སེམས་བྱུང་ཞིག


གཞུང་རྒྱུད་སྨྱུག་མའི་མདའ་ལྟར་དྲང་བ་དང་།།

གསོང་བོར་སྨྲ་ཞིང་བྱམས་བརྩེའི་བློ་ཡིས་ཁེངས།།

མྱི་ཆུང་བུ་ལྟར་སྐྱོང་བའི་རང་གཤིས་དག།།

དགེ་རྒན་དམ་པའི་ངོ་སོ་ཡར་ལ་བསྟོད།།

རང་དོན་རྒྱབ་ཏུ་བསྐྱུར་ནས་གཞན་དོན་གཉེར།།

མི་རིགས་སློབ་གསོའི་ལས་ལ་དུས་རྒྱུན་འབད།།

རང་གི་རིགས་ལ་དུངས་ཞེན་ཧ་ཅང་ཟབ།།

ཕྱི་རབས་པ་ཡི་མགོན་དུ་ནམ་ཡང་ཆས།།

བྱམས་བརྩེ་ཉི་མའི་འོད་ལ་འགྲན་པ་ཡི།།

འཇིག་རྟེན་མུན་པ་ཀུན་ལས་མཐར་སྐྲོད་པའི།།

དགེ་རྒན་དམ་པའི་ལྷག་བསམ་བཀའ་དྲིན་ནི།།

བློ་དམན་མི་ཡིས་གཞི་ནས་རྟོགས་པ་དཀའ།།

འཁྱིལ་འཁྱིལ་རིག་གཞུང་འོ་མའི་རྒྱ་མཚོ་འཁྱིལ།།

མཐུན་མཐུན་གྲོགས་པོ་ཕན་ཚུན་མཛའ་ཞིང་མཐུན།།

བརྩོན་བརྩོན་ཤེས་བྱ་ཀུན་ལ་ཕྱོགས་མེད་བརྩོན།།

དུངས་དུངས་དགེ་རྒན་ཁོང་ལ་སེམས་ནས་དུངས།།

འཛོམས་འཛོམས་སློབ་གླིང་ཆེན་པོ་གཅིག་ལ་འཛོམས།།

གཅེས་གཅེས་ཕ་སྐད་གཙང་མ་སྙིང་ནས་གཅེས།།

རྒྱས་རྒྱས་མདོ་དབུས་ཁམས་གསུམ་སྙན་གྲགས་རྒྱས།།

བསྟོད་བསྟོད་སྙན་ཚིག་འབུམ་གྱིས་རྒན་ལགས་བསྟོད།།

图片发自简书App

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容