འཛམ་གླིང་དཔེ་ཀློག་ཉིན་མོ་ལ་་་་་་

རྒྱབ་གཟུགས།

     དེ་རིང་འཛམ་གླིང་དཔེ་ཀློག་ཉིན་མོ་རེད། ཡང་གཅིག་བཤད་ན་རེས་གཟའ་ཉི་མ་རེད། དཔེ་ཀློག་ཉིན་མོ་འདིར་བུད་མེད་རྣམ་དག་ཅིག་གི  རང་དབང་མེད་པའི་དྲན་འཛིན་གྱི་སྒོ་མོ་ཡང་ཡང་བརྡུང་། བུད་མེད་དེ་ནི་ང་རང་དགའ་ས་དེ་རེད། ཡིན་ཡང་། ཕན་ཚུན་ལ་དེ་འདྲའི་རྒྱུས་མངའ་མེད་པས་འཁྲབ་སྟོན་བྱེད་པ་དང་ཀུན་ནས་མཚུངས། ཡིན་ནའང་ངའི་མོ་ལ་འཕྲིན་ཡིག་ཅིག་འབྲི་འགོ་བརྩམས།

     ཉེ་ཆར་སློབ་སྦྱོང་ལ་བྲེལ་འཚུལ་ཆེ་བའི་དུས་འདིར། ངས་   བསམ་གཞིག་གང་མང་ཞིག་བཏང་མཐར་སྐད་ཆ་འདི་ཅིས་ཀྱང་ཁྱོད་ཀྱི་སྤྱན་ལམ་དུ་ཕུལ་འདོད་ཀྱི་རྟ་ཕོ་གཤོག་ཐོགས་དེ་འཛིན་ཐབས་བྲལ་བས་འབྲི་དགོས་སོང་། གློ་བུར་དུ་ལབ་འོང་བའི་སྐད་ཆ་འདིས་ཁྱེད་རང་བློང་བློང་པོར་བཏང་འགྲོ་བ་བདག་གིས་སྔ་ས་ནས་ཤེས་ཡོད་མོད། འོན་ཀྱང་རྨི་ལམ་གང་ཞིག་དང་རེ་འདོད་གང་ཞིག་གི་ཕྱིར་སྐད་ཆ་འདི་ངེས་པར་ལབ་དགོས་སོང་པས་ཁྱེད་ཀྱིས་བདག་ལ་ལེ་བདའ་གང་ཡང་མེད་པར་སྨོན།

    ངའི་ཁྱེད་ཀྱི་ཕྱོགས་སུ་སེམས་པ་ཤོར་བ་དེ་ནི་ད་ལྟ་ཙམ་མ་ཡིན་པར་འདས་མ་ད་གསུམ་ལ་སེམས་སུ་ཉལ་སྙིང་གཏམ་གཤིན་པོ་དེ་ཡིན། ཁྱོད་ལ་དུངས་བའི་ཕྱིར་དུ། ཁྱོད་ཀྱི་དགའ་སྐྱོ་འདྲེས་མའི་དགོད་སྒྲའི་སླད་དུ། ས་དོག་མོར་རེ་བའི་ཞགས་པ་འཕངས་ཤིང་གནམ་སྔོན་པོར་སྤྲིན་གྱིས་རྒྱན་ཆ་བཏགས་དུས། ཁྱོད་ནི་མིག་མདུན་གྱི་ལམ་ཁ་དེ་ལས་གཞན་གང་ལའང་བསམ་བློ་མི་གཏོང་བའི་མི་ཞིག ''དེ་གླེང་བའི་དུས་ཚོད་མེད། ཁྱེད་ཀྱི་བཤད་པ་དག་ལ་ང་ཡིད་མི་ཆེས་''ཞེས་བཤད་དུས། ངའི་ཐབས་བརྒྱ་ཇུས་སྟོང་གི་ངེད་གཉིས་བར་ཐག་ཇེ་ཉེ་རུ་བཏང་བ་ཡིན།

