རྩྭ་ཐང་ཕྱིར་དྲན་གྱི་ཞོགས་པ།

         

རྩྭ་ཐང་ཕྱིར་དྲན་གྱི་ཞོགས་པ།

                                      ཞོགས་མེས་བརྩམས།

སྒྲིབ་པ་མེད་པའི་མཁའ་དབྱིངས་སུ་སྤྲིན་དཀར་གྱི་ལུག་ཁྱུ་འཕྱོ་ཞིང་།  རྩྭ་ཐང་ཀན་ནས་གཡུ་འབྲུག་གི་དབྱིབས་དང་མཚུངས་བའི་དུ་བ་སྔོན་མོ་ཞིག་འཇའ་འོད་ཀྱི་དར་ཐག་བཞིན་མཁའ་རུ་འཐེན། འདི་ནི་ལྷ་དང་མིའི་བར་ལ་གཉེན་སློང་གི་འབྲེལ་ཐག་གསར་བ་ཞིག་སྐྲུན་བཞིན་ཡོད་པ་མ་ཡིན་ནམ། ཡང་།  སྤྲིན་དཀར་གྱི་ལུག་ཁྱུ་དེའི་ཅུང་འོག་ན། དཔའ་ངར་འགྱིང་བའི་གངས་རིའི་སོ་ཕྲེང་ནི་གླིང་དཀར་ཧོར་ལ་ཆས་པའི་གཏམ་རྒྱུད་བཞིན་དཔའ་ཞིང་བརྗིད་ལ་དྲག་པོའི་ཟིལ་ཤུགས་དང་ལྡན། ལྗོངས་འདིར།  དབྱར་གསུམ་སྦྲང་ཆར་གྱི་འོ་མ་འཇོ་ཞིང་།  དགུན་གསུམ་ཁ་བ་ཡི་མེ་ཏོག་ཐོར། སྟོན་གསུམ་གསེར་མདོག་གི་འབྲུ་རིགས་ལྡེམ་ཞིང་། དཔྱིད་གསུམ་དྲོད་འཇམ་གྱི་རླུང་བུས་སྐྱེ་དངོས་ཀྱི་ཚེ་སྲོག་ལང་ཚོ་བསྐྲུན། རྩྭ་ཐང་འདིའི་མཛེས་སྡུག་བརྗོད་པ་དང་བྲལ་ཞིང་།  བསྟོད་བསྔགས་ཀྱིས་རྫོགས་ཤེད་ཅིག་འབྲི་བའི་སྙན་ངག་མཁན་ཡང་མ་མཆིས།


གྲོགས་པོ་ལགས།  འདོ་རིགས་རྟ་ཕོའི་རྨིག་སྒྲ་གནས་འདི་ནས་ཐོས་ལ་། ཐུལ་དཀར་འབྲི་མོའི་ངུར་སྒྲ་གནས་འདི་རུ་ཁྱབ།  ལུག་ཁྱུ་རི་ལུང་ལ་བཀྲམ་པའི་མཛེས་སྡུག་དང་། རི་གླུ་གཙང་བོ་ལ་འདྲེས་པའི་དབྱངས་རྟ་སོགས་སུས་ཀྱང་མ་བཅོས་མ་སླད་པར་རྩྭ་ཐང་འདིའི་ཤ་གསེང་རུས་གསེང་དུ་ཁྱབ་ཡོད་པས།  ཁྱོད་ཀྱང་མ་སྡོད་པར་རྩྭ་ཐང་འདི་རུ་ཐེངས་གཅིག་བལྟ་རུ་ཕེབས་དང་། འདི་ལས་ཕ་ས་སྨུག་པོའི་དྲོད་ཁོལ་དང་ཕ་ཁྱིམ་གྲུ་བཞིའི་གསང་བ་རྟོགས་ཡོང་། 

མཚར་སྡུག་གི་རྩྭ་ཐང་། དྲན་ཡིད་ཀྱི་རྩྭ་ཐང་། ང་ཚོ་ཕྱིར་ལོག་འདོད།  ང་ཚོ་འབྲོག་པ་ངོ་མ་ཡིན། ང་ཚོ་ཁྱོད་ཀྱི་སྲུང་དམག་ཡིན། ང་ཚོ་ཕྱིར་ལོག་ནས་ཁྱོད་དང་མཉམ་པོར་འཚོ་འདོད། རྩྭ་ཐང་ལགས།  ང་ཚོའི་ཕྱིར་མིག་གིས་ཁྱོད་ཀྱི་བྱམས་བརྩེ་འཚོལ་ཡོད།

                                  2021.10.3

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

相关阅读更多精彩内容

  • 并不能就此阐释,命运花开的道路也不能借周边开满的蔷薇述说相思和轮回毫无理由的相信这些被野草覆盖的种子会在春天的时候...
    冯玙哲阅读 2,405评论 0 14
  • 中原焦点团队 翟湘云,教师,国家二级心理咨询师。焦点团队初九期、高级二期、讲师七期 成员。2021.10.3,坚持...
    香花盛开阅读 1,351评论 0 1
  • 带儿子去公园玩,他看到一位小朋友玩遥控汽车,非得想让我也给他买一个。 经过几天的软磨硬泡,还是给他...
    玉cxy123阅读 1,405评论 0 0
  • 耶殊陀尼诗社.看图作诗.天使点赞 七律.天涯 文:姜海清 江东客久日如年, 两鬓稀疏鹤发间。 浅草春山年复绿, 梨...
    姜海清阅读 4,174评论 6 27
  • 今天一个好多年未联系的朋友突然顶视频过来,在接通的前两秒我就猜到了原因,最近想买房了咨询我点买房的注意事项。 大概...
    某人某事阅读 3,332评论 0 1

友情链接更多精彩内容