱང་ཆུབ་ཟླ་བའི་འཁྲུངས་སྐར་ཡིན།
དེས་ན་གོ་སྐབས་བཟང་པོ་འདི་དང་སྦྲེལ་ཏེ་དགེ་རྒན་དམ་པ་ཁོང་གི་སྙུང་གཞི་ཐམས་ཅད་རིགས་ལྔའི་ལྷས་ཐལ་བ་བཞིན་དུ་གཏོར་ཕྱིར་བསམ་ཡས་ལས་འདས་པའི་མཆོད་རྫས་འབུལ།
དགེན་རིན་པོ་ཆེའི་སྐུ་ཚེ་ནི་གཡུང་དྲུང་བྲག་ལས་སྲ་བ་དང་བསྐལ་བརྒྱུ་བར་དུ་མི་འགྱུར་བརྟན་པར་གཡུང་དྲུང་བོན་གྱི་ལྷ་དང་སྲུང་མ་གཉེན་པོར་སྐྱབས་འཇུག་ཡང་ཡང་ཞུའོ།
༢༠༡༨༥༡༣ཉིན་ལ་ཉག་བཙུན===ན་བུན་གྱིས།