མ་བཟང་བུ་མོ།
ཁྱེད་ཀྱིས་ང་རང་མཐོང་དུས་དཔྱིད་མགོའི་མེ་ཏོག་སྒམ་པུ།།
ང་ཡིས་ཁྱེད་རང་མཐོང་དུས་དབྱར་གཞུང་སྦྲང་ཆར་བསིལ་མ།།
ཁྱེད་དང་ངེད་གཉིས་བརྒྱན་པ་ལེགས་ཚོགས་འཇིག་རྟེན་ཡིན་པས།།
སེམས་དང་སེམས་པའི་འདྲེས་ཚུལ་ཆུ་མོ་ས་ལ་ཐིམ་པ།།
ཞེ་སོང་གི་དགའ་ལོ།
འཛུམ་གྱི་ལེར་ཡོད་པའི་ཞལ་རས་ཤིག།
སིང་དིར་རེ་གྲགས་པའི་སྐད་ངག་ཅིག།
ཀུན་སྦྱོར་བ་མཐུན་པའི་སྤྱོད་བཟང་ཞིག།
སྨན་བུ་མོ་ཞིག་ལ་སྙིང་དུ་སྡུག།
འཛུམ་རེས།
འཛུམ་འཛུམ་སེམས་པུ་འཛུམ་རེས།།
འཛུམ་པས་འཛུམ་ལ་འཛུལ་དུས།།
འཛུམ་པའི་འཛུམ་དེ་འཕྲོག་བས།།
མདངས་དེ་སྙིང་དུ་འཚེར་སོང་།།
གདམས་ཚུལ།
ཞེ་མཐུན་སྙིང་གི་དྭངས་གྲོགས།།
སེམས་པ་སྐྱོ་སྐྱོ་མ་གནང་།།
འཇིག་རྟེན་ཕོ་མོའི་བརྩེ་དུང་།།
ཉག་ཉོག་སྒྱུ་མའི་འཕྲུལ་ཉིད།།