ནག་པོ་སྨྱུག་ཐོགས་ ཀྱི་གསར་བརྩམས་སྙན་ངག《སྒོ་ཁྱི》 - 草稿


༡ངོ་སྤྲོད་དང་སྒུལ་ཤུགས་

སྒོ་ཁྱི་ནི་བོར་སོང་བའི་ཕྱིང་ཞྭ་དང་རལ་བ་འཚོལ་མཁན་ཡིན

སྒོ་ཁྱི་ནི་རྩྭ་ཐང་བྱེ་འགྱུར་གྱི་ཨ་བྲ་གསོད་མཁན་ཡིན

སྒོ་ཁྱི་ནི་རྟ་ཐོག་གི་ཇག་པ་ཕྲེང་འཛིན་དེ་ཡིན་པས

ང་ཡི་ཟུག་སྐད་གླུ་རུ་སྒོམ་མཁན་མེད་ཀྱང

མགྱོགས་ལམ་དྲང་ཤ་ཅན་དེ་བརྒྱུད་དུས་ཅི་ཞིག་བོར་སོང་བ་ཤེས་པར་གྱིས


ལ་གཞས་ཙམ་ལས་བྲིས་མེད་པའི་ཤོག་ལྷེ་གཅིག་གི་མིག་ཆུ་མཐོང་བྱུང

གྱོད་གཞི་ཙམ་ལས་འབྲི་མ་ཐུབ་པའི་ལྕགས་སྨྱུག་ཅིག་གི་ངུ་སྐད་ཐོས་བྱུང

ད་དུང་ཆོན་ཐག་ཆད་པའི་སྦྲ་ནག་གི་ཚོར་བ་འཁྱག་རླུང་དུ་རྒྱུ་བ་མཐོང་བྱུང

འགུལ་སྐྱོད་མ་བྱས་པའི་ཕ་བོང་དེས་སྔར་བཞིན་རི་སྲིབ་ཀྱི་གྲང་ངར་མྱོང་གི་འདུག་པས

སྒོ་ཁྱི་ཁྲིད་སྟེགས་སུ་ཡོང་ནས་སློབ་ཁྲིད་བྱེད་འགོ་བརྩམ

“ངའི་སྨྱུ་གུ་འདིས་ཁྱོད་ཚོ་གང་དུ་ཐོན་ཡོད་པ་ཤེས་པར་གྱིས”


ཁྱི་ར་ཆར་བས་བཤིག་སོང                          ཁྱི་སྣོད་རླུང་གིས་ཁུར་སོང

མཚན་རླུང་ལ་འཐབ་ནས་ཟུག་སྐད་རྒྱབ་ཀྱང་ཁྱི་རྐུན་ཟེར

ལྕགས་ཐག་ཕར་གཡུག་ནས་ཡ་ཁྱིམ་དུ་བསྡད

“འདྲ་མཉམ་ནི་གནམ་སྔོན་པོས་གནང་བའི་ཐོབ་ཐང་ཡིན”


