གཟབ་ཉན་གྱི་ལེའུ།
གངས་རུ་དར།༼ཀླུ་ཆུའི་བོད་འབྲིང་།༽
སྣང་བའི་ངོས་སུ་ཤིང་གི་མེ་ཏོག་བཙུགས།།
ཉིན་མཚན་གཉིས་ཀར་མེ་ཏོག་གསོས་ནས་བསྡད།།
དུས་ཚོད་ཟད་རྗེས་རླུང་བུས་སག་སག་འཆའ།།
སྨྱུ་གུའི་སྟེང་ལ་བཙའ་ཡི་རོ་ཆགས་སྐད།།
སྐྱེན་པོར་ཤོག་བུའི་སྟེང་ལ་ཡང་ཡང་འབྲི།།
ཁྲོ་བའི་ཉམས་ཀྱིས་གླུ་ཡང་ལེན་གྱུར་ཅིང་།།
རྡོག་པ་ས་ལ་བརྒྱབ་ཏེ་རྒྱང་བལྟ་བྱེད།།
སེམས་ཀྱི་སྒྱུ་མ་གཙང་བོའི་རླབས་ལ་དྲངས།།
རྫ་བུམ་མེ་ཏོག་རྙིད་པའི་གདུང་བ་དང་།།
གྲིབ་མ་མུན་པའི་སྒྲོམ་ལ་ཚུད་པ་ནས།།
སྨྲེང་བའི་འོ་དོད་ཚར་རྒྱུ་མེད་པ་ཞིག།
ཁྱོད་ཀྱི་ཕྱོགས་སུ་བླངས་ནས་ཚར་རྒྱུ་མེད།།
ཁུ་བྱུག་རི་སྒང་འགྲིམ་ཏེ་སུ་ཞིག་འཚོལ།།
ཉ་མོ་ཆུ་ལ་རྐྱལ་ཏེ་གང་ཞིག་འཚོལ།།
སེམས་ཀྱི་འབབ་ཚིགས་མ་རྙེད་ཡུན་རིང་འགོར།།
ངསས་ཀྱང་བརྩེ་བའི་དྲན་ཤིང་འདི་རུ་བསླངས།།
༢༠༡༧/༢/༢ཉིན་ཀ་ཤུལ་ནས།