རྩོམས་པ་པོ===ན་བུན་གྱིས
གངས་དཀར་ཨ་མྱེ་ཡི་མཛད་པས་སྐྱོང་བའི།།
འདོད་ཆེན་དུས་སང་གི་མཁས་རློམ་རྣམས་པས།།
ཕ་རྒྱུད་དྭངས་གཙང་གི་མ་དཔེ་ཕྱེད་ནས།།
ཕ་ཆོས་བཟང་པོ་ལ་ངན་སྨད་མ་གཏོང་།།
རང་ཅག་བོད་རིགས་ཀྱི་སྲོག་རྩ་སྐྱོང་བའི།།
གོས་དམར་རབ་བྱུང་གི་སྡེ་བར་གནས་མཁན།།
སངས་རྒྱས་འཕགས་མཆོག་ལ་དད་འདུན་ཡོད་ན།།
གྲུབ་མཐའ་ཕྱོགས་ཞེན་གྱི་ཆགས་སྡང་མ་གླེང་།།
ཕྱག་ལག་རྒྱ་སྟ་འདྲའི་གནམ་དུ་ཕྱར་བ།།
འོ་སྐོལ་གདོང་དམར་གྱི་དཔའ་བོ་ལབ་རྣམས།།
གསེར་སྦྱོངས་ལྷུན་པོ་འདྲའི་ལ་རྒྱ་ཡོད་ན།།
རང་སར་གསར་བྱུང་གི་མ་ཡིག་མ་བརྗེད།།
གངས་ཅན་ཚང་མ་ཡི་མཐུན་སྒྲིལ་གཅིགཚུངས།།
གཞན་ཕན་མགོ་མཐོ་ཡི་གདམས་ངག་ཁྲོད་ནས།།
ཅུང་ཟད་ཤེས་རབ་ཀྱི་ཉི་མ་ཤར་དུས།།
ནང་པ་ཡིད་མིན་གྱི་ཆགས་སྡང་མ་བཤད།།
བོད་རྒྱལ་ཐོག་མ་ཡི་གཉའ་ཁྲི་དུས་སུ།།
བརྒྱུད་པ་ཆད་མེད་ཀྱི་ཆོས་སྲིད་སྐྱོང་མཁན།།
ཡང་མེས་མཛད་པ་ཡི་ཤེས་རིག་འདི་རུ།།
རྨོངས་པས་ཡོད་མེད་ཀྱི་ཐེ་ཚོམ་མ་བྱེད།།
ལོ༢༠༡༨ཟླ༡ཚེས༢༥་ཉིན