     སྤྱིར་ཡིན་ན། ངའི་ཁྱེད་ལ་སྐད་ཆ་འདི་དག་ད་སྐབས་བཤད་པའི་འཆར་གཞི་ཞིག་འེ་ནས་མེད། ཕན་ཚུན་བར་རྒྱུས་མངའ་དེ་འདྲ་མེད་པའི་ཁྱེད་ལ་མཚོན་ན། དེ་ནི་དཔྱིད་ཁའི་གནམ་ངོ་ལྟ་བུའི་ཡིད་ཆེས་ས་ཞིག་ཡོད་མི་སྲིད། དེས་ཕྱིར་ཁྱེད་ཀྱིས་ང་དང་ལེན་བྱེད་པ་ནི་མི་སྲིད་པ་ཞིག་ཡིན་པ་ངས་ཤེས་ཡོད།  ཡིན་ནའང་བརྩེ་དུང་ནི་ང་ལྟ་བུའི་མི་བུ་ཕལ་བ་ཞིག་གི་ཚོད་འཛིན་བྱེད་ཆོག་པ་ཞིག་གཏན་ནས་མ་ཡིན། རང་གི་སེམས་ངོགས་སུ་བྲིས་པའི་སྐད་ཆ་དེ་དག་ཕྱི་རུ་མ་ཕུད་ན། དེ་ནི་རང་ཉིད་ཕན་པ་དང་རྗེས་འགྱོད་བྱེད་སའི་གནས་སུ་འགྱུར་འགྲོ་བ་ནི་མི་བུ་ཞིག་གི་བརྩེ་དུང་གི་ཆོས་ཉིད་དུ་འཁུམ། དུངས་པ་དེས་རྐྱེན་པས། བདག་གིས་ཁྱོད་ཀྱི་འཛུམ་མདངས་མཐའ་དག་མི་ཚེ་འདིའི་ལོངས་སྤྱོད་དུ་སྒོམ་བསམ་ལ། སྙན་ངག་དང་ཐ་སྙད་ཀྱིས་མཚོན་མི་བཏུབ་པའི་དཔྱིད་ཀའི་བསིལ་རླུང་འཇམ་པོ་དེ་རུའང་བློམ་མྱོང་། ཤ་དང་རུས་རྐང་དུ་སིམ་པའི་སྙིང་གཏམ་དེའི་བདག་གི་ལམ་ཕྱོགས་ལ་བདག་པོ་བརྒྱབ་པས། ཉི་འོད་དང་སྤྲིན་པའི་པང་ནས་ངས་སྙན་ངག་བྲིས་ལ། སྐར་ཚོགས་དང་མཚན་ལམ་རེ་རེ་ནས་བདག་གིས་སུས་ཀྱང་ཚོར་ཐབས་མེད་པའི་མིག་ཆུའི་ཐིགས་པ་བརྒྱས་མྱོང་།  སུས་ཀྱང་འགྲེལ་ཐབས་དཀའ་བའི་ཐ་སྙད་རེ་རེས་འུ་གཉིས་ཀྱི་ལས་དབང་་ལ་ཚོན་མདངས་བསྣན། སྐབས་དེ་དག་ཏུ་ཁྱེད་ནི་བདག་གིས་བཀླགས་མི་ཚར་བའི་བརྩེ་དུང་གི་གཏམ་རྒྱུད་རྫོགས་མེད་དེ་ཡིན་ལ། གང་གིས་ཀྱང་ཚབ་བྱ་མི་བཏུབ་པའི་གཏམ་རྒྱུད་དའི་མི་སྣ་གཙོ་བོ་དེ་ཡིན།

