ཨ་ཕ་ཨ་མ།
གཞས་ཚིག — བསམ་པའི་དོན་གྲུབ།
གཞས་གདངས།—བློ་གསལ།
གཞས་མ།—བསོད་ནམས་སྐྱིད།
དྲིན་ཆེན་ཕ་མ་ཐོག་མའི་དགེ་རྒན་ཡིན།།
དྲིན་ཆེན་ཕ་མ་ང་ཡི་ལམ་སྟོན་ཡིན།།
དྲིན་ཆེན་ཕ་མ་ང་ཡི་ཡོད་ཚད་ཡིན།།
དྲིན་ཆེན་ཕ་མའི་སྐུ་ཚེ་རིང་བར་སྨོན།།
བྱམས་ལྡན་ཕ་མའི་བྱམས་བརྩེ་དག་མ་ཡིན།།
བྱམས་ལྡན་ཕ་མའི་བསླབ་བྱ་གཙང་མ་ཡིན།།
བྱམས་ལྡན་ཕ་མའི་ཁ་ཏ་སླད་མེད་ཡིན།།
བྱམས་ལྡན་ཕ་མའི་སྐུ་ཚེ་བརྟན་པར་ཤོག།
བརྩེ་ལྡན་ཕ་མའི་དྲིན་ལན་སེམས་ན་ཡོད།།
བརྩེ་ལྡན་ཕ་མའི་རེ་བ་སེམས་ན་ཡོད།།
བརྩེ་ལྡན་ཕ་མའི་སྐུ་ཚེ་བརྟན་གྱུར་ན།།
བརྩེ་ལྡན་ཕ་མའི་རེ་བ་བསྒྲུབ་ནས་ཡོང་།།
བསམ་པའི་དོན་གྲུབ་ཀྱིས།
༢༠༡༦/༩/༢༥ ཉིན།