2019-07-16

འདི་ན་གསེར་འོད་ལས་ཆེས་པས་སྒྱུ་རྩལ་གྱི་སྐར་ཚོམས་ཞིག་ཡིན་ལ།

འདི་ན་མཇའ་མཚོན་གྱིས་ཕྱུག་པའི་མེ་ཏོག་གི་ཚོམ་བུ་ཞིག་ཀྱང་ཡིན།

དེ་རིང་སྙན་དབྱངས་ཀྱི་མགྲིན་པ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱིས་གཡང་དྲུང་འཁྱིལ།

དེ་རིང་སྒྱུ་རྩལ་གྱི་བླ་སྲོག་ལ་ཚེ་རིང་རྣམ་དྲུག་གིས་དོན་ཀུན་གྲུབ།

དེ་རིང་ང་ཚོ་གླུ་གཞས་བརྩེ་བ་བསྐྱོར་བཞིན་རྒྱུད་དྲུག་གི་སྙན་ཆ་ལྡིང་སའི་ཁྲོམ་རྭ་འདི་ནས་མཛོམས་སོང་།

འདི་ནི་ང་ཚོའི་སྙིང་ལ་ཉར་བའི་གཞིས་ཁྱིམ་ཡིན།

འདི་ནི་ང་ཚོའི་ཞེ་ལ་ཐོགས་པའི་རྩེད་ར་ཡིན།

དེ་རིང་ང་ཚོ་མཛོམས་སོང་། གླུ་དབྱངས་ཀྱིས་བྲོ་བ་ལྡན་ཞིང་ཞབས་བྲོ་ཡིས་མཁྱུག་རྩལ་ལྡེམ་སའི་ཚོམས་འདིའི་སྒྱུ་རྩལ་གླིང་ནས་མཛོམས་སོང་།

འདི་ནི་ང་ཚོས་ངག་ལ་རྒྱུས་བའི་དབྱངས་རྟ་ཡིན་ལ།

འདི་ནི་ང་ཚོས་གར་ལ་བསྟར་བའི་ཁྱད་ཆོས་ཞིག་ཀྱང་ཡིན།

གུས་ཤིང་སྙིང་ནས་བརྩེ་བའི་ཕྱོགས་སོ་སོ་ནས་ཕེབས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་རྣམས་པ་དང་། 

ཏང་དང་རྒྱལ་ཁབ་ཀྱིས་གཟིགས་སྐྱོང་གནང་བའི་ས་གནས་ཁག་གིས་དབུ་ཁྲིད་རྣམས་པ་སྐུ་ཁམས་བཟང་།

མཛའ་ཞིང་མེ་ཏོག་གིས་འདབ་མ་ཕྱོགས་བཞིར་བཞད་པའི་གྲགས་ཅན་གྱི་གླུ་བ་གླུ་མ་རྣམས་པ་དང་།

ཤ་ཁྲག་རུས་གསུམ་ཀྱིས་ཕུང་པོ་གཅིག་ཏུ་འདྲེས་པའི་ཕ་མ་སྤུན་མཆེད་དང་།

ཤག་པོ་དགའ་ས་རྣམས་པ་ཡུལ་མི་གྲོགས་པོ་རྣམས་པ་ཁྱེད་རྣམས་པའི་སྐུ་ཁམས་བཟང་།

ངས་ཕ་ཡུལ་ནི་ཁྱུང་སྨད་ལྟག་ཤོད་ཡུལ་ཟེར་ས་ལ་བཀྲ་ཤིས་ཀྱིས་དགེ་མཚན་ཡོངས་སུ་ཚང་ཞིང་།

གླིང་གེ་སར་རྒྱལ་པོའི་ཕེབས་ས་དང་།

སྒ་སེང་ལྕམ་འབྲུག་མོའི་སྦ་ས།

རྟ་ལྷ་རྟ་རྐྱང་བུའི་ཕ་ས།

ཁྱད་པར་དུ་འཕགས་པ་ལྷ་རྒྱལ་བའི་དབང་པོའི་གདན་ས་དང་།

ལྟག་ཤོད་བུ་མོ་པདྨ་མཚོ་ཡི་ཕ་ཡུལ།

སྐྱབས་རྗེ་བློ་བཟང་མཁས་སྒྲུབ་མཆོག་ཀྱིས་འཁྲུངས་ས།

ས་གཞན་དང་མ་འདྲ་སའི་གནས་མཆོག་བྱིན་རླབས་ཅན།

མི་གཞན་དང་མ་འདྲ་སའི་སྐྱེས་ཆེན་གྲངས་ལས་འདས་ས།

ཁྱུང་མེད་ལྟག་ཤོད་ལྷ་སྡེ་ཕྱུགས་མོ་ཟེར་ཕྱོགས་བཞི་མཚམས་ལ་གྲགས་སའི་ཞིང་ས་འདི་ནས་མཚར་ལོང་བྱུང་བའི་དེ་རིང་གིས་མདོ་འཛིན་པ་མགར་དར་རྒྱས་ཡིན།