   སློབ་སྦྱོང་གི་བར་ཐག་ནི་འུ་གཉིས་ཀྱི་ཆེས་རིང་བའི་བར་ཐག་ཡིན། དེས་རྐྱེན་པས་འུ་གཉིས་སོ་སོ་རང་ཉིད་ཀྱི་ལམ་ཁ་དེར་ལས་དབང་གིས་སྐྱེལ་མ་བྱེད་སྲིད། བར་སྐབས་ཏེ་ནས་ངའི་ཁེར་རྐྱང་གི་ལོ་ཟླ་ཤིག་སེམས་ཀྱིས་སྐྱོར་ཞིང་།ཁྱོད་དང་སློབ་གླིང་གཅིག་ཏུ་མ་འཛོམས་པའི་སྡུག་ཡུས་ཤིག་རྒྱབ་དུ་ཁུར་ནས་དུས་ཚིགས་སྐྱ་བོ་ཞིག་གི་ངོ་གདོང་ལ་སྙན་ངག་དང་ཐ་སྙད་རེ་རེས་ཚོན་ཁ་བཏབ་རྒྱུ་དང་།དུས་ཚོད་དེར་ཁྱོད་ནི་བདག་གི་སྙན་ངག་དང་ཉིན་ཐོའི་བར་གྱི་འགྲེལ་ཐབས་མེད་པའི་ཁྲག་རྩར་རྒྱུ་བའི་ཐ་སྙད་ལྷུན་ཆགས་དེར་གྱུར་ཞིང་།བདག་གི་ས་སྲོད་དང་མཚན་ལམ་རེ་རེའི་དྲན་པ་དང་ན་གདུང་གི་རྨ་ཁའི་ཚ་གཟེར་དུ་གྱུར།

   རྨི་ལམ་དང་རྨ་ཁས་བཏུམ་པའི་ལོ་ངོ་གསུམ་གྱི་ཕྱིར་མིག་ཁྲོད། བུ་མོ་ཁྱེད་ནི་ངའི་སྙིང་གི་འཕར་ལྡིང་དང་བསྡོངས་བའི་ཁྲག་རྩ་དམར་པོ་དེ་ཡིན། ཁྱོད་ཁོ་ན་ལས་ཕྱིར་མིག་ཁྲོད་ན་འགྲན་བརྩོད་བྱེད་མཁན་མེད་པས། ང་ཁྱེད་ལ་བསམ་པ་ནམ་དག་ཡིན།

     ཁྱོད་ནི་ངའི་འཛམ་གླིང་དཔེ་ཀློག་དུས་ཆེན་འདིར་བཀླགས་བའི་གཏམ་རྒྱུད་སྐྱ་བོ་དེ་ཡིན།

                            ࿑   མྱིང་མེད།


最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 221,635评论 6 515
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 94,543评论 3 399
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 168,083评论 0 360
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 59,640评论 1 296
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 68,640评论 6 397
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 52,262评论 1 308
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,833评论 3 421
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,736评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 46,280评论 1 319
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 38,369评论 3 340
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 40,503评论 1 352
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 36,185评论 5 350
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,870评论 3 333
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 32,340评论 0 24
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,460评论 1 272
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,909评论 3 376
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 45,512评论 2 359

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 430评论 0 1
  • མདང་ནུབ་ངའི་རྨི་ལམ་དུ་ཡང་བསྐྱར་མི་དེ་རྨིས་བྱུང་། ཞོག...
    玛尚卟姆阅读 1,128评论 1 3
  • 每个人的年轻时代都有海绵期,他那时学东西特别快, 很快学会了去隐藏那些没见过世面的惊叹,以及分辨完红绿灯再过马路,...
    一脸老雀斑阅读 215评论 0 0
  • 我真的不知道自己一天天都在干嘛!!我做了什么有用的事? 1 背新概念英语 1暴饮暴食 2 做实验 ...
    vera_fish阅读 113评论 0 0
  • 今早本想八点起床,去做个志愿活动,中午回来收拾一下去图书馆复习的。 呵,七点。突然一阵铃声把我吵醒,我是那种有一点...
    啾啾啾一吖阅读 381评论 0 0