ཡར་ཚེས་དུང་ཟླ་དཀར་པོ།།
སྒོར་གྱིན་སྒོར་གྱིན་འཛུམ་དུས།།
ཆ་ཚང་འཛོམས་པའི་འོད་དེ།།
འཕྲོ་ས་འཕྲོ་ཡུལ་གཅིག་རེད།།
མར་ངོས་དུང་ཟླ་རིམ་ཚེས།།
སྒོར་བའི་གཟུགས་དེ་ཇེ་ཟོར།།
དྭངས་པའི་མདངས་དེ་ཇེ་ཉམས།།
འཕྲོ་བའི་འོད་དེ་ཇེ་མོག།
སྲིད་པའི་ཡར་ཚེས་མར་ཚེས།།
འཚོ་བ་སྐྱིད་རེས་སྡུག་རེས།།
མྱི་སེམས་མགུ་རེས་སྨོན་རེས།།
སེམས་རྩར་སྔ་སའི་ལྷགས་ཀྱང་།།
བརྩེ་སེམས་གཡོ་འཕྲུལ་བཅོས་མ།།
བརྟན་གཞིའི་འཛུགས་ཐབས་ཨེ་བྱུང་།།
མེ་ལོང་ངོས་ལ་བལྟས་དུས།།
རང་གིས་རང་ལ་ཅེར་འདུག།
མ་བཟང་བུ་མོས།