འབའ་ཡུལ་བུ་མོ།

图片发自简书App

སྣང་བ་འཇིག་རྟེན་གཟིམས་པའི་མཚན་ལྗོངས་ན་ཡོད་དམ།།

མིག་ཆུ་འཁྱག་འདར་རྒྱག་པའི་དགུན་གཞུང་ན་ཡོད་དམ།།

བརྩེ་བ་གནམ་ས་གཉིས་ཀའི་ལྟེ་བ་ན་ཡོད་དམ།།

ཡང་སྙིང་ང་ཡི་འབྲོག་མོ་གང་ཞིག་ན་ཡོད་དམ།།

ལ་གཞས་སེམས་ཀྱིས་བསྐྱོར་བའི་གྲོང་ཚོ་ན་ཨེ་ཡོད།།

སྨྲེང་བ་ཤ་ལ་དྲུད་པའི་འཁོར་བ་ན་ཨེ་ཡོད།།

སྙིང་གཏམ་མགུར་ལ་བརྒྱུས་པའི་ཕྱི་ནང་ན་ཨེ་ཡོད།།

དུང་བ་སེམས་ཀྱི་འབྲོག་མོ་ཐག་ཉེ་ན་ཨེ་ཡོད།

འབྲོག་མོ་འཇིག་རྟེན་སྣང་བའི་དཔེ་རྒྱན་དུ་བཀོད་ཡོད།།

འབྲོག་མོ་ཡིད་ལ་བཞག་ནས་མི་ཚེ་ལ་ཉན་ཡོད།།

འབྲོག་མོ་སྲིད་པ་འཁོར་བའི་ལྷ་མོ་ཞིག་ཡིན་ནམ།

འབྲོག་མོ་དགའ་སྐྱོ་གླན་སའི་མི་མོ་ཞིག་ཡིན་ནམ།།

དྲན་པ་ཤ་རྗེན་གཞས་ལ་འབྲོག་མོ་ཡིས་འདེབས་རོགས།།

ཚོར་འདུ་ཆགས་སྡང་གླུ་ལ་འབྲོག་མོ་ཡིས་གདམས་རོགས།།

དོན་དམ་མཐུན་པའི་གླུ་ཞིག་འབྲོག་མོ་ཡིས་ལེན་རོགས།།

ང་ཡི་སྨྲེང་བ་དམར་རྗེན་སྙིང་གཏམ་གྱིས་སྐྱོར་རོགས།།

འབྲོག་མོ་སྤང་ཁའི་མེ་ཏོག་གློ་དམར་དེ་ཨེ་ཡིན།།

འབྲོག་མོ་རྨ་ཆུའི་རླབས་ཀྱི་རོལ་མོ་དེ་ཨེ་ཡིན།།

འབྲོག་མོ་འོད་ཀྱི་འཇའ་ཚོན་རི་མོ་དེ་ཨེ་ཡིན།།

འབྲོག་མོ་དཔྱིད་ཆར་འགོ་མའི་བསིལ་རླུང་དེ་ཨེ་ཡིན།།

སེམས་ཀྱི་ཕྱི་ནང་འབྲོག་མོའི་ཞེ་འདང་ཀྱིས་ཟགས་སོང་།།

ཡང་ན་དགའ་སྐྱོ་གཤིས་ཀ་འབྲོག་མོ་ཡིས་བསྩལ་སོང་།།

སྙིང་ཆུང་དམར་པོ་འོ་ཞིག་འབྲོག་མོ་ཡིས་བྱས་སོང་།།

མ་ཟད་མིག་ཆུའི་ཡིག་ཆུང་འབྲོག་མོ་ཡིས་བྲིས་ཡོད།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容