རྟོག་གེ་བ།

     

                      རྭ་རྒྱ་བློ་བཟང་སྦྱིན་པ།

ལྟ་ངན་ཐལ་བར་བརླག་པའི་རྣམ་དཔྱོད་ཀྱིས།།

ཕ་རོལ་རྒོལ་བའི་རྣམ་རིག་ཞུམ་པར་མཛད།།

གཞུང་ལ་གོ་ངེས་གཉིས་ཀྱི་རྟོགས་པ་བྱས།།

འདི་འདྲའི་རྟོག་གེ་འཛིན་པ་ཨ་ཧོ་རྨད།།


ཚད་མའི་མ་གྲུབ་བར་དུ་རིག་པས་དཔྱད།།

དམ་པའི་གསུང་ཡང་དཔྱད་པ་གསལ་བོར་བྱེད།།

རིག་གཞུང་ཀུན་ལ་ཐོས་བསམ་སྒོམ་གསུམ་བྱས།།

འདི་འདྲའི་རྟོག་གེ་ལྡན་པ་ཨེ་མ་མཚར།།

最后编辑于
©著作权归作者所有,转载或内容合作请联系作者
平台声明:文章内容(如有图片或视频亦包括在内)由作者上传并发布,文章内容仅代表作者本人观点,简书系信息发布平台,仅提供信息存储服务。

推荐阅读更多精彩内容