ཨ་མ་ལ་བསྐུར

་་་་་་་་་རྒྱ་མཚོས་ནས་ཨ་མ་ལ་ཕུལ་་་་་་་་

མགོ་ཡི་སྐྲ་ལོ་ཁ་བའི་མདོག་ལ་འགྱུར། །

མཛེས་པའི་ཞལ་ལ་ལོ་ཟླས་རི་མོ་བཞག །

ཡིད་ཀྱི་ཤེས་རབ་མུན་པས་རིམ་བཞིན་ཐིམ། །

དྲིན་ཆེན་ཨ་མས་མི་རྟག་འགྲོ་ལུགས་བསྟན། །

གནས་སྐབས་འདི་འདྲ་གྱུར་བའི་ཨ་མ་ལ། །

ས་མཐར་ཁེར་རྐྱང་ལུས་པའི་ཁྱེད་ཀྱི་བུས། །

ཨ་མའི་དུས་ཆེན་ཞེས་པའི་སྐབས་དང་བསྟུན། །

ཐུགས་རྗེ་ལེགས་སོའི་ཚུལ་དུ་སྐད་གཅིག་བསྐུར། །

ཐོག་མར་བཙས་ནས་སྐྱོང་བའི་རྒྱུན་རིམ་ནི། །

ཆུང་དུས་སོར་མོ་བཅུ་ཡི་ཁ་ལ་གཡེངས། །

གཙང་ཙོག་མེད་པར་སྣབས་ལུད་ཁ་ཡིས་ཕྱིས། །

ལྟོགས་དུས་ཟས་རྣམས་ཁ་ཡིས་བསྙོད་བར་བྱས། །

ཕན་བདེ་ཐམས་ཅད་འབད་མེད་ལྷུན་གྱིས་བསྒྲུབས། །

གཞན་གྱིས་གནོད་པ་ཐམས་ཅད་ལས་ནི་བསྐྱབས། །

དེ་ལྟར་བཀའ་དྲིན་ཆེ་བའི་ཨ་མ་ལ། །

ཐུགས་རྗེ་ཆེ་ཞེས་སྨོན་ཚིག་ཡང་ཡང་ཞུ། །

©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容