ནད་ལ་སྙིང་རྗེ་མེད་ཀྱང་། མི་ལ་བརྩེ་བས་ཕྱུག་ཡོད།

དགུན་གཞུང་འདིར་ཏོག་དབྱིབས་ནད་དུག་ཅེས་པའི་འཇིགས་རུང་གི་ནད་ཡམས་འདིས་ཝུའུ་ཧན་ཞེས་པའི་གྲོང་ཁྱེར་གྱི་མིང་དེ་རྒྱལ་ཡོངས་ཕྱོཌ་བཞིར་ཁྱབ་ཅིང་། རང་རེའི་མེས་རྒྱལ་ཡང་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར། སྙིང་རྗེ་མེད་པའི་ནད་ཡམས་འདིས་མི་རྣམས་ཀྱི་ལྷིང་འཇགས་ཀྱི་འཚོ་བར་བརྡབ་བསིག་ཆེན་པོ་བཟོས་སོང་། ནད་ཡམས་ཀྱི་མདུན་དུ་ང་ཚོས་ད་གཟོད་ཚེ་སྲོག་གི་རིན་ཐང་རྟོཌ་ལ་གཉེན་ཉེའི་བརྩེ་བ་ཚོར། དེ་བས་ཀྱང་མེས་རྒྱལ་གྱི་སྟོབས་ཤུགས་མིག་མཐོང་ལག་ཟིན་བྱུང་ལ། སྨན་དོན་མི་སྣ་སོཌ་ཀྱི་རང་སྲོག་བློས་གཏོང་གི་སྙིང་སྟོབས་ཀྱང་རིམ་གྱིས་ཚོར། ཆུང་བ་མི་སྒེར་དང་ཆེ་བ་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མ་བསྐུལ་དང་བླངས་ཀྱི་རོགས་སྐྱོར་ཐོབ་ལ། སེམས་གཏིང་གི་སྨོན་འདུན་ཡང་ཚོར།   

གོས་དཀར་ལྷ་རྗེ་ཚོས་རང་ཁྱིམ་ནས་བྲལ་ཞིང་རང་ཕྲུག་བསྐྱུར་ཏེ་གཞན་སྲོག་སྐྱོབ་པའི་དམག་སར་ཆས། ནད་དུག་དང་འཐབ་རྩོད་བྱེད་པའི་སྐར་ཆ་རེ་རེར་ཁོ་ཚོས་རང་ལུས་ཀྱི་ངལ་བ་ཁོག་ཏུ་མིད་ཅིང་། རང་སེམས་ཀྱི་གདུང་བའང་རྒྱང་རིང་དུ་བསྐྱུར། ཉིན་མཚན་རེ་རེར་ལུས་ཡོངས་བཏུམས་ཏེ་ཚ་བ་དང་ན་ཟུག་ཅི་འདྲ་ཡོད་རུང་། འཁང་ར་ཡེ་ནས་མེད་པར་སྔར་བཞིན་ནད་དུག་དང་དམག་འཐབ་བྱེད་བཞིན་ཚེ་སྲོག་རེ་རེ་གཤིན་རྗེའི་ཁ་ལས་བསྐྱབས། ཐ་ན་རང་ལུས་ངལ་བས་མནར་ཏེ་ཚེ་སྲོག་གི་དབུགས་རྒྱུན་ཆད་ལ་ཁད་ན་ཡང་ནད་དུག་དང་འཐབ་ཀྱིན་གཞན་སྲོག་ལ་རེ་བའི་འོད་སྣང་སྦྱིན་ཏེ་རང་སྲོག་བློས་བཏང་། ཡུན་རིང་གི་འཐབ་རྩོད་ཁྲོད། ཁ་རས་ནི་ཁྱེད་ཚོའི་ལུས་དང་བྲལ་མེད་ཡིན་ལ། བརྩེ་བ་ནི་ཁྱེད་ཚོའི་སེམས་དབུས་ལས་དོར་མ་མྱོང་། ཁ་རས་ཡུན་རིང་བརྒྱབ་པའི་རྗེས་ཤུལ་རེ་རེ་ནི་ཁྱེད་ཚོས་དཀའ་ངལ་དང་འཐབ་རྩོད་བྱས་པའི་དཔའ་རྟགས་རེ་རེ་ཡིན་ལ། བརྩེ་བ་ལས་འཁྲུངས་པའི་མེ་ཏོག་རེ་རེའང་ཡིན།

  ནད་ལ་སྙིང་རྗེ་མེད་ཀྱང་། མི་ལ་བརྩེ་བ་ཡོད་པས་བརྩེ་ལྡན་གྱི་སྐྱེ་བོ་ཚོས་དངོས་བརྒྱུད་ཅི་རིགས་ལམ་ནས་ནད་དུག་སེལ་བར་མཁོ་བའི་དངོས་ཟོག་ཞལ་འདེབས་ཕུལ་ལ། འབྲེལ་ཡོད་ལག་རྩལ་མི་སྣས་རང་ནུས་ཡོད་རྒུ་ལེགས་སྐྱེས་ཕུལ་ནས་ཚེ་སྲོག་མང་དག་ཅིག་ནད་དུག་གི་འཇིགས་པ་ལས་ཐར་ཏེ་སླར་ཡང་ཉི་འོད་གསར་པ་ལོངས་སུ་སྤྱོད་རྒྱུ་བྱུང་། དེ་དག་ནི་བརྩེ་བ་ལས་འཁྲུངས་པའི་ཡིད་སེམས་འགུལ་བའི་བྱ་སྤྱོད་རེ་རེ་ཡིན་ལ། ནད་དུག་དང་འཐབ་རྩོད་དྲག་པོ་བྱེད་མཁན་གྱི་ལས་དོན་མི་སྣ་ཚོས་གནང་བའི་ཤ་ཚའི་གདམས་ངག་རེ་རེའང་ཡིན། ནད་ལ་སྙིང་རྗེ་མེད་ཀྱང་། མི་ལ་བརྩེ་བས་ཕྱུག་ཡོད། བརྩེ་ལྡན་མི་རྣམས་ཀྱི་སྟོབས་ཤུཌ་གཅིག་ཏུ་བསྒྲིལ་བས་ཡུན་རིང་མ་འགོར་བར་ནད་དུག་གི་བར་ཆད་ལས་ཐར་ངེས་སོ།

©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 219,869评论 6 508
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 93,716评论 3 396
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 166,223评论 0 357
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 59,047评论 1 295
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 68,089评论 6 395
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 51,839评论 1 308
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,516评论 3 420
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,410评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 45,920评论 1 319
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 38,052评论 3 340
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 40,179评论 1 352
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 35,868评论 5 346
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,522评论 3 331
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 32,070评论 0 22
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,186评论 1 272
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,487评论 3 375
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 45,162评论 2 356