དོན་ངོ་མའི་ཆོས་ཟེར་བ་དེ་འཚོ་བའི་ཁྲོད་ནས་ངོས་ཟིན་པར་བྱེད་དགོས།
ཆོས་ལུགས་ནི་མིའི་རིགས་ཀྱི་སེམས་ཀྱི་སྨན་མཆོག་གཅིག་ཡིན་འོས།
འདི་ལྟར་མི་ཞིག་ས་ཆ་གང་སར་འགྲོ་བ་ནི་ཉམས་མྱོང་འཚོལ་བསྡུ་ལ་འགྲོ་བ་རེད།
ཆོས་ལུགས་ཟེར་བ་དེ་ཁ་ནས་བཤད་རྒྱུ་ཅིག་མ་ཡིན་པར་རང་རང་གི་སེམས་ནང་མྱོང་རྒྱུ་ཅིག་རེད།
འཇིག་རྟེན་ནི་སྣ་ཚོགས་པ་ཅན་ཞིག་ཡིན་ན། མི་ལ་ཅི་ཡང་ཡོད་ཆོག
འཕྲད་ཟིན་པའི་མི་རེ་རེ་ནི་ང་དང་ཁ་ཐག་ཉེ་བ་དག་ཡིན། ཁྱེད་ཅག་ཡོད་པས་ངའི་འཇིག་རྟེན་ལ་མཛེས་སྡུག་དང་གསོ་ཉམས་ཡོད།
ལུས་སེམས་གཙང་མ་བྱེད་པ་ནི། མི་གཙང་མ་བྱེད་པའི་ཐབས་ལམ་ཡིན།
པར་ལེན་པ་ནི་རང་ཉིད་ཀྱི་ངོ་གདོང་ལ་ལྟ་བའི་ཆེད་དུ་མ་ཡིན་པར། འདས་ཟིན་པའི་མི་ཚེ་ལ་བརྗེད་ཐོ་ཞིག་འབྲི་བ་རེད།
ངའི་མི་ཚེ་ལ་དཀའ་སྡུག་དང་དབུལ་འཕོང་ཟེར་བ་ཞིག་མ་མཐོང་། དེ་ནི་ང་རང་དགའ་བདེ་དང་སྤྲོ་སྐྱིད་ཁོ་ནས་དུས་འདའ་སོང་བ་ཡིན་གྱི་རེད།
ཕྱི་རོལ་གྱི་གྱོན་གོས་ལ་མ་ལྟ། ནང་གི་སེམས་ལ་ལྟོས།
ང་རང་གཤོག་པ་མེད་ཀྱང་སེམས་ཀྱི་གཤོག་པ་ཡོད་པས། ང་ས་ཆ་གང་དུ་ཡང་སླེབས་ཐུབ། པར་རིས་ཀྱི་སྒྱུ་རྩལ་ནི་ངོ་མ་ཁེ་མཚར་པོ་རེད། འབྲེལ་བཤད་ཡང་དག་ཅི་ཡོད་མི་སྲིད།
དར་ལ་བབ་པའི་ལང་ཚོ་ཞིག་འདི་ལྟར་རྦ་རླབས་བཞིན་འཕྱུར་ཡོང་དུས། ད་གཟོད་མི་ཚེ་ཟེར་བ་དེའི་ནང་དར་རྒུད་དང་དགའ་སྡུག དྲོད་གྲང་མང་པོ་ཞིག་ཡོད་པ་ཚོར།
ང་རང་རྒྱ་མཚོ་ལ་དགའ་དོན། ཉ་མོ་ལ་དགའ་བས་མིན་ལ་རྦ་རླབས་ལ་ཡང་དགའ་བས་མིན། ཆུ་ཡི་བརྩེ་དུང་ཁོ་ན་ལ་དགའ་བས་ཡིན།
མི་ཞིག་ནང་སེམས་ཀྱི་ངོས་སུ་དགའ་སྡུག་གི་ཚོར་བ་དྲག་པོ་སྐྱེ་ཡོང་དུས་ཕྱི་ཡི་ངོ་གདོང་ཡང་རྣམ་པ་གཞན་ཞིག་ཏུ་འགྱུར་འགྲོ།
མི་དང་མི་དབར་ལུས་སེམས་གཉིས་ཀ་བཅར་ན་ཡག་པོ་ཡོད།
འཚོ་བ་ནི་གོམ་པ་རེ་རེའི་ཁྲོད་ནས་ཉམས་སུ་མྱོང་བར་བྱེད།
ཕུག་ཐུག་བཏང་མ་མྱོང་བའི་སེམས་ཁམས་ཤིག་ཡོད་སྲིད་དམ། ཡོད་ན་དེ་ནི་ནོར་བུ་ངོ་མ་ཞིག་ཡིན་རྒྱུ་གྱིས།
གྲོགས་པོ་ལ་ལ་ནི་རྒྱང་རིང་ནས་ངོ་ཤེས་ཤིང་། རྒྱང་རིང་ནས་གྱེས་འགྲོ།