དྲེགས་པར་བཅད་མའི་གསོལ་རས།
དགའ་སྐྱོར་ཐིམ་པའི ===ན་བུ་གྱིས
མཁས་རྣམས་སྤྱང་ཞིང་མ་དྲིས་པ།།
དེ་སྲིད་བར་དུ་སྣོད་མི་དཔོགས།།
སྦུག་ཆལ་མཐོང་ཡང་མ་རྡེབ་པར།།
དེ་ཉིད་ཁྱད་ཆོས་སུ་ཡིས་རྟོགས།།
དེས་ཕྱིར་མཁས་པར་བསླབ་ན་ངེས།།
མ་བསླབ་ཚུར་ཆད་སུས་ཀྱང་རྨོངས་།།
ང་རྒྱལ་ཁེངས་སེམས་འོག་གི་ཁྲོད།།
གང་མཐོང་ཉམ་ཆུང་སྨད་སྣང་མཆིས།།
ཤེས་རབ་ཅན་གྱི་ཉེས་དག་གསལ།།
བླུན་པོའི་ཇི་སྙེད་གཟེར་མས་མཆིང་།།
རི་བོང་བློ་ལྡན་སེང་གསོད་ཀྱིན།།
བུང་བའི་གླེན་པས་དེ་ལྟར་དཀའ།།
གཞན་སྐྱོན་རྟོགས་པར་རང་འདོད་ནི།།
སྙོམས་པའི་ངང་དུ་བཞག་ན་ལེགས།།
གཞན་ལྟའི་སྤྱན་མིག་མངའ་ན་ཡང་།།
རང་སྐྱོན་དཔྱད་པའི་མེ་ལོང་དགོས།།
ལོ༢༠༡༨ཟླ༢ཚེས༢༠་ཉིན་མོར་དྲན་རྣམ་གསོན་པོ