འདི་ག་ལྷ་རྩེ་༼སྣང་ཆེན་བཞི་དང་དགའ་ཞེན་བཞིའི་གཞུང་དོན་ཁང་༽གི་གཙོ་བོར་འགན་བཞེས་ཐོག། ལྷ་རྩེ་ལྷ་རྒོད་རིག་ རྩལ་མཐུན་ཚོགས་ནས་གཞུང་དོན་ཁང་གི་བསམ་ཕྱོགས་ལྟར་ཏང་གི་རིག་གནས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་། ཀྲུང་ གོའི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་ཉིང་བཅུད་དར་འཕེལ། ཕ་མེས་ཀྱི་བློ་གྲོས་ལས་འཁྲུངས་པའི་རིག་གཞུང་བོད་ཀྱི་ཡིག་ གཟུགས་དེ་མ་ཉམས་གོང་འཕེལ་གཏོང་ཆེད། ལྷ་རྩེ་རྫོང་དུ་ཡིག་གཟུགས་འགྲེམ་སྟོན་ཞིག་གཉེར་རྒྱུ་ཡིན། དེ་ཡང་༢༠༡༧ལོའི་ཟླ་༧པའི་ཚེས་༣༠ཉིན་གྱི་ཞོགས་པ་ཆུ་ཚོད་༡༠པ་ནས་དགོང་དྲོ་ཆུ་ཚོད་༤པའི་བར་རྫོང་སློབ་འབྲིང་ལུས་སྦྱོང་ཁང་ངམ་ལག་རྩེད་སྤོ་ལོ་ཁང་དུ་འགྲེམ་སྟོན་བྱ་རྒྱུ་དང་ཚེས་༣༡ཉིན་གྱི་ཆུ་ཚོད་༡༡ནས་ཉིན་གུང་༣:༣༠བར་རྫོང་མི་དམངས་སྲིད་གཞུང་ནང་དུ་འགྲེམ་སྟོན་བྱ་རྒྱུ་ཡིན།༼གསལ་བཤད། ཚེས་༣༡ཉིན་ཆར་པ་དང་ལྷག་རླུང་རྒྱབ་ཚེ་འགྲེམ་སྟོན་མི་བྱ།༽ དུས་མཚུངས་ཤར་ལ་ཉེ་བའི་༼ལྷ་རྩེའི་ཡུལ་སྐོར་ཞོན་བགྲོད་དུས་ཆེན།༽དེ་ཟིན་གྲབས་ཡོད་པས་བསྐྱར་དུ་བརྩམ་བྱ་ཁ་སྣོན་ དང་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ཟླ་༨པའི་ཚེས་༥--༧བར་མུ་མཐུད་འགྲེམ་སྟོན་བྱ་རྒྱུ་ཡིན། འགྲེམ་སྟོན་བྱ་ཡུལ་རྫོང་སློབ་ འབྲིང་ལུས་སྦྱོང་ཁང་ངམ་ལག་རྩེད་སྤོ་ལོ་ཁང་དུ་ཡིན། རིག་རྩལ་དང་སྒྱུ་རྩལ་གྱི་མཛེས་པ་ལ་གཟིགས་འདོད་ན་ཁྱེད་རྣམས་རྣམ་རྒྱལ་ལྷ་རྩེར་ཕེབས་དང་། དེ་ན་སྟོད་གཞས་ལོ་རྒྱུས་ ཀྱི་རྐང་སྒྲ་གསོན་པོ་ཐོས་རྒྱུ་ཡོད་ལ། གནའ་བོའི་བང་སོའི་བཀོད་པ་ཡང་མཇལ་རྒྱུ་ཡོད། ཁྱད་འཕགས་ཡུལ་ལུང་འདི་འདྲ་བར་ ཡིག་གཟུགས་ཕྱག་གི་མྱོང་རོལ་དང་མིག་གི་དགའ་སྟོན་དེ་མེད་ན་ག་ནས་འགྲིག་གམ། མཇུག་ཏུ་ཕྱོགས་གང་སའི་སྐུ་མགྲོན་རྣམས་པ་སྐུ་ཉིད་རྣམ་རྒྱལ་ལྷ་རྩེར་ཕེབས་པར་དགའ་བའི་བསུ་མ་ཡང་ཡང་ཞུའོ།།
བཅས་སྤྱི་ལོ་༢༠༡༧ལོའི་ཟླ་༧པའི་ཚེས་༢༦ཉིན།