བོད་བཙན་པོ་རྒྱལ་རབས་ནི་ཆབ་དཔལ་རིག་གསུམ་གང་གི་ཐད་ལའང་གཞན་གྱི་རྗེས་སུ་ལུས་མེད་པའི་མི་རིགས་རང་གིས་ཐོན་སྐྱེད་ལག་ཆ་གོང་འཕེལ་འགྲོ་བ་དང་བསྟུན་ནས་།ས་སྒང་འདི་ལ་འཚོ་ཞིང་བཞེས་པའི་མི་རིགས་རང་ག་བ་ཞིག་ཡིན།འོན་ཀྱང་།རང་གི་ཕ་མེས་ཇི་འདྲའི་བཙན་ནའང་།རང་ཉིད་སྐྱག་པ་ལྟ་བུ་ཞིག་གི་ཅི་ལ་ཕན་ཟེར་བ་བཞིན་དུ།ད་ལྟའི་གནས་བབ་འདི་ལ་ཆ་མཚོན་ན་ཁྱི་སྐྱག་ལྟ་བུ་རེད།ཕན་ཚུན་ལ་འགྲན་ཟླ་རྐྱང་རྐྱང་བྱེད་ནས་བསྡད་ནས་ཡོད།རིག་གནས་ཡོན་ཏན་ལ་འགྲན་བསྡུར་མི་བྱེད་པར་གསེར་དངུལ་གྱི་རྒྱན་ཆ་འདོགས་པར་རང་ཉིད་ཚེ་སྲོག་ལའང་མི་འཛེམ་པ་ཡིན།ལྷག་པར་དུ་བོད་ཀྱི་སློབ་བུ་རྣམས་སློབ་སྦྱོང་ལ་མི་སྤྲོ་བར།ཕན་ཚུན་ལ་གོས་དང་ཟ་མ་སྟེང་དུ་འགྲན་བསྡུར་བྱེད་ནས་ཉི་མ་བདའ་བར་བྱེད་པ་དང་།སྷག་པར་དུ་སློབ་གྲྭ་ཆེན་མོར་འདོན་པའི་བོད་ཀྱི་སློབ་མ་རྣམས་ནི་ཁྲག་དོགས་ཆེ་བ་དང་ང་རྒྱལ་ཆེ་བ་།དམིགས་ཡུལ་མེད་པ།བརྩེ་དུངས་ལ་ཉི་མ་བདའ་བར་བྱེད་པར།ལྷག་པར་དུ་དཔེ་ཆ་ལྟ་རྒྱུ་ལ་མི་དགའ་བར་།འཛམ་གླིང་དུ་སྔོན་ཐོན་མི་རིགས་གང་འདྲ་ཞིག་ཡིན་ན་མི་རིགས་དེ་དང་རྒྱལ་ཁབ་དེའི་མི་རྣམས་ཀྱིས་དཔེ་ཆ་ལྟ་བའང་དེ་ཙམ་མང་བ་རེད།མི་རིགས་ཞིག་གམ་རྒྱལ་ཁབ་ཞིག་འཕེལ་རྒྱས་དང་དཔེ་ཆ་ལྟ་བའི་གྲངས་ཀ་གཉིས་མཐུན་བསྡུར་དུ་གྲུབ་པ་ཞིག་རེད་ཟེར་ཀྱང་ཆོག་རྒྱུ་རེད།
ང་དང་ངའི་མི་རིགས་ཀྱི་རྗེས་ལུས།
最后编辑于 :
©著作权归作者所有,转载或内容合作请联系作者
- 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
- 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
- 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
推荐阅读更多精彩内容
- 0715-0745用时30分钟字数490 1.牛人拥有心理表征这套框架变得很牛 通过观察我们发现优秀的个体在有一点...