ཚིག་གི་རྡེའུ་སྤུངས་པ། 【 སྙན་ངག】

རི་བོ་ཆེ།——རྨོངས་སད།

༢༡

སྙན་པའི་ངག་གི་འགྱུར་ཁུག་གླེང་ན་དབྱངས་ཅན་ཕྱག་གི་པི་ཝམ་མཁོ།།

རིག་བྱེད་གཏམ་གྱི་སྒོ་མོ་ཕྱེ་ལ་དབང་ཕྱུག་ཁྱབ་མཇུག་མེད་ཐབས་མེད།།

སྲོལ་རྒྱུན་རི་མོའི་མཛེས་ཆ་གཏོད་པར་བྲང་གི་མྱོས་བུམ་ཆ་གཅིག་བཞིན།།

ཅུང་ཟད་སྐུང་ལ་གསལ་པོར་ངོམ་པའི་རྩེད་མཚར་དེ་ཡང་ཕར་ལ་ཞོག།

༢༢

འདི་ནས་བདག་གིས་དབྱངས་ཅན་མ་ཡི་སྐུ་ཡི་མཚན་དཔེའི་ཟུར་ཙམ་ཞིག།

བརྗོད་པར་འདོད་ཀྱང་བདག་བློ་ཆུང་དྲག་ཁྱེད་ཉིད་ཤོང་བར་མི་འདུག་གོ།།

ག་ཤེད་ཅིག་ནས་ཐོས་ཀྱང་མྱོང་ལ་བརྗེད་ཡང་ཟིན་པའི་མག་མོག་ཅིག།

བརྗེད་ངེས་འདི་ལ་འདུག་ཙུག་མི་གདའ་དྲན་པའི་དཔལ་ཡོན་རྐུས་ནས་སོ།།

༢༣

གནག་སྣུམ་སྐྲ་ཡི་འདབ་མ་བཅིངས་ཏེ་རྒྱལ་བ་རིགས་ལྔ་དབུ་ལ་བཞུགས།།

སྐྲ་ལོའི་ཆུན་པོ་རྒྱབ་ཏུ་འཕྱང་ནས་ཕྲག་པའི་སྟེང་དུ་རེག་རེག་བྱེད།།

ཉི་ཟླའི་འོད་ཀྱི་རྣ་ཆ་ཐོགས་ནས་ཞལ་གྱི་འཛུམ་མདངས་ལྷུག་པོར་གྲོལ།།

དལ་གྱི་རྒྱས་པའི་དཔྲལ་བའི་དབྱིངས་ནས་མཚར་སྡུག་འོད་བུ་ལམ་སེ་ལམ།

༢༤

དཀར་ནག་མ་འདྲེས་སྤྱན་དཀྱུས་རིང་ཞིང་སྨིན་མའི་གར་སྟབས་ཡང་ཡང་བསྒྱུར།།

སྨིན་ལེགས་འོག་གི་བཞིན་ལེགས་མ་ཁྱེད་ལྷ་དང་བདུད་ཀྱིས་མཆོད་ཅིང་བཀུར།།

ལྤག་པ་སྲབ་ཅིང་བ་སྤུ་རྩེ་ནས་རེ་བྱ་འཇམ་པོ་ཐུ་ལུ་ལུ།།

ཤངས་ཀྱི་བུ་ག་ཅུང་ཟད་ཟུམ་ཞིང་དབུགས་ཀྱི་རྒྱུ་བ་འཇམ་ལ་དལ།།

༢༥

ཞལ་གྱི་པད་མོའི་འབྱེད་འཛུམ་རེ་ལ་ཡིད་ཀྱི་དབང་པོ་དྲག་ཏུ་ལྡང་།།

གདོང་གི་འཛུམ་ཆུང་སྟོན་ཐེངས་རེ་ལ་ཚོགས་དྲུག་ཡིད་ཀྱི་རྒྱུ་བ་འགག།

ཐུགས་རྗེ་བརྩེ་བའི་གཟིགས་ཕྱོགས་རེ་ལ་སེམས་ཀྱི་ངལ་དུབ་མ་ལུས་ཞི།།

གང་ཞིག་ཡིད་ལ་དྲན་པ་ཙམ་གྱིས་དགའ་དང་སྤྲོ་བའི་བ་སྤུ་གཡོ།།

༢༦

ཟིལ་པ་ཐོགས་པའི་མཆུ་སྒྲོས་གཙང་ལ་དུང་གི་སོ་ཕྲེང་ཁྲ་ལ་ལ།།

མགྲིན་པའི་མགུལ་གྱི་བུམ་བཟང་དེ་ལས་སྙན་པའི་འགྱུར་ཁུག་ལྷང་སེ་ལྷང་།།

དར་གྱི་ཨམ་རག་སྐུ་ལ་གསོལ་ཞིང་སྤྲིན་དང་ནམ་མཁའི་གཞས་ཡས་ནས།།

ཐུགས་རྗེ་བརྩེ་བའི་ལན་གཅིག་གཟིགས་དང་ཀྱེ་ཀྱེ་ཡིད་ཀྱི་ལྷ་མོ་ལགས།།

༢༧

མུ་ཏིག་རྡོག་གུ་མགུལ་དུ་བཏགས་ནས་ལྷ་ཡི་རྒྱན་དྲུག་གསོལ་བ་ན།།

སྲིད་གསུམ་བདག་པོ་དབང་ཕྱུག་གིས་ཀྱང་ཚུགས་ཀ་ཤོར་བའི་ལོ་རྒྱུས་གདའ།།

ཞི་ཞིང་ལྷོད་ལ་སྒེག་ཅིང་འཕྱོ་བའི་གོམ་འགྲོས་རེ་རེའི་སྟངས་སྟབས་ལས།།

ཚང་པ་ཆེན་པོས་དཀའ་ཐུབ་ཟློག་ནས་བརྩེ་བའི་ཟུར་མིག་ཁྱོད་ལ་འཕངས།།

༢༨

བཅུ་དྲུག་ལང་ཚོ་ལུས་ལ་འཆང་ཞིང་བརྩེ་དགའི་གླུ་དབྱངས་བླངས་ཙམ་ན།།

