སྐྱ

图片发自简书App



འོད་ལམ་ལམ་གྱི་ལམ་ཕྲེང་དུ

འཛུམ་མུལ་མུལ་གྱི་མི་བུ་དེར

རྣམ་ཤེས་ཐ་ཐོར་ཞིག་གི་འདུས་ཁྲོད

གསར་བར་བསྒྲོན་པའི་དུ་བ་ཞིག

སྨྱུ་གུར་གོམས་པའི་མཛུབ་མོའི་གསེང

གཏམ་རྒྱུད་ཞིག་གི་ལེའུའི་མགོ་བོ་བསླང་།

གཏམ་རྒྱུད་དེ་སྐྱ་མདོག་གི་ཉིན་ཐོ་ཞིག

སྐྱ་མདོག་གི་ལོ་མ་ཞིག

སྐྱ་མདོག་གི་མི་བུ་ཞིག

སྐྱ་མདོག་གི་འཇའ་ཚོན་ཞིག

སྐྱ་མདོག་གི་ལེའུ་ཞིག

མིག་ལ་མི་འཚེར་བའི་སྐྱ་མདོག

སེམས་ལ་མི་ཆགས་པའི་སྐྱ་མདོག

ལུས་ལ་མི་གོམས་པའི་སྐྱ་མདོག

ཡིན་ཡང་

གཏམ་རྒྱུད་དེ་སྐྱ་མདོག་གིས་སྤྲས

སྐྱ་མདོག་གིས་འཚེེར

སྐྱ་མདོག་གིས་བྱུགས

འབྱུང་འགྱུར་དང་འདྲེས།

མཇུག་ལ་མི་འཇུས་པའི་སྐྱ་མདོག

ལན་རེར་

མི་སེམས་སྨྲེང་བར་བྱེད

མཆི་མས་སྦངས

ལན་རེར་

མི་སེམས་བཟི་རུ་སྐྱེལ

ན་ཟུག་སེལ

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容