࿐ཉན་བྱ་མི་རྟག་པར་ངེས་ན་སྒྲ་ཡང་མི་རྟག་པར་ངེས་དགོས་པའི་ཕྱིར་ཞེས་པའི་གཞུང་འདིའི་གཞུང་ཚིག་གོང་མ་སྐྱོར་རྒྱུ་ཡོད་པའི་ཕྱིར། ས་བཅད་དང་
འབྲེལ་བ་ངེས་པ་ལ་ངེས་པར་དཔེ་ལ་ལྟོསདགོས་མིན་འདྲི །
སྔར་ཉན་བྱ་ལ་མི་རྟག་པས་ཁྱབ་བ་ངེས་པའི་པའི་གང་ཟག་གང་ཞིག་ཁྱོད་ཀྱིས་སྒྲ་ཉན་བྱ་ཡིན་པར་ངེས་ན་སྒྲ་མི་རྟག་པར་ངེས་པས་ཁྱབ་པར་ཐལ
སྔར་ཉན་བྱ་ལ་མི་རྟག་པས་ཁྱབ་བ་ངེས་ཤིང་སྒྲ་ཆོས་ཅན་མི་རྟག་སྟེ་ཉན་བྱ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་བཀོད་མ་ཐག་པའི་གང་ཟག་དེ་ཆོས་ཅན། སྒྲ་མི་རྟག་པ་ངེས་པར་ཐལ སྔར་ཉན་བྱ་ལ་མི་རྟག་པའི་ཁྱབ་བ་ངེས་པ་གང་ཞིག སྒྲ་ཉན་བྱ་ཡིན་པར་ངེས་པའི་ཕྱིར འདོད་ན དེ་ཆོས་ཅན ཉན་བྱ་དེ་་ཁྱོད་ཀྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ དེ་ཁྱོད་ཀྱི་ངོར་ཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར འདོད་ན དེ་ཆོས་ཅན །
ཁྱོད་ཀྱི་ངོར་ཉན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཐལ །ཉན་བྱ་དེ་ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པའི་ཕྱིར འདོད་ན
དེ་ཡིན་པར་ཐལ དེ་ལྟར་ཡིན་པར་རྣམ་ངེས་རྣམ་བཤད་ལས
ཁྱབ་བ་གྲུབ་ཟིན་མ་བརྗེད་པའི་རྗེས་སུ་སྒྲ་དང་ཉན་བྱ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་ངེས་པར་བྱས་པས་ཉན་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ལ་ཞེས་གསུང་།
མཐའ་དཔྱོད་ལས
དབང་རྣོན་ལ་དངོས་པོ་ལ་མི་རྟག་པས་ཁྱབ་བ་གྲུབ་ཟིན་མ་བརྗེད་པ་དེའི་རྗེས་སུ་སྒྲ་དང་ཉན་བྱའི་མིང་དོན་གྱི་འབྲེལ་བ་གྲུབ་པས་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་གང་ཞིག
དེའི་རྗེས་སུ་ཁྱབ་བ་གྲུབ་ཟིན་དྲན་པའི་རྟགས་འཛིན་སེམས་ལས་སྒྲ་མི་རྟག་པར་གསར་རྟོགས་ཀྱི་རྗེས་དཔག་སྐྱེ་བའི་ཕྱིར་ཞེས་གསུང་བའི་ཕྱིར །
རྣམ་ངེས་རྣམ་བཤད་ལས
སྒྲ་དང་ཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ངེས་པའི་སྔ་རོལ་ཉན་བྱའི་ལྡོག་པ་ཚད་མས་ངེས་ཤིང་དེས་ཉན་ཤེས་སྐྱེད་པའི་བྱ་བ་བྱེད་པར་ངེས་པ་ན་ཉན་བྱ་དོན་བྱེད་ནུས་པ་ཡིན་པའི་ཕྱོགས་ཆོས་གྲུབ་ཅིང་།དོན་བྱེད་ནུས་པ་ལ་མི་རྟག་པས་ཁྱབ་བ་ངེས་པར་བྱས་ནས ། རྟགས་དེ་ལ་བརྟེན་ནས་ཉན་བྱ་ལ་མི་རྟག་པས་ཁྱབ་བ་ངེས་ནུས་སོ།།ཞེས་་་་་།
སྒྲ་དང་ཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་ཡིན་ན་ཉན་བྱ་མི་རྟག་པར་ངེས་ན་སྒྲ་མི་རྟག་པར་ངེས་པས་ཁྱབ་པར་ཐལ
མི་རྟག་པ་ཆོས་ཅན སྒྲ་དང་ཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་ཡིན་ན་ཉན་བྱ་ཁྱོད་ཡིན་པར་ངེས་ན་སྒྲ་ཁྱོད་ཡིན་པར་ངེས་དགོས་སྟེ ། སྒྲ་དང་ཉན་བྱ་རེ་རེ་ནས་ཁྱོད་ཡིན་པའི་ཕྱིར་ཟེན་ན ། སྒྲ་དང་ཉན་བྱ་རེ་རེ་ནས་ཁྱོད་ཡིན་ན ་
