....... ཁ་ནང་ལ་འཁོར་ནས་ལབ་པ།........

....... ཁ་ནང་ལ་འཁོར་ནས་ལབ་པ།........

                  འཇམ.ཨརུ་ནག་པོ

མཚན་མོ་མུན་ནག་ཡིན་པའི་འཐད་ལུགས་དེ་འགྲིག་ཀྱང་།།

འུག་པར་འཇིག་རྟེན་གསལ་བོར་སྣང་བ་ཡང་མི་རྫུན།།

གཅིག་དང་ཀུན་གྱི་མཐོང་སྣང་གཅིག་གྱུར་དེ་དཀོན་པས།།

ཚད་ཤིང་གཅིག་གི་ཚད་མར་བསྒྲུབས་ཚུལ་དེར་དཔྱད་དགོས།།

དྲི་མེད་རིགས་པ་དྲང་བའི་རང་བཞིན་དེ་བརྗོད་ན།།

ྖངེས་དོན་ཆོས་ཀྱི་སྙིང་བོར་མི་རིང་བར་འདོད་ཀྱང་།།

རེ་དོགས་རླུང་གི་བསྐྱོད་པའི་རང་སེམས་ལ་བལྟས་ན།།

ཀུན་ཤེས་སྣང་བ་ཆུ་ནང་ཟླ་བ་ལས་མ་འདས།།

མཐའ་དབུས་གཞལ་དཀའི་ཤེས་བྱའི་མཁའ་ལམ་གྱི་ཁྱོན་ནི།།

ལྡིང་སྐོར་གཅིག་གིས་འཇལ་བ་མི་སྲིད་པར་སྣང་ཡང་།།

རང་ཉིད་འདབས་ཆགས་ཡིན་པས་དྲན་རྟོགས་ཀྱི་ངོས་ནས།།

གཤོག་ཟུང་མཐོང་ལ་གཏད་པའི་རྟ་གོན་དེ་ནོར་མེད།།

ཁྱོད་ལ་བབས་སོ་བརྟན་པའི་གཏད་སོ་ཞིག་མེད་ན།།

འགྱུར་བའི་ཀླུང་ཆེན་དཀྱིལ་གྱི་གྲུ་ཆུང་ཞིག་ནང་བཞིན།།

སྣང་ངོར་གྲུ་ཁེམ་ལག་ཏུ་ཡོད་ཡོད་ལྟར་སྣང་ཡང་།།

རྒྱུ་བའི་ཁ་ཕྱོགས་དེ་ཡི་རང་དབང་ན་མི་འདུག།

གནས་བ་མཐོང་དགོས་ཡལ་བའི་རྒྱུ་མཚན་ཡང་འཚོལ་དགོས།།

བདེན་པ་འཛིན་དགོས་རྫུན་གྱི་ཕུ་ཐག་ཡང་སྙེད་དགོས།།

འགྱུར་བ་བསྒྱུར་ན་ཆོག་པའི་བརྒྱུད་རིམ་དེ་བསྐྲུན་པའི།།

ཆོས་ཉིད་མ་མའི་ལག་གི་སྡེ་མིག་དེ་ལོན་དགོས།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容