༢      སྒོ་ཁྱིའི་རེ་འབོད

ཤིང་དགུན་ལ་མི་ཤི་དབྱར་ལ་རུལ་འགྲོ       

    གངས་ཙག་གིས་མི་ཐུབ་ཉི་མས་བཞུ་འགྲོ

ལྷིང་འཇགས་ལ་མགོ་བོ་བསྙེས་ནས་ཝུ་ཆང་འཐུང

སྒོ་ཁྱི་ཟུག་དུས་མི་རྣམས་གཉིད་ཚར་བས་ཡིན

ཀ་ཡེ            རྟ་ལ་སྒ་ཆས་རྒྱོབ                      ཁྲབ་ལ་རྒྱུན་ཐག་སྡོམ

མཚན་མོ་ནི་འཐབ་ར་ཞིག་ལས་མགྲོན་ཁང་ཞིག་གཏན་ནས་མིན


བཙའ་ནས་སྐྱ་བོར་གྱུར་བའི་སྒོ་ཤིང་ནི་རླུང་གི་རྩེད་ཆས

ཆག་ནས་ཤུལ་ཙམ་མེད་པའི་སྒེའུ་ཁུང་ནི་ཁུག་རྟའི་འཕུར་ལམ

མཚན་མོའི་སྐར་མ་བལྟ་སའི་ཁང་བ་འདིའི་བདག་པོ་སུ་ཞིག་ཡིན

སྒོ་ཁྱིས་སུ་ཞིག་འབོད་པའི་ཟུག་སྐད་རེ་རྒྱབ་ནས་ཕ་གའི་ཉག་ཁར་བལྟས

ཙན་དན་ཕྲེང་བ་འཛིན་པའི་བདག་པོ་རལ་བ་ཅན་དེ་ཕྱིར་ཕེབས་ཡོད་དམ

དངུལ་དཀར་གའུ་ཅན་གྱི་བདག་མོ་དུང་རལ་ཅན་དེ་ཕྱིར་ཕེབས་ཡོད་ད


སྐད་འཕྲིན་གྱི་དྲིལ་སྒྲ་གཅིག་གྲགས་གཉིས་གྲགས

མགྱོགས་འཕྲིན་ལས་ཐད་གཏོང་གཅིག་ཐོན་གཉིས་ཐོན

བརྡ་རྟགས་མེད་ས་ནས་གན་རྐྱལ་དུ་ལོག་སྟེ་ནམ་མཁར་བལྟས

ཁྲ་ལམ་ལམ་གྱི་སྐར་ཚོགས་དེའང་སྐྱ་རེངས་ཀྱི་ཀློང་ནས་ཡལ་འགྲོ

སྒོ་ཁྱི་ལྷས་མཐའ་ནས་བསྡད་དེ་ཆང་འཐུང་འགོ་བརྩམ

གོ་ཐོས་སུ་ཆང་གིས་སྐྱོ་སྣང་སེལ་ཐུབ་ཟེར

༣    སྒོ་ཁྱིའི་འགུལ་སྐྱོད

རྗེས་ཤུལ་དེའང་ཁ་ཆར་དང་བུ་ཡུག་གིས་བསུབ་ལ་ཉེ

བཙའ་ཆགས་པའི་འབྲོང་རྭ་དེས་ཅི་ཞིག་བཤད་ཀྱིན་འདུག

སྦྲ་ཐེད་པོ་འདིའི་བདག་པོ་རླུང་གིས་ཁུར་ཚུལ་ལ་ཉན་ན

སྟོན་མཇུག་གི་ཁུར་མོང་བགྲེས་པོ་ཙམ་ལས་ཅི་ཡང་མིན་པ་འདྲ

སྒོ་ཁྱི་ཡ་ཁྱིམ་དུ་བསྡད་ནས་བགྲོ་གླེང་བྱེད་འགོ་བརྩམས

ཁྱོད་ཀྱིས་རང་ཉིད་བོར་འདུག་པས་ལག་གི་དབྱུག་པ་ཞོག་ལ་ཉོན་ཅིག


མགོ་སྦྲ་ནག་བདག་མེད་ཆར་ཆུས་ཟགས་ཚར་ཟིག

རྒྱབ་སློག་པ་སྐྱ་བོ་རྙིང་ནས་ཐེད་ཚར་ཟིག

སྒོ་ཁྱིས་རྒོད་པོ་འཕུར་ཤུལ་གྱི་འཇག་མར་སྐད་ཅིག་བསྐུར

ཚང་མས་ཁ་པར་སར་བཞག་ནས་རང་ཉིད་ལ་ཚང་རྩིས་རྒྱོབ

ཕྱི་ཡི་ལྭ        ནང་གི་སེམས              ད་དུང་ངག་གི་སྐད་ཆ


སྒོ་ཁྱིས་ལག་པ་བསྲིངས་ནས་ལྷིང་འཇགས་ཀྱི་གདོང་འབག་བཤུ་བར་བརྩམ

སྒོ་ཁྱིས་སྨྱུ་གུ་བཟུང་ནས་རྨི་ལམ་ལས་བོར་སོང་བ་དག་གི་མིང་བྱང་བྲིས

སྒོ་ཁྱིས་སྐད་འཕྲིན་ནང་གི་མ་ནེ་འོག་འབྱར་ལ་བླ་འགུག་འདོན་འགོ་བརྩམ

སྒོ་ཁྱིས་རྟ་ཐོག་གི་སྟག་ཤར་རལ་བ་ཅན་དེ་གླེང་གི་ཡོད

སྒོ་ཁྱིས་ལྷས་འདབས་ཀྱི་སྨན་ཤར་ཞོ་ཟེའུ་ཅན་དེ་དྲན་གི་ཡོད


  ༤  སྒོ་ཁྱིའི་སྨོན་ལམ 

མཚན་རླུང་ནག་པོ་ལྷོད་ལྷོད་ཀྱིས་ལྡང་བ་འཐབ་སྟངས་གཞན་ཞིག

ཟླ་འོད་ཁྲ་ཁྲ་མཛུམ་མཛུམ་གྱིས་དགོད་པ་དམིགས་ཡུལ་གཞན་ཞིག

སྔུར་སྒྲས་འཆའ་བཞིན་པའི་སྦྲ་ནག་གི་ལྷས་འདབས་ནས

ཟུག་སྐད་གཉོམ་པོ་དེས་འབུ་མེ་ལྕེབ་ཀྱི་རྣམ་ཤེས་འགུག་ཐུབ་པར་སྨོན


ལྷིང་འཇགས་ནི་འཆི་བའི་བདག་པོའི་རལ་གྲི་རེད