ཁྱབ་མཇུག་ཆེན་པོས་ཉི་ཟླ་བཟུང་ནས་ཁྱེད་ཀྱི་ཕྱག་ཏུ་ཕུལ་ཞེས་གྲགས།།

རྣམ་ཐོས་སྲས་ཀྱིས་སེང་གེའི་རྣ་རྒྱན་མི་བརྗེད་དྲན་པའི་རྟེན་དུ་བཞགས།།

ཀླུ་ཡི་རྒྱལ་པོས་ནོར་བུ་གཙུག་ཕུད་གཉེན་དང་འདུ་མའི་ཕྱག་རྟགས་ཕུལ།།

༢༩

མཛེས་འཛུམ་འོད་དང་འོད་ཟེར་འཕྲོ་ཞིང་བརྗིད་ཆགས་བརྩེ་བ་རི་ལས་བརླིང་།།

ཕྲ་ལ་ལྡེམ་པའི་སྐུ་གཟུགས་སྨྱུག་མ་བརྩེ་འཛུམ་རླུང་བུས་ཡང་ཡང་གཡོ།།

ཕྱག་ན་འཛིན་པའི་རྒྱུད་དྲུག་པི་ཝམ་ལྷ་ཡི་རྔ་བོ་ཆེ་བཞིན་དུ།།

སྙན་པའི་ཚིག་གི་རོལ་མོ་སྣ་ཚོགས་དབྱར་གྱི་ཆར་ལྟར་སིལ་ལི་ལི།།

༣༠

ཟླ་འོད་འཐུང་བའི་གཙང་པོ་འདི་ནས་ཡིད་ཀྱི་ཀོ་གྲུ་ཆུང་ཆུང་ཞིག།

རྐྱལ་རྐྱལ་སྒྲ་ཡིས་ཕར་ཕར་འདེད་ཅིང་དབྱངས་ཅན་མ་ཁྱོད་འཚོལ་བར་ཕྱིན།།

འཁོར་བའི་ཉིན་སྲིབ་ཇི་ལྟར་བརྒྱུད་ཀྱང་ཁྱོད་ཀྱི་ཞབས་རྗེས་མི་འདུག་པས།།

ད་དུང་ངས་ཁྱོད་མིང་ནས་འབོད་ཀྱིན་ཁྱོད་ཉིད་འཚོལ་བར་གང་དུ་འགྲོ།།

2021/10/6    མུ་འགོད་ཁག་གསུམ་པ། 

最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 220,367评论 6 512
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 93,959评论 3 396
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 166,750评论 0 357
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 59,226评论 1 295
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 68,252评论 6 397
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 51,975评论 1 308
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,592评论 3 420
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,497评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 46,027评论 1 319
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 38,147评论 3 340
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 40,274评论 1 352
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 35,953评论 5 347
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,623评论 3 331
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 32,143评论 0 23
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,260评论 1 272
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,607评论 3 375
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 45,271评论 2 358

推荐阅读更多精彩内容