སྟོད་གངས་རིའི་ཡང་རྩེ་ནས་དབྱངས་རྟ་ཞིག་གི་སྦྲང་ཆར་གྱི་དངོས་གྲུབ་ཕ་ཁྱིམ་སྨུག་པོའི་ནང་རོལ་ལ་འཁྱིལ་འོངས།

འདི་ནི་ང་ཚོ་བསོད་ནམས་ཆེ་བའི་རྟགས་མཚན་རེད།

འདི་ནི་ང་ཚོ་སྐལ་བ་བཟང་བའི་མཚོན་རྟགས་རེད།

སྨད་རྒྱ་མཚོ་གཏིང་རིམ་ནས་གླུ་སྐད་ཞིག་གི་རིག་ཞེན་གྱི་བདེན་པ་ཁྱེད་ཚོས་ངག་སྒོ་ལས་མཆེད་འོངས།

འདི་ནི་ང་ཚོ་བདེ་སྐྱིད་ལྡན་པའི་སྤྲོ་སྣང་རེད།

འདི་ནི་ང་ཚོ་ལྷན་འཛོམས་བྱུང་བའི་དབུ་ཁྱུད་རེད།

ད་ལྟ་ནི་ཀུན་གྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་དཔྱིད་དུ་དགའ་ལྷང་ལྷིང་དང་སྤྲོ་སང་སིང་གི་འགྲོ་བཞིན་པ་འདི་ནི་ང་ཚོ་ལྟག་ཤོད་སྡེ་དགོན་གཉིས་ཀྱིས་ལོ་གཅིག་ལ་ཐེངས་གཅིག་གིས་དུས་སྟོན་ཆེན་མོ་སེང་ཆེན་ཐང་གིས་གླུ་དབྱངས་སྤྲོ་ཚོགས་དེ་རེད།།

དེ་ཡང་།  ཉི་ཟླའི་བརྩེ་བ་འདེགས་པའི་གླུ་ཆུང་སྙན་མོ།

ས་གཞིའི་སེམས་འདུན་སྲུང་བའི་གཞས་ཆུང་སྙན་མོ།

ང་ཡི་དྲུག་འགྱུར་དབྱངས་རྟ།

ང་ཡི་བརྩེ་སེམས་དྭངས་མོ།

སྙན་ཞིང་འཇེབས་ལ་དྭངས་ཤིང་གསལ་བའི་གླུ་སྐད་ཅིག་གི་རི་ཆུ་ནགས་གསུམ་གྱི་མཛེས་སྡུག་གསོས་མྱོང་ལ་དགའ་སྐྱོ་འདྲེས་མའི་ཡིད་དབང་འདྲེན་མྱོང།

འདི་ནི་དྲུག་འགྱུར་དབྱངས་རྟ་ལ་རང་དབང་ཐོབས་པའི་གླུ།



这里既是一座金碧辉煌、繁星点缀的艺术殿堂,亦是一束靓丽炫彩的彩虹之花。

此刻,我们以歌抒情相聚在这六弦的诗场上――浸于血的家园、融与情的乐园。

歌以祝愿岁月安和,愿六大长寿保佑艺术之恒。

与此同时,借我们有缘欢聚在此,以曼妙之舞、天籁之音,祝愿大家幸福永久,欢乐永随。


开幕式版


一种旋律从雪山之峰带来的细雨

会送到温暖的家园,

这是我们福气的象征,

这是我们运气的征兆,

从大海深处传来的一种喜爱真谛的声音,会传到你们的心里,

这是我们幸福的欢乐,

这是我们相聚之初,

此刻,是我们的享受视觉盛宴,耳旁充满嘻嘻哈哈的时刻,

这是我们(ལྟག་ཤོད་སྡེ་དགོན་)两寺的一年一度的大庆之日---色青通的歌舞聚会,

那是,展示日月之情的悦耳之音,

守地心愿之欢歌,

我的六变旋律,

我的纯洁之爱,

一首悦耳嘹亮的歌声唱出了山水森三的美丽动人及悲喜交加的心态,

这是六变旋律的自由之歌。

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容

  • ༄༅། །རིགས་དྲུག་ཐར་ལམ་གྱི་མདོ་ཞེས་བྱ་བ་བཞུགས་སོ། ། གཡུང་དྲ...
    西然桑格阅读 441评论 0 1
  • ༢ མ་བློ་དང་བྲལ། །འོང་བའི་གནས་མེད་ཀ་དག་འབྱམས་ལ་ཡས། །བཅོས་...
    西然桑格阅读 279评论 0 0
  • 一定不要睡懒觉,一定不要熬夜。 每天早起早睡,一天三顿饭,按时吃,别吃零食,喝饮料。凉的,辣的都忌口。 每天喝20...
    本尊悦阅读 205评论 0 0
  • 车窗外的城市,光明又黑暗 太多的故事,闪烁在街灯中央 谁牵引着绳索,思想在旋转 陌生的时间,分秒都在变化 我看见了...
    安岸小茜阅读 335评论 0 0
  • 未来有一万种可能,谁都希望在未来的每一个可能中都掌握着主动权,也希望在遇到想要的东西时,能够拿得到。 我们这一代人...
    丫头Lily阅读 732评论 0 1