2019-03-03

རླུང་རྟ་ཡར་འགྲོ།


སློབ་ལོག་ལ་ན་མོ།

        ༢༠༡༩ 、༣ 、༣ གྲིབ་གཟུཊ་ནས།

གནམ་ལ་ཡར་གཅིག་བལྟ་སྐབས།།

ཐང་དཀར་རྒོད་པོ་འཕུར་བྱུང་།།

ཕར་གྱི་རི་ལ་བལྟ་སྐབས།།

འཁྱགས་རིམ་ཞུ་དང་ཞུ་བཞིན།།


ཨ་མའི་རྩམ་པ་བཀླུགས་བྱུང་།།

ཨ་ཕའི་སྒོར་མི་བརྩི་འདུག།

གཅེས་མོའི་གྱོན་གོས་བཀྲུས་སོང་།།

སློབ་གྲྭ་འགྲོ་ལ་རན་འདུག།


སྤྱི་ཟླ་གཉིས་པའི་ཟླ་མཇུག།།

མདོ་སྟོད་བསིལ་རླུང་གཏོང་འདུག།།

མདོ་སྨད་ཁ་བ་བབ་སོང་།།

ང་རང་འགྲོ་ལ་ཉེ་སོང་།།


ཉིན་གཅིག་ཞོགས་པའི་རྗེས་ལ།།

ཁྱིམ་གྱི་སྒོ་ར་ནང་ལ།།

རླངས་འཁོར་རྟ་ཡི་རྟགས་ཅན།།

འགྲོ་འབྲེལ་བྱེད་དང་བྱེད་བཞིན།།


ཨ་མའི་ཨ་མའི་ཟེར་ནས།།

བསླབ་བྱ་མང་པོ་གནང་སོང་།།

ཨ་ཕའི་བུ་ཕྲུག་ཟེར་ནས།།

འཁྱམ་ལ་མ་འདུག་གསུངས་བྱུང་།།


ཉིན་ཕྱེད་དུས་ལ་སླེབས་དུས།།

ཕ་ཡུལ་ཡར་ལ་ལུས་སོང་།།

གཞན་གྱི་ས་ཆ་ཞིག་ནས།།

བསྐྱོད་དང་བསྐྱོད་བཞིན་གང་རེད།།


ཉིན་གཉིས་དགུང་མོ་དེའི་ནང་།།

ཁྲི་འདི་གྲོང་ཁྱེར་འབྱོར་སོང་།།

ཨ་ཇོ་ང་ང་ཁོ་ཁོ།།

རང་རང་ལྡོད་གནས་ཚུལ་སོང་།།


དེ་ཉིན་ཞོགས་པའི་སྐབས་སུ།།

སྨན་ཁང་ནང་ལ་ཕྱིན་ཡིན།།

ནད་པ་གྲོག་མ་ཇི་བཞིན།།

ཚང་མ་ན་འདུག་བསམ་བྱུང་།།


སེམས་པ་སྐྱོ་བཞིན་སྐྱོ་བཞིན།།

ཉིན་ཕྱེད་བང་ལ་སྒྲིས་ལས།།

ཨ་ཁ་ཨ་ཁ་བསམ་ནས།།

སྨན་ཁང་ནང་ནས་འབྲེལ་ཡིན།།


གྲོང་ཁྱེར་དཀྱིལ་ལ་སླེབས་དུས།།

བོད་རིགས་མང་པོ་མཐོང་བྱུང་།།

ང་རང་སེམས་པ་དགའ་བྱུང་།།

ཨ་ལ་བསམ་ནས་འགྲོ་ཡིན།།


གྲོང་ཁྱེར་སྨད་ལ་འབྱོར་སྐབས།།

དམར་དམར་དམར་གྱིས་ཁེབས་སོང་།།

ཁྲི་འདི་གྲོང་ཁྱེར་ནང་ལ།།

བོད་རིགས་གྲྭ་པ་མང་འདུག།།


ཉིན་གཉིས་དགོང་མོའི་དུས་སུ།།

འགྲོ་སྒྲིག་ཡང་ཡང་བྱེད་ནས།།

མེ་འཁོར་སྤ་སེ་བླངས་ནས།།

ང་རང་སློབ་ལ་ལོག་ཡིན།།


ཕྱི་ཉིན་མེ་འཁོར་ནང་ནས།།

རྒྱ་རྒན་ཞིག་དང་ངོ་འབྲེལ་སྒྲིག།།

ཁྱོད་ཁྱོད་ང་ང་ཟེར་ནས།།

ཁ་བརྡ་ཡང་ནས་ཡང་དུ་བྱེད།།


ཕྱི་རྗེས་སླེབས་ལ་ཉེ་སྐབས།།

ཁོ་ཡི་སྙིང་གཏམ་བཤད་སོང་།།

མི་ཚེའི་ལོ་རྒྱུས་གསུངས་སོང་།།

ང་རང་སེམས་པ་སྐྱོར་སོང་།།


མི་རྟགས་མི་རྟགས་དྲན་ནས།།

ཡ་མོ་ཡ་མོ་ཟེར་བཞིན།།

མེ་འཁོར་ནང་ནས་བབ་ཡིན།།

སློབ་གྲྭ་ནང་དུ་འབྱོར་སོང་།།

图片发自简书App
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 441评论 0 1
  • ༢ མ་བློ་དང་བྲལ། །འོང་བའི་གནས་མེད་ཀ་དག་འབྱམས་ལ་ཡས། །བཅོས་...
    西然桑格阅读 279评论 0 0
  • 熙攘路上,人来人往. 誓言变得遥远. 沉甸的喜怒悲欢满身, 有路不能走 , 时间慢慢的理顺着汗毛. 机关算尽 放不...
    PaulQee阅读 260评论 0 0
  • 十二月份的头等大事是四级。 然鹅我的听力我的阅读都好差劲的。 第一次觉得大二有这么多人。四级的考场没有想象那么严。...
    蠢兔叽阅读 161评论 0 0
  • 组织中第四种浪费时间的原因是信息功能不良和表达方式不当。我们要了解信息不等于事实,且不同于数据。数据是比较客观的数...
    颖子如影随形阅读 368评论 0 1