གྱང་ངོས་སུ་བྲིས་པའི་ལེགས་བཤད་རི་མོ་འདི་དག་སུས་འཁུམ།
དཔྱིད་ཁའི་རླུང་བུའི་ལོ་མ་ཐུ་བོ་ཕྱོགས་གང་དུ་བསྐྱོད་མྱོང་།
ནམ་མཁའི་སྤྲིན་ནག་ཉི་འོད་ཞིག་གི་བྲབ་མ་ཐུབ།
འཁྱམས་པོ་ཙག་རླུང་གཅིག་གིས་བརྟོལ་བ་རེད།
ངའི་སྒེའུ་ཁུང་གྲུ་བཞིའི་གསང་ནས་ཁ་བ་ཞིག་སྒུག་དུས།
འཁུན་སྒྲ་ཞིག་གིས་གམ་གྱི་བྱིས་པའི་རྨི་ལམ་དཀྲོགས་ཐ།
ངུ་ངག་དབྱངས་རྟའི་ང་རང་འཁྲུལ་སྣང་ནས་འཐེན་སོང་།
2016 12 20 ཉིན། དྲི་མེད་བློ་གྲོས།(ཁུར་མོང་།)