ཁུ་སིམ་སིམ་གྱི་མཚན་མོ་ནི་ཁྱོད་ཀྱི་ཤི་ཚིགས་རེད

མཁའ་དབྱིངས་ཀྱི་སྐར་ཚོགས་འདར་བ་འཁྱག་ནས་མ་ཡིན་གོ་ནས་ཡིན

རྡོ་ཡིས་བཀག་པའི་ཟུག་སྐད་དེས་འབུ་མེ་ལྕེབ་ཀྱི་རྣམ་ཤེས་འགུག་ཐུབ་པར་སྨོན


མཚན་མོས་བཏེགས་པའི་ཆང་ཕོར་དེའི་རྗེས་སུ་ཁྱོད་རང་གཉིད་སོང

སྔུར་དབྱངས་ཀྱི་ཁྲོད་ནས་སྐད་ཡིག་དང་བཀའ་བསྟན་གསེར་བྲིས་མ་དེའང་བོར་སོང་།

སྐད་ཆ་མེད་པའི་ཁྱོད་ནི་སུ་ཚང་གི་ཡིན་ནམ

ལྷགས་རླུང་ཁྲོད་ཀྱི་ཟུག་སྐད་གཉོམ་པོ་དེས

འབུ་མེ་ལྕེབ་ཀྱི་རྣམ་ཤེས་འགུག་ཐུབ་པར་སྨོན




























最后编辑于
©著作权归作者所有,转载或内容合作请联系作者
  • 序言:七十年代末,一起剥皮案震惊了整个滨河市,随后出现的几起案子,更是在滨河造成了极大的恐慌,老刑警刘岩,带你破解...
    沈念sama阅读 218,386评论 6 506
  • 序言:滨河连续发生了三起死亡事件,死亡现场离奇诡异,居然都是意外死亡,警方通过查阅死者的电脑和手机,发现死者居然都...
    沈念sama阅读 93,142评论 3 394
  • 文/潘晓璐 我一进店门,熙熙楼的掌柜王于贵愁眉苦脸地迎上来,“玉大人,你说我怎么就摊上这事。” “怎么了?”我有些...
    开封第一讲书人阅读 164,704评论 0 353
  • 文/不坏的土叔 我叫张陵,是天一观的道长。 经常有香客问我,道长,这世上最难降的妖魔是什么? 我笑而不...
    开封第一讲书人阅读 58,702评论 1 294
  • 正文 为了忘掉前任,我火速办了婚礼,结果婚礼上,老公的妹妹穿的比我还像新娘。我一直安慰自己,他们只是感情好,可当我...
    茶点故事阅读 67,716评论 6 392
  • 文/花漫 我一把揭开白布。 她就那样静静地躺着,像睡着了一般。 火红的嫁衣衬着肌肤如雪。 梳的纹丝不乱的头发上,一...
    开封第一讲书人阅读 51,573评论 1 305
  • 那天,我揣着相机与录音,去河边找鬼。 笑死,一个胖子当着我的面吹牛,可吹牛的内容都是我干的。 我是一名探鬼主播,决...
    沈念sama阅读 40,314评论 3 418
  • 文/苍兰香墨 我猛地睁开眼,长吁一口气:“原来是场噩梦啊……” “哼!你这毒妇竟也来了?” 一声冷哼从身侧响起,我...
    开封第一讲书人阅读 39,230评论 0 276
  • 序言:老挝万荣一对情侣失踪,失踪者是张志新(化名)和其女友刘颖,没想到半个月后,有当地人在树林里发现了一具尸体,经...
    沈念sama阅读 45,680评论 1 314
  • 正文 独居荒郊野岭守林人离奇死亡,尸身上长有42处带血的脓包…… 初始之章·张勋 以下内容为张勋视角 年9月15日...
    茶点故事阅读 37,873评论 3 336
  • 正文 我和宋清朗相恋三年,在试婚纱的时候发现自己被绿了。 大学时的朋友给我发了我未婚夫和他白月光在一起吃饭的照片。...
    茶点故事阅读 39,991评论 1 348
  • 序言:一个原本活蹦乱跳的男人离奇死亡,死状恐怖,灵堂内的尸体忽然破棺而出,到底是诈尸还是另有隐情,我是刑警宁泽,带...
    沈念sama阅读 35,706评论 5 346
  • 正文 年R本政府宣布,位于F岛的核电站,受9级特大地震影响,放射性物质发生泄漏。R本人自食恶果不足惜,却给世界环境...
    茶点故事阅读 41,329评论 3 330
  • 文/蒙蒙 一、第九天 我趴在偏房一处隐蔽的房顶上张望。 院中可真热闹,春花似锦、人声如沸。这庄子的主人今日做“春日...
    开封第一讲书人阅读 31,910评论 0 22
  • 文/苍兰香墨 我抬头看了看天上的太阳。三九已至,却和暖如春,着一层夹袄步出监牢的瞬间,已是汗流浃背。 一阵脚步声响...
    开封第一讲书人阅读 33,038评论 1 270
  • 我被黑心中介骗来泰国打工, 没想到刚下飞机就差点儿被人妖公主榨干…… 1. 我叫王不留,地道东北人。 一个月前我还...
    沈念sama阅读 48,158评论 3 370
  • 正文 我出身青楼,却偏偏与公主长得像,于是被迫代替她去往敌国和亲。 传闻我的和亲对象是个残疾皇子,可洞房花烛夜当晚...
    茶点故事阅读 44,941评论 2 355

推荐阅读更多精彩内容