མེ་འཁོར་གྱི་དུང་སྒྲ་ཞིག་དང་སྒྲོགས།
ཡུན་མང་པོ་མི་ཡུལ་དུ་སོང་བའི་ང་རང་།
ཕ་ཡུལ་ལ་ལོག་པའི་འདུན་པ་རབ་ཏུ་ཆེ།
ཉིན་གཅིག། ཉིན་གཉིས། ཉིན་གསུམ།
དུས་ཚོད་ཀྱི་གཙང་བོར་ངལ་རྒྱུ་མིན་འདུག།
ནམ་ཀུན་ནང་ལ་ལོག་སྐབས།
ངེས་པར་དུ་རྒྱུད་དགོས་པའི་ཕ་ཡུལ་གྱི་ལམ་ཆུང་།
རྐང་ལམ་ཕྲ་མོ་འདྲ་བའི་ལོ་རྒྱུས་ཡུན་ཆགས་མེད་ལ།
སྣུམ་ནག་གཞུང་ལམ་ལྟ་བའི་ཁོད་སྙོམས་རྒྱ་ཆེ་མ་འཆིས།
འོན་ཀྱང་། ལམ་དེ་ན།
ངས་བགྲང་མ་འཚར་བའི་རྐང་རྗེས་བཞག་ཡོད།
བྱིས་དུས་སུ་ལམ་དེ་ན་ཐལ་རྩེད་ཀྱི་དགོད་སྒྲ་ཡོད་ལ།
ནར་སོན་རྗེས་ངས་ལམ་དེ་ཁར།
གྱེས་འཛོམས་ཀྱི་བསུ་སྐྱེལ་བཞག་ཡོད།
དེ་བས་ནང་ལ་ལོག་སྐབས།
ལམ་དེ་ནས།
རྩ་རྩེ་ཤིང་གི་ང་ལ་མགོ་ལྕོག་ལྕོག་དང་།
ཚལ་མེ་ཏོག་གིས་འཛུམ་དམུལ་དམུལ་གྱི་བསུ་བ་བྱེད།
དེ་བས།
དྭངས་གཙང་གི་མཁའ་རླུང་།
གཡོ་མེད་ཀྱི་ས་འཛིན།
ངལ་མེད་ཀྱི་ཆུ་བོ།
ཡོད་ཚད་ནི་ལམ་དེ་རུ་འདུག་པའི།
ཆེས་སྤྲོ་སྣང་དང་མཛེས་སྡུག།
རེ་བ་དང་བློ་སྟོབས་སྣང་བའི།
མི་ཡུལ་གྱི་མགོན་པོ་རང་རེད་ལགས།