སྒྲ་དང་ཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་ཡིན་ན་ཉན་བྱ་ཁྱོད་ཡིན་པར་ངེས་ན་སྒྲ་ཁྱོད་ཡིན་པར་ངེས་པས་ཁྱབ་བར་ཐལ། འདོད་ན ། སྐད་ཅིག་མ་དང་མི་རྟག་པ་གཉིས་ཀ་རེ་རེ་ཁྱོད་ཡིན་ན་སྐད་ཅིག་མ་དང་མི་རྟག་པ་གཉིས་ཀྱིས་མིང་དོན་གྱི་འབྲེལ་བ་ངེས་པའི་གང་ཟག་ཡིན་ན་སྐད་ཅིག་མ་ཁྱོད་ཡིན་པར་ངེས་ན་མི་རྟག་པ་ཁྱོད་ཡིན་པར་ངེས་ཁྱབ་བར་ཐལ དེའི་ཕྱིར། སྒྲ་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཆོས་ཅན །དེར་ཐལ །དེའི་ཕྱིར །་འདོད་ན
སྐད་ཅིག་མའི་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་པའི་ཕྱི་རྒོད་ཡང་དག་ཆོས་ཅན །
མི་རྟག་པ་སྒྲ་ལ་འགོད་ཚུལ་དང་མཐུན་པ་ཡིན་པར་ངེས་པར་ཐལ །
སྐད་ཅིག་མ་དང་མི་རྟག་པ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་ངེས་པ་གང་ཞིག་སྐད་ཅིག་མ་སྒྲ་ལ་འགོད་ཚུལ་དང་མཐུན་པར་ཡིན་པར་ངེས་པའི་ཕྱིར །
སྤྱིར་བཏང་ལ་ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ན་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ངེས་པ་ལ་ཁྱོད་དེ་སྒྲུབ་ཀྱི་ཕྱོགས་སུ་ངེས་པའི་གང་གིས་རྟོགས་དགོས་པར་ཐལ
བྱས་པ་ཆོས་ཅན སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ངེས་པ་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་སུ་སོང་བའི་གང་གང་གིས་ངེས་དགོས་པར་ཐལ ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པའི་ཕྱིར
འདོད་ན
བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་ནས་ཕྱོགས་ཆོས་མ་ངེས་པའི་གང་ཟག་དེ་ཆོས་ཅན །དེར་ཐལ ། དེའི་ཕྱིར །
དེ་འདྲ་མེད་ཟེར་ན
རྣམ་འགྲེལ་རྩ་བ་ལས །
སྟོན་དེ་མཁས་ལ་རྣམས་ལ་ནི།། གཏན་ཚིག་འབའ་ཞིག་བརྗོད་པར་ཟད།།ཅེས་དང་།
ཐར་གསལ་ལས། འབྲེལ་བ་ཤེས་ཟིན་མ་བརྗེད་པའི་མཁས་པ་རྣམས་ལ་ནི། འབྲེལ་བ་ཤེས་པའི་ཕྱིར་དུ་བརྗོད་མི་དགོས་པར་ཐལ ། དེ་ལ་ཕྱོགས་ཆོས་མ་ཤེས་ན་དེ་ཤེས་པའི་ཆེད་དུ་གཏན་ཚིག་འབའ་ཞིག་བརྗོད་དགོས་པའི་ཕྱིར། ཞེས་དང་།
ཀུན་མཁྱེན་རྣམ་འགྲེལ་མཐའ་དཔྱོད་ལས །
ཁྱབ་འབྲེལ་ལ་ལོག་རྟོག་ཆེ་བས་ཁྱབ་འབྲེལ་སྔོན་ལ་བསྒྲུབས་ནས་ཕྱོགས་ཆོས་རྗེས་སུ་སྒྲུབ་པའང་ཡོད་པའི་ཕྱིར་ཞེས་གསུངས།
ཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྗེབ་ཁྱབ་ཡིན་པར་ཐལ། དེ་དེ་སྒྲུབ་ཀྱི་རྗེས་ཁྱབ་ཏུ་སོང་བའི་གང་ཟག་ཡོད་པའི་ཕྱིར། དེར་ཐལ ཚུལ་གསུམ་སོ་སོར་ངེས་པའི་ཚད་མ་ཡོད་པའི་ཕྱིར ། མ་ཁྱབ་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་་སུ་སོང་བའི་གང་ཟག་ཡོད་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པས་མ་ཁྱབ་བར་ཐལ །དེ་སྒྲུབ་ལ་ཚུལ་གསུམ་དུ་སོང་བས་གང་ཟག་་ཡོད་ན་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པས་ཁྱབ་པའི་ཕྱིར །