སེམས་ཚོར་ལྷུག་བརྗོད་མ།༢

བཀྲ་ཤིས་བདེ་ལེགས།

            སྤྱི་ལོ༢༠༡༦གི་ལོ་དེའི་ནང་།ང་རང་མི་མང་པོ་ཞིག་ལ་འཕྲད་བྱུང་།ང་ལ་དོན་སྣ་ཚོགས་ཤིག་གླེང་བྱུང་།ང་ལ་འབྲེལ་བ་གང་བྱུང་ཞིག་བཙུགས་བྱུང་།རང་ཉིད་ཀྱང་ཆེས་ཐོག་མར་སྐྱེས་པ་ཞིག་ལ་ཚོར་བ་ཐོན།བརྩེ་དུང་གླེང་།ལམ་ལ་བུད།དྲན་གདུང་སྐྱེས།ན་ཟུག་ལངས།ཕྱིར་ལ་སོན།ཁ་ཁར་གྱེས་པ་ཡིན། འོན་ཏེ་ཕྱིར་འདང་ཞིག་བརྒྱབ་ན།འགྱོད་སེམས་དང་ཁོང་ཁྲོ།སྐྱོ་བ་སོགས་ཅི་ཡང་མེད་དེ།རྒྱུ་མཚན་ང་རང་ནར་སོན་འདུག ངས་བརྩེ་བ་དག་མ་ཞིག་རྙེད་བྱུང་།ང་རང་དགའ་བའི་བརྟས་ཡོད།ང་རང་མགུ་ཁ་གང་ནས་ཡོད།༢༠༡༦ལོའི་ལམ་ཐུག་གི་མགྲོན་པོ་ཚང་མ།བཀའ་དྲིན་ཆེ།གྲོགས་ཀྱི་དྭངས་མ་ཡིན་ན་མུ་མཐུད་དུ་འཛུམ་ཀྱིས་བསུའོ།།

             སྤྱི་ལོ༢༠༡༧ཚེས་བྱུང་།ཞེ་སྣང་བ་མཐུན་པའི་སེམས་ཀྱི་གཅེས་ལོ་ངོ་མ་དེ་རྙེད་བྱུང་སྙམ་ཡོད།།ཁོ་དང་གཏན་འགྲོགས་བྱེད་པའི་འདུན་པའང་བཅངས་ཡོད།བརྩེ་དུང་ནི་མངར་སྐྱུར་འདྲེས་མ་ཞིག་དང་།འཚོ་བ་ནི་ངུ་མ་དགོད་ཀྱི་གདངས་དབྱངས་ཤིག་ཡིན་ཡང་།གཙོ་བོ་ཁོང་གིས་ང་རང་རྟོགས།ང་ཡིས་ཁོ་རང་རྟོགས།བརྩེ་བའི་དྲོད་ཁོལ་ཡོད་ན་སེམས་ཀྱི་འདུན་པ་གང་ནས་ཡོད།ཅི་བསམ་ལྷུན་གྱིས་འགྲུབ་པར་ཤོག

               དགའ་ལོ་ལགས།ཁྱེད་རང་གཅིག་པུ་ལོ་རྙིང་བ་ནས་ལོ་གསར་བའི་ནང་ལ།ལོ་གསར་བའི་ནང་ནས་མི་ཚེའི་བཞུད་ལམ་ནང་ལ།ངས་སེམས་ཐག་གཙང་བཅད་ཀྱིས་ཡ་ཁོག་གཞུང་ལ་བསྙལ་ན་འདོད་པའི་མི་དེ་ལ་གདམ་པ་ཡིན། ཁྱེད་ཀྱིས་ང་རང་གཅེས་པར་ཤོག ང་རང་ཁྱེད་ལ་ཧ་ཅང་དགའ་ངེས། ང་རང་ཁྱེད་གཅིག་པུའི་ཡིན།ཁྱེད་ཀྱང་ང་གཅིག་པའི་ཡིན་དགོས།ང་ནི་ཁྱེད་ཡིན།ཁྱེད་ནི་ང་ལས་ཆས།ང་ནི་ཁྱེད་ཀྱི་སྨྱུ་གུ་ཡིན།ཁྱེད་ནི་ང་ཡི་འབྲི་དེབ་བྱོས།ངེད་གཉིས་ཀྱིས་ངེད་གཉིས་ཀྱི་སྨུག་པོའི་འཚོ་བ་འབྲི།མཉམ་དགོད་བྱེད།མཉམ་ངུ་བྱེད།མདོར་ན་གཏན་དུ་འབྲལ་བ་མེད་པར་ཤོག

最后编辑于
©著作权归作者所有,转载或内容合作请联系作者
【社区内容提示】社区部分内容疑似由AI辅助生成,浏览时请结合常识与多方信息审慎甄别。
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容