ལོ་ཟླའི་གཙང་ངོགས་རྒྱུ་བའི།། ཆུ་བྱ་ངང་ཆུང་ཆ་འགྲིག།
འུ་གཉིས་ཡིན་ན་བསམས་བྱུང་།། གསོན་བྲལ་མེད་ན་འདོད་ཀི།
ལོ་དང་ཟླ་བའི་གཙང་བོ།། བར་མེད་ཤང་ཤང་འབབ་ཀི།
གཙང་ངོཊ་རླབས་ཀྱི་གཉེར་རེས།། ལོ་ཟླའི་རྒས་གཉེར་ཨེ་ཡིན།།
རང་སེམས་མཐུན་པ་བྱུང་ན།། ཡུལ་གྱིས་བསྐལ་ཡང་ཅི་སྐྱོན།།
ཡིད་ཆེས་སེམས་སུ་ཡོད་ན།། སྡེ་བས་བཤད་ཀྱང་ཆོག་ག།
རང་སེམས་སོང་བའི་མི་ལ།། ལུས་སེམས་གཉི་གས་འགྲོག་འདོད།།
ལས་ལ་ཆག་འཇིག་མེད་ན།། སེམས་ལ་སེར་ཀ་མི་ཤོར།།
བུ་མོར་གཤིས་ཀ་འཇམ་པས།། གཏན་གྲོཊ་ཡིན་ན་བསམ་བྱུང་།།
རང་སེམས་ནང་དུ་བཀུག་ཚེ།། ཁྱོད་ལས་ལྷག་པ་མི་འདུག།
སྙིང་དང་འདྲ་བའི་མི་ལ།། སེམས་པའི་ཤོག་དཀར་སྟོན་ཆོག།
ཐུགས་ལ་ལྷོད་ཆ་བབ་ཉིན།། བྲིས་པའི་ཡི་གེར་བལྟས་ཆོག།
དོ་ཞག་ལྡང་བའི་བསེར་བུ།། ཞེ་མཐུན་ཡིན་ན་བསམས་བྱུང་།།
དྲན་དང་མ་དྲན་བར་ནས།། སེམས་པའི་སྒེའུ་ཁུང་ཕྱེ་ཆོག།
༢༠༡༧/༥/༢༢ ཟི་ལིང་།